29 Dec 2015
3 min 8 sec
Video Overview
Creators:
Tibetan & Himalayan Library, Dudul Dorjee
This is a video of Tsethar Bum from Yonru Village in Chentsa singing "I Will Sing the First Song." This song is part of a collection of folk songs from the Rebgong cultural area.
འདི་ནི་ཨ་མདོ་རེབ་གོང་ས་ཁུལ་གྱི་དམངས་གླུ་ཞིག་སྟེ། རྩེད་མགོ་རྩོམ་པའི་གླུ་ཞིག་ཡིན།
འདི་ནི་རྩེད་མགོ་རྩོམ་པའི་གླུ་ཞིག་སྟེ། དུས་རྒྱུན་ལོ་སར་དང་སྟོན་མོ་སོགས་ཀྱི་སྐབས་སུ་ཆེས་ཐོག་མར་ལེན་པ་དང་། རྟེན་འབྲེལ་གྱི་དབང་གིས་ཆེས་ཐོག་མར་བཀྲ་ཤིས་ཁ་གཡང་འབོད་དགོས་པ་དང་། ནང་དོན་གྱི་ཆ་ནས་དཔེ་དང་དཔེ་ཅན་གྱི་སྒོ་ནས་གླུ་འགོ་ནས་ལེན་དགོས་པའི་རྒྱུ་མཚན་བརྗོད་ཡོད།
- ཡེ་་་་་ཡ་རེ་་་་ཡ་རེ་ལེན། ན་ཟླ་ལོ་ལོ། །
- གླུ་འགོ་ནས་ལེན་ན་མགོ་ནས་ལེན༼ན་ཟླ་ལོ་ལོ༽། །
- མཆོད་རྟེན་གྱི་ཉི་ཟླ་མགོ་ན་ཡོད༼ན་ཟླ་ལོ་ལོ༽། །
- གན་ཡང་ཡང་གསལ་བའི་སྨོན་ལམ་འདེབས༼ན་ཟླ་ལོ་ལོ༽། །
- གླུ་སྐེད་ནས་ལེན་ན་སྐེད་ནས་ལེན༼ན་ཟླ་ལོ་ལོ༽། །
- ཡེ་་་་་ཡ་རེ་་་་ཡ་རེ་ལེན། ན་ཟླ་ལོ་ལོ། །
- གླུ་གཏིང་ནས་ལེན་ན་གཏིང་ནས་ལེན༼ན་ཟླ་ལོ་ལོ༽། །
- མཆོད་རྟེན་གྱི་སྲོག་ཤིང་གཏིང་ན་ཡོད༼ན་ཟླ་ལོ་ལོ༽། །
- གན་ཡང་ཡང་བརྟན་པའི་གླུ་ཞིག་ལེན༼ན་ཟླ་ལོ་ལོ༽། །