06 Jan 2016
5 min 35 sec
Video Overview
Creators:
Tibetan & Himalayan Library
This is a video of Kesang from Garu Village in Chentsa singing a song called "I Have Three Happy Things in Mind." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། ཕ་ཨ་ཁུ་དང་སྤུན་ན་ཟླ་མ་སྲུ་མོ་བཅས་ལ་བསྟོད་པའི་གླུ་ཞིག་རེད།
གླུ་འདིའི་ནང་དོན་གཙོ་བོ་ནི་ཕ་ཨ་ཁུ་འཛོམས་ན་གཏམ་ཁ་ལྕེ་བདེ་བ་དང་སྤུན་ན་ཟླ་འཛོམས་ན་དགྲ་དཔུང་ལས་རྒྱལ་ཐུབ་པ། མ་སྲུ་མོ་འདུས་ན་ཟས་ཞིམ་པོ་གཡོ་སྐོལ་བྱེད་ཐུབ་པ་བརྗོད་ཡོད།
- ༼ཡེ་་་་་ཨོ་་་་་ངས་ཡ་རེ ཡང་ཡ་རེ་ལེན་དགོ། མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- རྩེ་གོང་མ་བར་མ་ཞོལ་མ་གསུམ། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- རྩེ་གོང་མའི་མགོ་ན་རྒོད་ཚང་ཡོད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- ཕ་ཨ་ཁུ་རྒོད་པོ་རང་འདུས་རེད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- གཏམ་མྱི་ལ་མི་རེ་སྐྱིད་ཅིག་ཡོད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- རྩེ་བར་མའི་མགོ་ན་ཁྲ་ཚང་ཡོད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- སྤུན་ན་ཟླ་ཁྲ་ཕྲུག་རང་འདུས་རེད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- དགྲ་མི་ལ་མི་རེ་སྐྱིད་ཅིག་རེད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- རྩེ་ཞོལ་མའི་མགོ་ན་གླག་ཚང་ཡོད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- མ་སྲུ་མོ་གླག་མོ་རང་འདུས་རེད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- ཟས་མི་ལ་མི་རེ་སྐྱིད་ཅིག་ཡོད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽
- གླུ་ཤེས་ནི་མིན་ཡང་རྟེན་འབྲེལ་རེད། །༼མདོ་བའི་བྱང་ཆུབ་ཚོ་བས་གླུ་ཞིག་ལེན༽