Skip to main content Skip to search
18 Jun 2018
4 min 19 sec
Video Overview
Creators: 
Sonam Tobgye

Tshering Dema from Khoma village sings "Sudang Suye." This song talks about the impermanence of our lives, and the fact that we cannot take material possessions with us when we die. The dying person is said to no longer possess wealth, parents or homeland. All these valuable things are like the morning dew, river waves, or clouds in the sky, which vanish shortly after they emerge. Therefore, we should not be obsessed with our own material wellbeing. This song has been orally passed down from generation to generation. It is usually sung in celebrations, ritual performances and at the workplace. Unfortunately, these days, only older people in the community have interest in this song.  

༉  ལྷུན་རྩེ་རྫོང་ཁག་ཁོ་མ་གཡུས་ཚན་ལས་ཨིན་མི་ཚེ་རིང་སྒྲོལ་མ་གིས་སུ་དང་སུ་ཡི་ཟེར་བའི་གླུ་གཞས་འདི་འཐེན་ཏེ་འདུག གླུ་གཞས་འདི་གིས་ མི་ཚེ་འདི་སྙིང་པོ་མེདཔ་དང་ཚེ་རྫོགས་པའི་བསྒང་ལས་ རྒྱུ་ནོར་ལོངས་སྤྱོད་ག་དེམ་ཅིག་ཡོད་རུང་འབག་འགྱོ་ནི་མེད་པའི་བརྗོད་དོན་ཚུ་སྟོནམ་ཨིན་པས། དཔྱེ་འབད་བ་ཅིན་ ཤི་བའི་མི་འདི་གི་རྒྱུ་ནོར་ལོངས་སྤྱོད་དང་ཕམ་སྤུན་ཆ་ དེ་ལས་ཕ་ཡུལ་ཚུ་དང་མཉམ་དུས་གཏན་ཀྱང་སྡོད་ནི་དང་འབག་འགྱོ་ནི་མེདཔ་ཨིན། དེ་མ་ཚད་རིན་ཐང་ཅན་གྱི་རྒྱུ་དངོས་དང་ དབང་ཚད་ཚུ་ཡང་སྙིང་པོ་མེད་པར་ དཔེ་འབད་བ་ཅིན་གནམ་དྲོ་པའི་ཟིལཔ་དང་ཆུའི་གཡབ་ དེ་ལས་ཡུད་ཙམ་ཅིག་ནང་ཡལ་འགྱོ་ བའི་ནམ་མཁའི་སྤྲིན་བཞིན་ཨིན་མས། དེ་འབདཝ་ལས་ང་བཅས་རང་ག་ར་འབད་རུང་ རྒྱུ་ནོར་ལོངས་སྤྱོད་དགོ་པའི་འདོད་པ་ལུ་ཤུགས་མ་ཐལ་བར་སྡོད་ཤེས་དགོཔ་ཨིན་མས། གླུ་གཞས་འདི་མི་རབས་ལས་མི་རབས་བརྒྱུད་དེ་ཁ་རྒྱུན་ལྟར་འཐེན་སྲོལ་ཡོད་མི་ཅིག་ཨིནམ་དང་ དེ་ཡང་དུས་སྟོན་དང་ལོ་མཆོད་ དེ་ལས་ལཱ་འབད་ས་ལས་ཕར་འཐེན་སྲོལ་འདུག ཨིན་རུང་གླུ་གཞས་འདི་ གཡུས་ཚན་ནང་ཕམ་རྒན་ཤོས་ཚུ་གིས་རྐྱངམ་ཅིག་སྤྲོ་བ་བསྐྱེད་དེ་འཐེན་སྲོལ་འདུག།

Transcript search
No results found for this search
0 of 0
  • Tshering Dema: སུ་དང་སུ་ཡི་ཕ་ཡུལ་བཟང་ན་ཡང་། །[དར་ཙམ་ཡུད་ཙམ་སྒྲིག་ཚད་?]གྲོང་ཁྱེར་ཚོགས། །
    ཚེ་རིང་སྒྲོལ་མ
  • Tshering Dema: བུ་མོ་འཆི་བ་ནངས་པ་ཕ་ཡུལ་མེད། །བརྟེན་པའི་ཕ་ཡུལ་ས་ཕྱོགས་གང་དུ་ཟེར། །བརྟེན་པའི་ཕ་ཡུལ་ས་ཕྱོགས་གང་དུ་ཟེར། །
    ཚེ་རིང་སྒྲོལ་མ
  • Tshering Dema: རིན་ཆེན་ཤེལ་གྱི་ཁང་པ་བཟང་ན་ཡང་། །བརྟེན་པའི་མི་ནི་རྩྭ་ཁའི་ཟིལ་པ་འདྲ། །བརྟེན་པའི་མི་ནས་རྩྭ་ཁའི་ཟིལ་པ་འདྲ། །
    ཚེ་རིང་སྒྲོལ་མ
  • Tshering Dema: བུ་མོ་འཆི་བ་ནངས་པ་ཕ་མ་མེད། །བརྟེན་པའི་ཕ་མ་ས་ཕྱོགས་གང་དུ་ཟེར། །བརྟེན་པའི་ཕ་མ་ས་ཕྱོགས་གང་དུ་ཟེར། །
    ཚེ་རིང་སྒྲོལ་མ
  • Tshering Dema: རིན་ཆེན་ཞལ་གྱི་ཁང་པ་བཟང་ན་ཡང་། །བརྟེན་པའི་མི་ནི་ཆུ་ཡི་ལྦ་ཀ་འདྲ། །བརྟེན་པའི་མི་ནི་ཆུ་ཡི་ལྦ་ཀ་འདྲ། །
    ཚེ་རིང་སྒྲོལ་མ
  • Tshering Dema: བུ་མོ་འཆི་བ་ནངས་པ་ཕ་ནོར་མེད། །བརྟེན་པའི་ཕ་ནོར་ས་ཕྱོགས་གང་དུ་ཟེར། །བརྟེན་པའི་ཕ་ནོར་ས་ཕྱོགས་གང་དུ་ཟེར། །
    ཚེ་རིང་སྒྲོལ་མ
  • Tshering Dema: ཟ་ཧོར་རྒྱལ་པོ་ཕ་ནོར་བཟང་ན་ཡང་། །བརྟེན་པའི་མི་ནི་ནམ་མཁའི་སྤྲིན་དང་འདྲ། །བརྟེན་པའི་མི་ནི་ནམ་མཁའི་སྤྲིན་དང་འདྲ། །
    ཚེ་རིང་སྒྲོལ་མ
  • Tshering Dema: བུ་མོ་འཆི་བ་ནངས་པ་ཕ་ནོར་མེད། །བརྟེན་པའི་ཕ་ནོར་ས་ཕྱོགས་གང་དུ་ཟེར། །བརྟེན་པའི་ཕ་ནོར་ས་ཕྱོགས་གང་དུ་ཟེར། །
    ཚེ་རིང་སྒྲོལ་མ
  • Tshering Dema: ལགས་སོ།། །།
    ཚེ་རིང་སྒྲོལ་མ