06 Jan 2016
4 min 41 sec
Video Overview
Creators:
Tibetan & Himalayan Library
This is a video of Tsering Jyi from Yonru Village in Chentsa singing a song called "If the First Bit of Milk Tea Is not Offered, the Family Deity Will be Unhappy." This song is part of a collection of folk songs from the Rebgong cultural area.
འདི་ནི་ཉན་མཁན་ཚང་མ་སེམས་པ་སྤྲོ་བར་སྐུལ་བའི་གླུ་ཞིག་ཡིན། གླུ་བས་གླུ་ཞིག་བླངས་ན་ཉན་མཁན་ཚང་མས་སྙན་དབང་གསོས་ཏེ་སེམས་པ་སྐྱིད་སྐྱིད་ཡོང་བར་རེ་བའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་ནི་རྟ་དཀར་པོར་ཚེ་ཐར་གྱི་སྲུང་བཏགས་ཏེ་གཞི་བདག་མཆོད་དགོས་པ་དང་ཇའི་ཁོལ་མགོ་མཆོད་དེ་ཁྱིམ་གྱི་སྲུང་མ་མཆོད་དགོས་པ། གླུ་བས་གླུ་བླངས་ཏེ་ཁྲོམ་པའི་མང་ཚོགས་དགའ་བར་བྱེད་དགོས་པ་བརྗོད་ཡོད།
- ཡེ་་་་་ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ་
- རྟ་དཀར་པོར་སྲུང་ཞིག་མ་བཏགས་ན།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- རྫ་དཀར་པོའོི་གཞི་བདག་མི་དགའ་ཀི༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- རྟ་དཀར་པོར་སྲུང་ཞིག་བཏགས་དང་ན།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- རྫ་དཀར་པོའི་གཞི་བདག་དགའ་ནི་བྱོས།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- ཇ་འོ་མའི་འཁོལ་མགོ་མ་མཆོད་ན།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- ཁྱིམ་གི་སྲུང་མ་མི་དགའ་ཀི།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- ཇ་འོ་མའི་འཁོལ་མགོ་མཆོད་དང་ན།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- ཁྱིམ་གི་སྲུང་མ་དགའ་ནི་བྱོས།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- ང་གླུ་བས་གླུ་ཅིག་མ་བླངས་ན།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- འདིར་ཚོགས་ཁྲོམ་པ་མི་དགའ་ཀི།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- གླུ་བས་གླུ་ཅིག་བླངས་དང་ན།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- འདིར་ཚོགས་ཁྲོམ་པ་དགའ་ནི་བྱོས།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽
- གླུ་ཤེས་ནི་མིན་ར་དགའ་ནི་བྱོས།།༼ལ་ལ་མའི་ཨ་ལུང་ཡང་ཅིག་ཡེ་ལེན་ཡ༽