Skip to main content Skip to search
25 Jun 2018
7 min 42 sec
Video Overview
Creators: 
Duptho, Sonam Chophel

Rang Chung from Shungthung village sings “Dombur Gangi,” a boedra song. Rang Chunglearned this song from a Tibetan woman while he was on a business trip in Tawang. The song refers to a journey the Dalai Lama undertook with a party of Tibetans, traveling from Dombula to Tsethang in the Tibetan region of Kham. In Tsethang, a Tibetan woman sang this song to honor the Dalai Lama. The lyrics to this song express praise for lamas as auspicious omens. This song is usually sung to greet important religious personalities when they visit the village. The song is sung either individually or in groups, in which case there can be an accompanying dance.

༉  བཀྲ་ཤིས་སྒང་རྫོང་ཁག་ ཕོངས་མེད་རྒེད་འོག་ གཡུས་ཤུང་ཐུང་ལས་རང་ཆུང་གིས་ གླུ་གཞས་དོམ་བུ་གངས་ཀྱི་ཟེར་མི་འདི་འཐེན་ནུག རང་ཆུང་གིས་བཤད་མི་ནང་ རྒྱལ་བ་རིན་པོ་ཆེ་ བོད་ཀྱི་ས་ཆ་དོམ་བུ་གངས་ལས་ཡར་རྩེ་ཐང་ལུ་འགྱོཝ་ད་ལུ་ བོདཔ་ཨམ་ཅིག་གིས་འཐེན་འཐེནམ་ཨིན་ ཟེར་བཤདཔ་མ་ཚད་ ཁོ་ར་འབད་བ་ཅིན་ ཚོང་བཏོན་པར་འགྱོ་བའི་སྐབས་ མོ་ར་ལས་ལྷབ་ལྷབ་ཨིན་རུང་ བརྩམ་པ་པོ་ངོ་མ་འདི་ག་ཨིན་ན་གཏན་གཏན་ཅིག་མེདཔ་ཨིན་མས། གླུ་གཞས་འདི་ འབྲུག་རྒྱལ་ཁབ་ནང་འབད་བ་ཅིན་ ད་ལྟོ་ཚུན་ཚོད་ སྒྲ་པར་བཟུང་བཟུངམ་དང་ ཡིག་ཐོག་གུ་ལུ་ཡང་མེདཔ་ཨིནམ་ད་ གཡུས་དེ་ནང་འབད་བ་ཅིན་ བླམ་མཁན་པོ་ཚུ་དང་ གལ་ཅན་གྱི་མི་ཚུ་འབྱོནམ་ད་ འཐེན་དོ་ཡོདཔ་མས། གླུ་གཞས་འཐེན་ཐངས་འདི་ མི་ངོ་རྐྱང་དང་ཡང་ན་ སྡེ་ཚན་ནང་སྦེ་བྲོ་འཁྲབ་སྟེ་ཡང་རྐྱབ་ནི་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • རང་ཆུང་
    Rangchung: ཡ་ལ་སོ་ལགས། ད་ལྟོ་ ཨ་ནི་བོད་སྒྲ་འདི་ འཐེན་དགོ་པའི་དོན་དག་ག་ཅི་སྨོ་ཟེར་བ་ཅིན་ ནཱ་རྒྱལ་བ་རིན་པོ་ཆེ་ རྩེད་ཐང་ལས་ཡར་ སྡོམ་བུ་བསྒང་ལས་ཡར་རྩེ་ཐང་ལུ་བྱོནམ་ད་ བོདཔ་ཨམ་ཅིག་གིས་ འཐེན་འཐེནམ་གི་ བདེན་བདེན་ཨིན་ལགས།
  • རང་ཆུང་
    Rangchung: སྡོམ་བུ་བསྒང་གི་རྩེ་ཐང་ལ། །སོ་ཡ་ལ་ ལ་ཞེས་པའི་ཁྲི་གདུགས་ཉི་མ་ཅིག་ཤར། །ལ་ཞེས་པའི་ཁྲི་གདུགས་ཉི་མ་ཅིག་ཤར། །
  • རང་ཆུང་
    Rangchung: ཁྲི་གདུགས་ཉི་མ་མེན་པས་ལ། །སོ་ཡ་ལ་ ལ་ཞེས་པའི་བླ་མའི་འོད་ཟེར་ཅིག་ཡིན། །ལ་ཞེས་པའི་བླ་མའི་འོད་ཟེར་ཅིག་ཡིན། །
  • རང་ཆུང་
    Rangchung: སྡོམ་བུ་བསྒང་གི་རྩེ་ཐང་ལ། །སོ་ཡ་ལ་ ལ་ཞེས་པའི་བཅོ་ལྔ་ཟླ་བ་ཅིག་ཤར། །ལ་ཞེས་པའི་བཅོ་ལྔ་ཟླ་བ་ཅིག་ཤར། །ལ་ཞེས་པའི་བཅོ་ལྔ་ཟླ་བ་ཅིག་ཤར། །
  • རང་ཆུང་
    Rangchung: བཅོ་ལྔ་ལ་ཟླ་བ་མ་རེད། །སོ་ཡ་ལ་ ལ་ཞེས་པའི་བླ་མའི་ཞལ་ལ་དཀར་ཅིག་ཡིན། །ལ་ཞེས་པའི་བླ་མའི་ཞལ་དཀར་ཅིག་མས་ཡི། །
  • རང་ཆུང་
    Rangchung: སྡོམ་བུ་བསྒང་གི་རྩེ་ཐང་ལ། །སོ་ཡ་ལ་ ལ་ཞེས་པའི་གསེར་གྱི་རྒྱ་གླིང་ཅིག་འཕུ། །ལ་ཞེས་པའི་གསེར་གྱི་རྒྱ་གླིང་ཅིག་འཕུ། །
  • རང་ཆུང་
    Rangchung: གསེར་གྱི་རྒྱ་གླིང་མ་རེད། །སོ་ཡ་ལ་ ལ་བཞུགས་པའི་བླ་མའི་གསུང་སྐད་ཅིག་ཨིན། །ལ་ཞེས་པའི་བླ་མའི་གསུང་སྐད་ཅིག་ཡིན། །
  • རང་ཆུང་
    Rangchung: ལགས་སོ་ལགས།། །།