06 Jan 2016
5 min 25 sec
Video Overview
Creators:
Tibetan & Himalayan Library
This is a video of Kelsang Kyi from Nyinshuk Township in Chentsa singing a song called "I Thought My Parents Would Never Grow Old." This song is part of a collection of folk songs from the Rebgong cultural area.
འདི་ནི་འཇིག་རྟེན་འདིའི་བྱ་དངོས་ཐམས་ཅད་མི་རྟག་པ་ཡིན་པར་བསྟན་ཏེ་དྲིན་ཕ་མར་བརྩི་བཀུར་དང་གཉོར་སྐྱོང་། མྱུར་ཏུ་དྲིན་ལན་འཇལ་རྒྱུ་གལ་ཆེན་ཡིན་པ་བརྗོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་མཐོན་པོ་རི་དང་གཙང་མོ་ཆུ་སོགས་ལ་དུས་ཀྱི་འགྱུར་བ་དང་བསྟུན་ནས་འགྱུར་ལྡོག་ཆེ་བ་བཞིན་དྲིན་ཕ་མའི་སྐྲ་ལོ་དཀར་པོར་གྱུར་དུས་རྒས་ཡོད་པ་རྟོགས་དགོས་པ་བརྗོད་ཡོད།
- ༼ཨོ་ཡེ་་་ལོ་དབྱངས་ཀི་ལོ་ལོ་་་་་ངས་ཡ་རེ་ཡེ་ལེན༽
- ཡུལ་ཕ་མ་རྒས་རྒྱུ༼ལོ་དབྱངས་ཀི་ལོ་ལོ༽མེད་ཀི་བསམ།།
- འདང་རྒྱབ་ན་རྒས་རྒྱུ༼ལོ་དབྱངས་ཀི་ལོ་ལོ༽ཡོད་ནི་རེད།
- སྐྲ་དཀར་པོར་གྱུར་ན༼ལོ་དབྱངས་ཀི་ལོ་ལོ༽རྒས་ནི་རེད།།
- ༼ཨོ་ཡེ་་་ལོ་དབྱངས་ཀི་ལོ་ལོ་་་་་ངས་ཡ་རེ་ཡེ་ལེན༽
- རི་མཐོན་པོ་རྒས་རྒྱུ༼ལོ་དབྱངས་ཀི་ལོ་ལོ༽མེད་ཀི་འདོད།།
- རི་མཐོན་པོར་རྒས་རྒྱུ༼ལོ་དབྱངས་ཀི་ལོ་ལོ༽ཡོད་ནི་རེད།།
- རྩྭ་དཀར་པོར་གྱུར་ན༼ལོ་དབྱངས་ཀི་ལོ་ལོ༽རྒས་ནི་རེད།།
- ༼ཨོ་ཡེ་་་ལོ་དབྱངས་ཀི་ལོ་ལོ་་་་་ངས་ཡ་རེ་ཡེ་ལེན༽
- ཆུ་གཙང་བོར་རྒས་རྒྱུ༼ལོ་དབྱངས་ཀི་ལོ་ལོ༽མེད་ཀི་འདོད།།
- ཆུ་གཙང་བོར་རྒས་རྒྱུ༼ལོ་དབྱངས་ཀི་ལོ་ལོ༽ཡོད་ནི་རེད།།
- ཆུ་འགྲམ་དར་ཆགས་ན༼ལོ་དབྱངས་ཀི་ལོ་ལོ༽རྒས་ནི་རེད།།
- གླུ་ཤེས་ནི་མིན་ར༼ལོ་དབྱངས་ཀི་ལོ་ལོ༽དགའ་ནི་ཡིན།།