Video Overview
གླུ་དབྱངས་འདི་ནི་དཔེ་དོན་ཟུང་འབྲེལ་གྱི་ལམ་ནས་གྱེར་བའི་ལ་གཞས་གླུ་དབྱངས་ཤིག་རེད།
- སྟོབས་ལྡན།རྫ་ཁྲ་ཡག་གཡའ་མ་ཆལ་ཆོལ་རེད།།
- བོའུ་ཁྲ་རིང་རྭ་ས་མི་བདེ་གི།
- ཡང་མི་བདེ་གི་ར་མི་སྐྱོན་གི།
- རྡོ་གཡའ་མ་ཡུན་གྱིས་མི་གནོད་གི།
- ཐང་ཆེན་པོ་སྒང་འབུར་གཤོང་གསུམ་རེད།།
- རྟ་འདོ་ལུའི་རྨིག་ས་མི་བདེ་གི།
- ཡང་མི་བདེ་གི་ར་མི་སྐྱོན་གི།
- ཐང་ཆེན་པོ་ཡུན་གྱིས་མི་གནོད་གི།
- སྡེ་ཆེན་པོ་ཁ་མང་མིག་མང་རེད།།
- རོགས་འུ་གཉིས་ཐུག་ས་མི་བདེ་གི།
- ཡང་མི་བདེ་གི་ར་མི་སྐྱོན་གི།
- སྡེ་ཆེན་པོ་ཡུན་གྱིས་མི་གནོད་གི།