Skip to main content Skip to search
19 Jun 2018
4 min 33 sec
Video Overview
Creators: 
Sonam Tobgye

Sonam Dema from Lubi village sings the melodious "Riwo Zhi gi Shedpa," an old boedra song that is only known in Pangkhar Chiwog. The song describes four nearby mountains that are the respective residences of four important spiritual figures in Buddhism. In particular, the song refers to Lhasa Chakpo Hill, Samyé Hepo Hill, the Chinese Mountain Peak and the Iron Bridge River Hill as the respective seats of Queen Menbar Ja, Guru Rinpoché, the Bodhisattva Manjushri and the Siddha Thangtong Gyelpo (b. 1361/1365-1485 CE). This song is not well-known in other regions, and even in Pangkhar it is mostly sung by elderly villagers in celebrations and some specific annual rituals. 

༉  ལྷུན༌རྩེ༌རྫོང༌ཁག༌ལུ༌བི༌གཡུས༌ཁ༌ལས༌ཨིན༌མི༌བསོད༌ནམས༌སྒྲོལ༌མ༌གིས༌ག༌ནི༌བ༌ཧན༌པའི༌རི་བོ་བཞི་གི་བཤད་པ་ཟེར་བའི་ཞབས་ཁྲ་འདི་འཐེན་ཏེ་ཡོདཔ་ཨིན། འབོད་སྒྲ་འདི་སྤང་མཁར་སྤྱི་འོག་ནང་ལུ་ཧེ་མ་ལས་ཡོད་པའི་གླུ་གཞས་རྙིང་ཤོས་ཅིག་ཨིན་མས། གླུ་གཞས་འདི་གིས་ ནང་པའི་ཆོས་དང་འབྲེལ་བའི་རི་བོ་བཞི་གི་སྐོར་ལས་བཤད་པ་རྐྱབ་ཨིནམ་ད་ དམིགས་བསལ་གྱིས་གླུ་གཞས་འདི་གིས་ ལྷ་ས་ཆེན་པོའི་རི་དང་བསམ་ཡས་ཆེན་པོའི་རི་ དེ་ལས་རྒྱ་ནག་གི་རི་དང་ལྕགས་ཟམ་ཆུའི་རི་ཚུ་གོ་རིམ་བཞིན་དུ་ཨ་ཞེ་མེ་འབར་ཇ་དང་གུ་རུ་པདྨ་འབྱུང་གནས་ དེ་ལས་རྗེ་བཙུན་འཇམ་དཔལ་དབྱངས་དང་སིདྡྷི་ཐང་སྟོང་རྒྱལ་པོའི་བཞུགས་གནས་འབད་ འགྲེལ་བཤད་རྐྱབ་སྟེ་འདུག གླུ་གཞས་འདི་ལུང་ཕྱོགས་སོ་སོ་ནང་ལས་ཕར་དར་ཁྱབ་འགྱོ་སྟེ་མེད་རུང་ སྤང་མཁར་སྤྱི་འོག་ནང་ ཕམ་རྒན་ཤོས་ཚུ་གིས་ དུས་སྟོན་དང་ དམིགས་གསལ་ལོ་མཆོད་ཚུ་ནང་འཐེན་སྲོལ་ཡོདཔ་ད་ སྤང་མཁར་སྤྱི་འོག་ནང་མི་རབས་ལས་མི་རབས་བརྒྱུད་དེ་འཐེན་དོ་ཡོད་པའི་གླུ་གཞས་ཅིག་ཨིན་མས།

Transcript search
No results found for this search
0 of 0
  • Sonam Dema: ང་ལ་རི་བོ་བཞི་དང་པའི་བཤད་པ་ཡོད། །རི་བོ་དང་པ་ལྷ་ས་སྐྱག་པོ་རི། །རི་བོ་དང་པ་ལྷ་ས་སྐྱག་པོ་རི། །རི་བོ་དང་པ་ལྷ་ས་སྐྱག་པོ་རི། །ཨ་ཞེ་སྨན་པ་བརྒྱ་ཡི་གདན་ས་རེད། །ཨ་ཞེ་སྨན་པ་བརྒྱ་ཡི་གདན་ས་རེད། །
    བསོད་ནམས་སྒྲོལ་མ།
  • Sonam Dema: ད་ནི་རི་བོ་དང་པའི་བཤད་པ་རྫོགས། །ད་ནི་རི་བོ་གཉིས་པའི་བཤད་པ་ཡོད། །ད་ནི་རི་བོ་གཉིས་པའི་བཤད་པ་ཡོད། །རི་བོ་གཉིས་པ་བསམ་ཡས་ཧས་པོ་རི། །སློབ་དཔོན་པདྨ་འབྱུང་གནས་གདན་ས་རེད། །སློབ་དཔོན་པདྨ་འབྱུང་གནས་གདན་ས་རེད། །
    བསོད་ནམས་སྒྲོལ་མ།
  • Sonam Dema: ད་ནི་རི་བོ་གཉིས་པའི་བཤད་པ་རྫོགས། །ད་ནི་རི་བོ་གསུམ་པའི་བཤད་པ་ཡོད། །ད་ནི་རི་བོ་གསུམ་པའི་བཤད་པ་ཡོད། །རི་བོ་གསུམ་པ་རྒྱ་ནག་རི་བོ་རྩེ། །འཕགས་པ་འཇམ་དཔལ་དབྱངས་ཀྱི་གདན་ས་རེད། །འཕགས་པ་འཇམ་དཔལ་དབྱངས་ཀྱི་གདན་ས་རེད། །
    བསོད་ནམས་སྒྲོལ་མ།
  • Sonam Dema: ད་ནི་རི་བོ་གསུམ་པའི་བཤད་པ་རྫོགས། །ད་ནི་རི་བོ་བཞི་པའི་བཤད་པ་ཡོད། །ད་ནི་རི་བོ་བཞི་པའི་བཤད་པ་ཡོད། །རི་བོ་བཞི་པ་ལྕགས་ཟམ་ཆུ་མོ་རི། །གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་གདན་ས་རེད། །གྲུབ་ཐོབ་ཐང་སྟོང་རྒྱལ་པོའི་གདན་ས་རེད། །ད་ནི་རི་བོ་བཞི་པའི་བཤད་པ་རྫོགས། །ད་ནི་རི་བོ་བཞི་པའི་བཤད་པ་རྫོགས།། །།
    བསོད་ནམས་སྒྲོལ་མ།