06 Jan 2016
4 min 6 sec
Video Overview
Creators:
Tibetan & Himalayan Library
This is a video of Khyungdo from Garu Village in Tsekhok singing a song called "I Couldn’t Forget the Kindness of a Good Father." This song is part of a collection of folk songs from the Rebgong cultural area.
འདི་ནི་དྲིན་ཕ་ལོ་མེད་པའི་དྭ་ཕྲུག་གི་སྐྱོ་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་ཕ་ཡོད་པའི་བུ་ཡིས་བཤད་ན་དྲིན་ཕ་ལོ་ཡོད་ན་སེམས་པ་སྐྱིད་ཀི་ཟེར་མོད། རང་ལ་ཕ་མེད་པས་ཕའི་བརྩེ་བ་མྱངས་མེད་ལ་ཕ་ཡོད་པའི་སེམས་སྐྱིད་ཀྱི་ཚོར་བ་ཡང་མྱངས་མེད། ཆུང་དུས་ནས་ཕ་མེད་པར་གྱུར་རུང་ཕའི་བཀའ་དྲིན་ནམ་ཡང་ཡིད་ནས་བརྗེད་ཀྱིན་མེད་པར་བརྗོད་པའི་གླུ་ཞིག་ཡིན།
- ༼ཨོ་ཡེ་་་༽ི
- མཛོ་མོ་སྟུའུ་ལུས་ཟེར་གི་ར།།
- ས་དོག་མོའི་ཁ་ཞེང་ཆེ་ནས་ཟེར།།
- ཆེ་དང་ཆུང་བ་མ་རིག་ཟེར།།
- མིག་ཕྱེས་ནས་ལྟ་ཁོམ་མ་ཡོང་ཟེར།།
- དྲིན་ཨ་མའི་ནུ་ཞོ་མ་རྙེད་ཟེར།།
- གླུ་བར་མ་བཀྲ་ཤིས་གཡང་ནས་འགུག།
- ༼ཨོ་ཡེ་་་༽ི
- ཕ་ཡོད་པའི་བུ་ཡིས་བཤད་ཀི་ར།།
- ཕ་ཡོད་ན་སེམས་པ་སྐྱིད་ཀི་ཟེར།
- སྐྱིད་དང་མ་སྐྱིད་མ་ཤེས་ཐལ།
- ཕ་བཟང་བོའི་ལས་འདི་མ་ཡོད་ཐལ།།
- ང་ལོ་བཅོ་ལྔ་འབུད་ཀི་མ་བཅུག་ཐལ།།
- ངས་ཕ་བཟང་པོའི་བཀའ་དྲིན་བརྗེད་མེད་ཡིན།།
- གླུ་འདི་མོ་ཞིག་གི་ལྟ་བ་བྱེད།།