05 Jan 2016
3 min 52 sec
Video Overview
Creators:
Tibetan & Himalayan Library
This is a video of Zungbum Thar from Badzong, Amdo singing a song called "I Hail from a Land of Gold." This song is part of collection of folk songs from the Rebgong cultural area.
འདི་ནི་དྲིན་ཕ་མ་གཉིས་ཀ་འཛོམས་པར་སྐྱིད་གླུ་ལེན་པ་ཞིག་རེད།
གླུ་འདིའི་ནང་དོན་གཙོ་བོ་ནི་རིན་ཆེན་རྒྱུ་རྫས་གསེར་དངུལ་འཛོམས་པ་དང་རིན་ཆེན་ཁ་ཟས་གྲོ་ནས་འཛོམས་ན་དགའ་བ་བསམ་གྱིས་མི་ཁྱབ་པ་ལྟར། དྲིན་ཕ་མ་གཉིས་ཀ་འཛོམས་ན་རང་ལ་ལུས་བདེ་སེམས་སྐྱིད་ཀྱི་ཚོར་སྣང་སྨྲ་མི་ཤེས་པ་རེ་འབྱུང་བའི་དགའ་སྣང་བརྗོད་པའི་གླུ་ཞིག་ཡིན།
- ༼ཡེ་་་ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ་ཡང་ལུང་ཡང་ལེན་དགོ༽
- ང་གསེར་གྱི་ཡུལ་ནས༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽ཡོང་ནི་ཡིན། །
- ང་དངུལ་གྱི་ཡུལ་ལ༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽འགྲོ་རྒྱུ་ཡིན། །
- ངས་གསེར་དངུལ་འཛོམས་པའི༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽གླུ་ཞིག་ལེན། །
- ང་གྲོ་ཡི་ཡུལ་ནས༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽ཡོང་ནི་ཡིན། །
- ང་གྲོ་ཡི་ཡུལ་ནས༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽ཡོང་ནི་ཡིན། །
- ང་ནས་ཀྱི་ཡུལ་ལ༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽འགྲོ་རྒྱུ་ཡིན། །
- ངས་གྲོ་ནས་འཛོམས་པའི༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽གླུ་ཞིག་ལེན། །
- ང་ཕ་ཡི་ཡུལ་ནས༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽ཡོང་ནི་ཡིན། །
- ང་མ་ཡི་ཡུལ་ལ༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽འགྲོ་རྒྱུ་ཡིན། །
- ངས་ཕ་མ་འཛོམས་པའི༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽གླུ་ཞིག་ལེན། །
- གླུ་ཤེས་ནི་མིན་ཡང༼ལ་དབྱངས་ལོ་ལོ་ཁོ ཨ་ཟིན་ཁོ་ལོ༽རྩེད་དགའ་ཡིན། །