Skip to main content Skip to search
28 Jun 2018
2 min 33 sec
Video Overview
Creators: 
Yeshi Wangchuk, Yeshi Wangchuk

Tawmo learned this song from her mother. Youth do not show interest in learning this song due to changes in the country. This song talks about nature, mainly mountains and snow. If there were no snow on top of the mountain, then there would not be water; when there is no water, there will not be grain; when there is no grain, there will not be any ingredients to prepare liquor. When there is no liquor, there will be nothing to offer guests at gatherings.

ལྟའོ་མོ་གིས་ གླུ་གཞས་འདི་ མོ་རའི་ཨའི་ལས་ ལྷབ་དོ་ཡོདཔ་ཨིན་མས། ད་རེས་ནང་པ་ ན་གཞོན་ཚུ་གིས་ གླུ་གཞས་ཚུ་ལུ་ སྤྲོ་བ་མེད་སྐྱེད་དོ་དོ་ཡོདཔ་ཨིན་མས། གླུ་གཞས་འདི་ གཙོ་བོ་ར་ གང་རིས་དང་ ཁཝ་སྐོར་ལས་ བཤད་ཡོདཔ་ཨིན་མས། གང་རིས་གུ་ ཁཝ་མེད་བ་ཅིན་ ཆུ་འདི་འོང་མི་སྲིད་ཟེར་ཨིན་མས། དེ་ལས་ ལྷོ་པའི་འབྲུ་སྣ་དགུ་པོ་ལ་ཨོ་ན་འཚོ་ས་མེད་ཟེར་ཨིནམ་དང་ །ལྷོ་པའི་ལ་འབྲུ་སྣ་དགུ་པོ་ མ་འཚོ་ན་ལ། ཆང་མི་ཨ་མ་ཆང་ཡང་ལ་ ཨོ་ན་ལ་བཙོ་ས་མེད། ཆང་མི་ཨ་མ་ཆང་འདི་མ་བཙོ་ན་ལ། །ཕ་མ་སྤུན་ཆ་འཛོམས་པའི་སྐབས་ལུ་ བྱིན་ནི་ག་ཅི་ཡང་ མེད་ཟེར་ཨིན་མས།

Transcript search
No results found for this search
0 of 0
  • ལྟའུ་མོ
    ཡར་གྱང་གངས་རི་དཀར་པོ་མ་ཆགས་ན་ལ། །བདག་གི་དཀྱིལ་ཆུ་སྔོན་མོ་ལ་ཨོ་ན་ལ་འཁྱིལ་ས་མེད། ། If the snow capped mountain wasn't formed. Then my cool water would not have formed.
  • ལྟའུ་མོ
    བདག་གི་ལ་དཀྱིལ་ཆུ་སྔོན་མོ་མ་འཁྱིལ་ན་ལ། །ལྷོ་པའི་འབྲུ་སྣ་དགུ་པོ་ལ་ཨོ་ན་འཚོ་ས་མེད། ། If my cool water wasn't formed. The southern 9 kinds of grain wouldn't grow.
  • ལྟའུ་མོ
    ལྷོ་པའི་ལ་འབྲུ་སྣ་དགུ་པོ་མ་འཚོ་ན་ལ། །ཆང་མི་ཨ་མ་ཆང་ཡང་ལ་ཨོ་ན་ལ་བཙོ་ས་མེད། ། If the 9 kinds of grain wouldn't grow, I would not have the ingredient to prepare liquor.
  • ལྟའུ་མོ
    ཆང་མི་ཨ་མ་ཆང་འདི་མ་བཙོ་ན་ལ། །ཕ་མ་སྤུན་ཆ་འཛོམས་པ་ལ་ཨོ་ན་དྲང་རྒྱུ་མེད། །ཨ་ནཱི་ཅིག་ར་ཨིན་ལགས། If there is no liquor, When there is a gathering of parents and siblings, I won't be having anything to offer. That's it!