Skip to main content Skip to search
25 Jan 2016
5 min 58 sec
Rating
0
No votes yet
Video Overview
Creators: 
Penchela

རྩི་རང་རི་གསེར་བུ་ལས་ ལ་ཆུ་མཱན་ཐ་པ་གིས་གཏང་མི་སྲུང་འདི་ རྨི་ལམ་ནང་མཐོང་མི་འདི་ འབད་རང་འབད་དགོ་པའི་སྐོར་གྱི་སྲུང་ཅིག་ཨིན་མས། དེ་སྦེ་ སྲུང་གཏང་ནི་གི་ལུགས་སྲོལ་འདི་ ཧེ་མ་འབད་བ་ཅིན་ གནམ་མེད་ས་མེད་དར་ཁྱབ་ཆེ་ཏོག་ཏོ་སྦེ་སྡོད་ཡོདཔ་ད་ ད་རེས་ནངས་པར་ དུས་ཀྱི་འགྱུར་བ་དང་རྒྱལ་ཁབ་ཡར་རྒྱས་གོང་འཕེལ་ལས་བརྟེན་ ཧེ་མ་བཟུམ་སྦེ་ སྲུང་གཏང་ནི་ཚུ་ཡང་ཉམས་དང་ཉམས་བཞིན་དུ་ཡོདཔ་ཨིན། དེ་ཡང་ ན་གཞོན་ཚུ་ སློབ་གྲྭ་ནང་འགྱོ་ རྒན་ཤོས་ཚུནི་ ལཱ་གིས་དུས་ཚོད་མ་ཐོབ་ དུས་ཚོད་ཨ་ཙི་རེ་ཐོབ་རུང་ རྒྱང་མཐོང་ཚུ་ ས་གནས་ཐདམ་ཐད་ཁར་ལས་ཕར་ ལྷོད་ཚར་ནི་འདི་གིས་ འདི་ཚུ་ལུ་ཡེངས་ཏེ་ ཧེ་མ་བཟུམ་སྦེ་ སྲུང་གཏང་ནི་ལ་སོགས་པའི་ལམ་སྲོལ་ཚུ་ ཉམས་དང་ཉམས་བཞིན་དུ་ཡོདཔ་ཨིན།

Show More

  • ལ་ཆུ་མཱན་ཐཱ་པ Lachuman Thapa
    ཧེ་མ་ཧེ་མའི་དུས་ལུ་ ནོར་དང་ ར་ སྒོ་ནོར་སེམས་ཅན་ཆ་མཉམ་ ནགས་ཚལ་ནང་ར་སྡོདཔ་ཨིན་ལོ། ཤུལ་ལས་རྐྱངམ་ཅིག་ ང་བཅས་ཀྱིས་ འཁྱིད་འོང་སྟེ་ གཡུས་ཁར་གསོ་གསོཝ་ཨིན་ལོ། ཏེ་དེ་སྦེ་ འཁྱིད་འོང་ཞིནམ་ལས་ ང་བཅས་ཀྱིས་ གསོ་གསོཝ་མ་གཏོགས་ ཧེ་མ་ང་བཅས་ཀྱི་ ཁྱིམ་ནང་མེད་ཟེར་ཨིན་པས། ཏེ་ཉིནམ་ཅིག་ ག་ཅི་འབད་ཡི་ཟེར་བ་ཅིན་ བ་གཅིག་ཁྱིམ་ནང་ར་ཡོདཔ་མས། དེ་བསྒང་ གཉིད་ལམ་ག་དེ་སྦེ་ མཐོང་ནུག་ཟེར་བ་ཅིན་ གཉིས་ཆ་ར་གིས་ གཉིད་ལམ་ཅོག་འཐདཔ་སྦེ་ མཐོང་པ་པ་ཅིན་ འབད་ར་འབད་དགོ་ལོ། བསདཔ་པས་མཐོང་པ་ཅིན་གསད་ནི། བཟའཝ་སྦེ་མཐོང་པ་ཅིན་བཟའ་དགོ་ནི། འབགཔ་སྦེ་མཐོང་པ་ཅིག་འབག་ནི། གཉིས་ཆ་ར་གིས་མཐོང་པ་ཅིག་ ལཱ་དེ་ འབད་ར་འབད་དགོ་ཟེར་ཨིན་པས། དེ་ལས་བ་དེ་ རྩ་བཟའ་སྦེ་སྡོདཔ་ད་ གཉིད་ལམ་ནང་ སྟག་གིས་ བཟའ་སར་མཐོང་ནུག།
