Skip to main content Skip to search
21 Jun 2018
5 min 41 sec
Video Overview
Creators: 
Duptho, Sonam Chophel

84-year-old Kezang from Radhi Gewog, Trashigang sings an old boedra song entitled Japoed Ngagi Gutodi (I, a Rooster’s Head). The song is about a rooster who compares his body parts with the parts of a renowned master and other elements. The composer, through the rooster, acknowledges the sacredness and the auspiciousness of renowned masters, as well as the other important elements such as religious texts, the scarf and the golden mirror. The song is performed in auspicious celebrations, occasions and gatherings. The composer and origin of the song are unknown.

 

བཀྲིས་སྒང་རྫོང་ཁག  རདྷི་་རྒེད་འོག་ལས་འབད་མི་ སྐྱེས་ལོ་ ༨༤་ལངས་མི་ ཨ་རྒས་སྐལ་བཟང་གི་བོད་སྒྲ་རྙིང་ཤོས་ བྱ་པོད་ང་གི་མགུ་ཏོ་ ཟེར་མི་འདི་འཐེནམ ཨིན་མས། ཞབས་ཁྲ་འདི་ཡང་ བྱ་པོད་ཀྱི་གཟུགས་ཀྱི་ཡན་ལག་འདི་ བླམ་རྩ་ཅན་དང་ཆ་ཤས་སོསོ་ཚུ་དང་གཅིག་ཁར་ དཔེ་བཞག་ནུག། རྩམ་པ་པོ་གི་ བྱ་པོད་གི་ཐོག་ལས་ ཁོརའི་རྩ་བའི་བླ་མ་དང་སློབ་དཔོན་ དེ་ལས་གལ་ཆ་བའི་ ཆ་ཤས་སོ་སོ་དཔེར་ན་ ཆོས་དཔེ་ཆ་ ཁ་དར་དེ་ལས་གསེར་གྱི་མེ་ལོང་ཚུ་ལུ་ བཀའ་དྲིན་བསམ་གནང་ནུག། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས  དགའ་སྟོན་དང་རྟེན་འབྲེལ་  ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས།

 

Transcript search
No results found for this search
0 of 0
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ང་གི་མགུ་ཏོ་འདི། །ཀོ་ཀོ་ལི་ཀོ །ཀོ་ཀོ་ལི་ཀོ །བྱ་པོད་ང་གི་མགུ་ཏོ་འདི། །བླ་མ་ལྟ་བཟང་པོའི་ཞྭ་མོ་འདྲ། །ཀོ་ཀོ་ལི་ཀོ །ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ང་གི་མིག་ཏོ་འདི། །གསལ་བའི་ལྟ་མེ་ལོང་ཆ་གཅིག་འདྲ། །ཀོ་ཀོ་ལི་ཀོ ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ང་གི་ཁ་ཅུང་འདི། །བླ་མ་ལྟ་བཟང་པོའི་སྨྱུ་གུ་འདྲ། །ཀོ་ཀོ་ལི་ཀོ ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ཁ་་་་་་་་་་། །བླ་མ་ལྟ་བཟང་པོའི་ཤམ་ཐབས་འདྲ། །ཀོ་ཀོ་ལི་ཀོ །ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ང་གི་སྦན་ཐག་བེང་ཐག་འདི། །དར་སྣེ་ལྔ་བརྒྱ་དང་རྩ་བརྒྱད་ཡིན། ཀོ་ཀོ་ལི་ཀོ །ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ང་གི་གཤོག་སྒྲོ་འདི། །ཆོས་པོ་ཏི་བརྒྱ་དང་རྩ་བརྒྱད་ཡིན། ཀོ་ཀོ་ལི་ཀོ །ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ང་གི་མཇུག་རྩེ་འདི། །རྒྱ་གི་ལྟ་རྨ་བྱ་མདོངས་སྒྲོ་འདྲ། ཀོ་ཀོ་ལི་ཀོ །ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཀོ་ཀོ་ལི་ཀོ །བྱ་པོད་ང་གི་རྐང་པ་འདི། །གསེར་བུ་དང་བརྒྱ་དང་རྩ་བརྒྱད་ཡིན་མཐོང་། །ཀོ་ཀོ་ལི་ཀོ །
  • སྐལ་བཟང་ Kelzang
    ཁོ་གི་རྐངམ་གིས་ས་བརྐོ་སྟེ་ གསེར་ཕུད་རྡོག་བརྒྱ་དང་རྩ་བརྒྱད་མཐོང་ནུག་བ་ཏེ་ དེ་ལས་ལྟག་ཀོ་གི་བེང་ཐག་ ག་ཅི་སྨོ་ཟེར་བ་ཅིན་ སྤུའི་བཀྱག་ལང་ལང་ལེང་ལེང་འདུག་བ་ འ་ནཱི་འདི་དར་སྣེ་ལྔ་ཟེར་སླབ་འོང་ དོན་དག་དེ་སྦེ་ཨིན་ཟེར་ཞུ་ནི་ལགས།
  • སྐལ་བཟང་ Kelzang
    མིག་ཏོ་གཉིསཔོ་འདི་ གསལ་བའི་མེ་ལོང་ཟེར་ ཡར་ཁོ་གི་ཟེ་ཏོག་དེ་ བླ་མ་བཟང་པོའི་དབུ་ཞྭ་ཟེར་ དང་ཕུ་དེ་སྦེ་འཐེན་འཐེནམ་ཨིན་གླུ་གཞས་འདི།
  • སྐལ་བཟང་ Kelzang
    ཁོ་བྱའི་གཞས་ཟེར་མ་གཏོགས་ མིང་བཏགས་ནི་ཡོད། དེ་ལས་ཁོ་གི་རྐངམ་གཉིསཔོ་དེ་ ཏེ་གསེར་ཕུད་རྡོག་བརྒྱ་དང་རྩ་བརྒྱད་མཐོང་མཐོངམ་ཨིན་མས་ས་བརྐོ་སྟེ་ ལིའུ་ཡང་ཡོད་ ཡོད་ནི་འདི་ དེ་ལས་ཁོ་གི་གཤོག་སྒྲོ་གཉིསཔོ་དེ་ ཆོས་ཀྱི་པོ་ཏི་ཟེར་ མ་གཞི་ ཏེ་རྩེདམོ་རྩེ་སྟེ་འཐེན་འཐེནམ་རྐྱངམ་ཅིག་ཨིན་ཏེ་ དང་ཕུའི་གླུ་གཞས་ཟེར་ འདི་རྐྱངམ་ཅིག་རང་ཨིན་ལགས། འ་ནཱིམ་ཅིག་ཨིན་ལགས།། །།