Skip to main content Skip to search
05 Jan 2016
3 min
Video Overview
Creators: 
Tibetan & Himalayan Library, Dudul Dorjee

This is a video of Tsethar Bum from Yonru Village in Chentsa singing a song called "I Have Three Wishes." This song is part of a collection of folk songs from the Rebgong cultural area.

འདི་ནི་མདོ་སྨད་ཨ་མདོའི་ཕྱོགས་སུ་རྒྱུགས་ཆེ་བའི་དམངས་གླུ་ཞིག་སྟེ། རྟེན་འབྲེལ་དང་ཡིད་སྨོན་མཚོན་པའི་གླུ་ཞིག་ཡིན།

གླུ་འདིའི་ནང་དུ་ཐོག་མར་ཕ་ཨ་ཁུ་རྣམས་ཕྱུག་པའི་སྨོན་ལམ་བཏབ་ཡོད་པ་དང་། བར་དུ་སྟག་ཤར་རྣམས་ཕན་ཚུན་བར་མཐུན་སྒྲིལ་བཟང་བའི་སྨོན་ལམ་བཏབ་ཡོད། ཐ་མར་མ་སྲི་མོ་རྣམས་ལ་ལས་བྲེལ་མེད་པའི་སྨོན་ལམ་བཏབ་ཡོད། སྤྱི་ཚོགས་རྙིང་བའི་ནང་དུ། སྟག་ཤར་རྣམས་ཀྱིས་བརྩེ་དུང་བརྩད་དེ་ཕན་ཚུན་བར་འཐབ་པའི་སྲོལ་ཡོད་པ་དང་། ཁ་དཔེར་ཡང་། བོད་མི་འགྲིག་སྤྱད་པོ་སྣང་བ་དང་། རྒྱ་མི་འགྲིག་སྤྱད་པོ་ཐུར་མ་ཞེས་པ་བཞིན། གླུ་འདིར་སྟག་ཤར་རྣམས་ཕན་ཚུན་བར་འཁོན་འཛིང་མེད་པར་འགྲིག་མཐུན་ཡོང་བའི་སྨོན་ལམ་བཏབ་ཡོད།

Transcript search
No results found for this search
0 of 0
  • ༼ཡེ་་ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • སྟོད་ཀྱི་ཤུག་པ་ཤུག་མོ་ཆེ། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • ཕ་ཨ་ཁུ་ཕྱུག་པའི་རྟེན་འབྲེལ་རེད། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • འདི་ཡང་ཡང་ཕྱུག་པའི་སྨོན་ལམ་འདེབས། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • བར་གྱི་རྡོ་དཀར་འགྲིག་ཡག་པོ། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • སྟག་ཤ་ར་འགྲིག་གི་རྟེན་འབྲེལ་རེད། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • འདི་ཡང་ཡང་འགྲིག་གི་སྨོན་ལམ་འདེབས། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • སྨད་ཀྱི་རྨ་ཆུ་དལ་མོ་འདི། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • མ་སྲུ་མོ་དལ་བའི་རྟེན་འབྲེལ་རེད། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽
  • འདི་ཡང་ཡང་དལ་བའི་སྨོན་ལམ་འདེབས། ། ༼ཡེ་ཡ་ཡེས་གླུ་བ་ལོ་ལོ་གླུ་ཞིག་ལེན༽