  • ལ་ཆུ་མཱན་ཐཱ་པ Lachuman Thapa
    དེ་ལས་ སྟག་གིས་ཡང་ བ་དེ་བཟའ་ས་མཐོང་ནུག། ཏེ་ཁོང་གཉིས་ཆ་ར་གིས་ དེ་སྦེ་མཐོང་མཐོངམ་ཨིན་པས། དེ་ལས་ བ་དེ་ བོ་ཅུང་ལུ་ ཨོམ་བྱིན་ རྔུའི་ར་ ལྕེ་རྡར་རྐྱབ་སྦེ་སྡོད་སྡོདཔ་མས། ཏེ་བ་སྡོད་སའི་ ཤིང་གུ་བྱ་འུགཔ་ཅིག་ སྡོད་མི་དེ་གིས་ རྣམ་ཅོ་ཉན་སྡོད་སྡོདཔ་མས།
  • ལ་ཆུ་མཱན་ཐཱ་པ Lachuman Thapa
    དབའེ་བ་ཁྱོད་ ད་རིས་ ག་ཅིག་སྦེ་ རྔུའུ་སྨོ་? ག་ཅིག་འབད་དཔསྨོ? ང་ལུ་ སླབ་ཟེརཝ་ད་ བ་གིས་ ཁྱོད་བཟུམ་གྱི་ བྱ་ཅུང་ཀུ་ལུ་ སླབ་སྦེ་ག་ཅི་སྦེ་ནི། ཁྱོད་ཀྱིས་ ག་ཅི་ཡང་འབད་མི་ཚུགས་ཟེརཝ་ད་ བྱ་དེ་གིས་ སླབ་སླབ་མས་ཏེ་ ང་གིས་ཉན་གབལྟ་གེ་ཟེརཝ་ད།
  • ལ་ཆུ་མན་ཐཱ་པ Lachuman Thapa
    ནཱ་ཉན་ཤིག་འུག་པ་ ད་རེས་ སྟག་གིས་ ང་བཟའ་ནི་ཨིན། ང་གིས་ སྟག་གིས་ བཟའ་ས་མཐོང་ཅིག། ཏེ་ངེ་གི་ བོའུ་ཅུང་འདི་ ག་གི་བལྟ་ནི། ད་ཁོ་ ཨའི་མེདཔ་འགྱོ་ནི་མས་ཟེར་ སེམས་སྐྱོ་སྟེ་རྔུའི་ཟེར་ བྱ་དེལུ་་དེ་སྦེ་སླབ་སླབ་་མས། དེ་འབད་ཨིན་པ་ཅིན་ ང་གིས་ཡང་ ནཱ་ཁྱོད་ལུ་ ཆ་རོགས་འབད་ཚུགས་འོང་ཟེར་ སླབ་ནུག
  • ལ་ཆུ་མཱན་ཐཱ་པ Lachuman Thapa
    དེ་ལས་ བྱ་དེ་གིས་ གནས་སྐབས་སྟོན་ཏེ་སྡོད་ནུག། དེ་ལས་ སྟག་དེ་བ་བཟའ་བར་འོང་འོང་མས། དབའ་བོ་སྟག་ཁྱོད་ ག་ཏེ་འགྱོཝ་སྨོ་ཟེར་ བྱ་གིས་འདྲིཝ་ད་ བ་བཟའ་བར་འོང་ཡི་ཟེར་ སླབ་ནུག ག་དེ་སྦེ་བཟའ་ནི། ག་ཅི་སྦེ་བཟའ་ནི་ཟེརཝ་ད། ང་བཅས་ གཉིད་ལམ་ནང་ བཟའ་ས་མཐོང་པ་ཅིན་བཟའ་དགོ། འདི་འབད་ནི་དེ་གིས་ འོང་ཡི་ཟེར་ སླབ་ནུག
