Skip to main content Skip to search
21 Jun 2018
1 min 52 sec
Video Overview
Creators: 
Duptho, Sonam Chophel

84-year-old Kezang from Radhi Gewog, Trashigang, sings an old Boedra song entitled Sharlay Thridug Nima Masharna (If the Sun Does Not Rise from the East). This song describes the preciousness of the sky, sun, stars and religious masters. The song says, in the absence of sky, the sun wont shine; in the absence of the sun, the moon wont shine; in the absence of the moon, the stars wont twinkle; in the absence of the stars, the people will not gather, and in the absence of the people, there will be nobody to offer the song of longevity to a master. Considered an auspicious song, it is performed in auspicious celebrations, occasions and gatherings. The composer and origin of the song are unknown.

 

བཀྲིས་སྒང་རྫོང་ཁག  རདྷི་་རྒེད་འོག་ལས་འབད་མི་ སྐྱེས་ལོ་ ༨༤་ལངས་མི་ ཨ་རྒས་སྐལ་བཟང་གི་བོད་སྒྲ་རྙིང་ཤོས་ ཤར་ལས་ཁྲི་གདུགས་ཉི་མ་མ་ཤར་ན་ ཟེར་མི་འདི་འཐེནམ ཨིན་མས། ཞབས་ཁྲ་འདི་གིས་ གནམ་མཁའ་དང་ ཉིམ་དང་   སྐར་མ་དེ་ལས་ བླ་མ་ཚུ་གལ་ཅན་ཅིག་ཨིནམ་སྦེ་བསྟོནམ་ལས་ ཞབས་ཁྲ་འདི་ རྟེན་འབྲེལ་བཟང་པོའི ་གླུ་གཅིག་ཨིན་མས། དེ་ཡང་གལ་སྲིད་ གནམ་མེད་པ་ཅིན་ ཉིམ་ཤར་སར་མེདཔ་དང་ གལ་སྲིད་ ཉིནམ་མ་ཤར་པ་ཅིན་  ཟླ་ཝ་ཡང་མི་ཤར་ནི་ཨིན་ དེ་ལས་གལ་སྲིད་ ཟླ་ཝ་ཡང་མ་ཤར་པ་ཅིན་ སྐར་མ་ཡང་ཤར་སར་མེད་ སྐར་མ་ཆད་ལུས་པ་ཅིན་ མི་ཚུ་འཛོམས་མི་ཚུགས་ དེ་སྦེ་འཛོམས་མ་ཚུགསཔ་ད་ར་ གླུའི་མཆོད་པ་ཕུལ་མི་ག་ཡང་མི་འོང་ནི་ཨིན། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས  དགའ་སྟོན་དང་རྟེན་འབྲེལ་  ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • སྐལ་བཟང་ Kelzang
    ཤར་ལས་ཁྲི་གདུགས་ཉི་མ་མ་ཤར་ན་(ལ)། །སྐར་མ་ལེགས་པའི་ས་གོ་ལ་བཏབ་རྒྱུ་མེད། །སྐར་མ་ལེགས་པའི་ས་གོ་མ་བཏབ་ན་(ལ)། །མི་སེམས་དགའ་བའི་ལན་གསུམ་(ལ)འཛོམས་རྒྱུ་མེད། །མི་སེམས་དགའ་བའི་ལན་གསུམ་མ་འཛོམས་ན་(ལ)། །མཚན་ལྡན་བླ་མའི་ཞབས་བརྟན་(ལ)ཕུལ་རྒྱུ་མེད། །ལགས་སོ། འ་ནཱི་ཅིག་རང་ཨིན་ལགས་ ང་བཅས་དང་ཕུའི་གླུ་གཞས།། །།