  • ལ་ཆུ་མཱན་ཐཱ་པ Lachuman Thapa
    གཉིན་ལམ་ནང་མཐོང་བ་ཅིན་ བཏུབ་ག་ཟེར་ འདྲི་བ་ད་བཏུབ་ཟེར་ སླབ་ནུག། དེ་བདེན་ག་ཟེརཝ་ད་ བདེན་ཟེར་སླབ་ནུག། དེ་འབདན་ ཨ་ཅི་ཅིག་སྡོད་སྨ་རེ་ བ་འདི་མ་བཟའ་སྨ་རེ་ཟེར་ སླབ་སྦེ་ ཤིང་གུ་ལས་ བབས་པས་ བའི་ལྒལ་བཏོག་གུ་ཉལ་ད་ནུག
  • ལ་ཆུ་མཱན་ཐཱ་པ Lachuman Thapa
    དེ་ལས་ མི་འཚོ་བཟུམ་བཏབ་སྦེ་ ལོང་སྦེ་ ཕར་ཚུ་བལྟ་ཞིནམ་ལས་ ང་གི་འདི་ གཉིད་ལམ་མ་འདྲཝ་ཅིག་མཐོང་ཅི། ལྷ་མོ་དབྱངས་ཅན་མ་འདི་ ང་དང་གཉེན་རྐྱབ་ས་མཐོང་ཅིག། ད་ང་གིས་ མོ་ཐོབ་ག་ཟེརཝ་ད་ གཉིད་ལམ་ནང་མཐོངམ་ད་འདི་ཐོབ་ཟེར་ སྟག་དང་ བའི་སླབ་ནུག དེ་ལས་ བྱ་གིས་ བ་འདི་མ་བཟའ་སྨ་རེ་ཟེར་ འཐབ་སྡོདཔ་ད། ལྷ་དབང་ཕྱུག་ཡང་ ཕེབས་ཕེབས་ཨིན་པས།
  • ལ་ཆུ་མཱན་ཐཱ་པ Lachuman Thapa
    ཁྱོད་ཚུ་ ག་ཅི་སྦེ་འཐབ་སྨོ་ཟེརཝ་ད་ བྱ་གིས་ ལྷ་ཆེན་པོ་ ཁྱོད་ཀྱི་བཙུནམོ་འདི་ ང་དང་གཉེན་རྐྱབ་ས་མཐོང་ཅི་ཟེར་ སླབ་ད་ ལྷ་འདི་ ད་ཁོ་གིས་ འཁྱིད་ཡར་སོང་བ་ཅིན་ ང་ག་དང་ཅིག་ཁར་སྡོད་ནི་མནོ་སྟེ་ དེ་འབད་འདི་མེནམ་འོང་ཟེར་རུང་ དེ་འབད་ར་ཨིན་ཟེར་ སླབ་ནུག ད་ཁྱོད་ཀྱི་ བཙུནམོ་འདི་ གནང་དགོ་ཟེར་ ཞུ་ཞུཝ་ཨིན་པས།
  • ལ་ཆུ་མཱན་ཐཱ་པ Lachuman Thapa
    དེ་ལས་ ལྷ་གིས་ དེ་སྦེ་མེན་ གཉིད་ལམ་འདི་ བརྟག་པ་མེད་ཟེར་ གསུངས་གསུངསམ་མས། དེ་འབདན་ སྟག་གིས་ཡང་ བ་བཟའ་མི་ཆོག་ཟེར་ སླབ་སྦེ་ སྟག་དེ་ ལོག་བཏང་ད་ནུག དེ་ལས་ བ་དེ་ ལྷ་ཁང་གི་མཐའ་མར་སྡོད་དེ་ རིགས་བརྒྱུད་འཕེལ་ཏེ་སྡོད་ནུག། འདི་འབདཝ་ལས་ ད་རེས་ནངས་པ་ཡང་ ལྷ་ལུ་མར་ཕུལ་ཏེ་སྐྱབས་འཚོལ་སྲོལ་ཡོད།