Video Overview
གླུ་གཞས་དུང་དཀར་ང་འཁྲུངས་ཟེར་མི་འདི་ བོད་སྒྲའི་དབྱེ་ཁག་ནང་ཚུདཔ་ཨིནམ་ད་ གླུ་གཞས་འདི་ མོང་སྒར་རྫོང་ཁག་ལས་ བཀྲིས་རྡོ་རྗེ་གིས་འཐེནམ་ཨིན་པས། ཆོས་འབྲེལ་གྱི་གླུ་གཞས་འདི་ མཚོ་ནང་ལས་འཁྲུངས་ཏེ་ མཆོད་གཤམ་ནང་བཞུགས་མི་ བུམ་པའི་སྐོར་ལས་ བཤད་པ་རྐྱབ་ཨིནམ་ད་ བུམ་པའི་གསུང་སྐད་འདི་གིས་ འགྲོ་བ་རིགས་དྲུག་ཆ་མཉམ་གྱི་ སེམས་ཅན་ཚུ་ལུ་ དངོས་གྲུབ་གནང་ཟེར་ཨིན་པས། གླུ་གཞས་འདི་ ཚེས་བཅུ་དང་ ལོ་མཆོད་ གཡུས་ཁའི་བསྐང་གསོལ་ཚུའི་སྐབས་ རྐྱབ་སྲོལ་ཡོདཔ་ད་ གླུ་གཞས་འདི་གིས་ བུམ་པ་འདི་ མཚོ་ནང་ལས་ ག་དེ་སྦེ་བཏོནམ་ཨིན་ན་དང་ ག་དེ་སྦེ་ལག་ལན་འཐབ་ཨིན་ན་དང་ ཕན་ཐོགས་ཚུའི་སྐོར་ལས་ སླབ་ཨིན་པས།
- Monggar
- བཀྲ་ཤིས་རྡོ་རྗེ།དུང་དཀར་ང་ཡི་འཁྲུངས་ས། །མཚོ་མའི་རྟིང་ལས་ཡིན་ནོ། །
- བཀྲ་ཤིས་རྡོ་རྗེ།དུང་དཀར་ང་ཤོ་མཁན་ཤོ །ཚོང་དཔོན་ནོར་བུ་བཟང་པོ། །
- བཀྲ་ཤིས་རྡོ་རྗེ།དུང་དཀར་ང་ཡི་གདན་ས། །ཆོས་ཁང་ནང་ལུ་ཡིན་ནོ། །
- བཀྲ་ཤིས་རྡོ་རྗེ།དུང་དཀར་ང་འཕུ་མཁན་ཤོ། །སྐུ་གཉེར་རིགས་ཀྱི་དཔོན་པོ། །
- བཀྲ་ཤིས་རྡོ་རྗེ།དུང་དཀར་ཁམ་གཅིག་འཕུ་ན། །རྟེང་ཕྱོགས་ལྷ་ཡི་ཁ་གནོན། །
- བཀྲ་ཤིས་རྡོ་རྗེ།དུང་དཀར་ཁམ་གཉིས་འཕུ་ན། །འོག་ཆུ་ཀླུ་གི་ཁ་གནོན་
- བཀྲ་ཤིས་རྡོ་རྗེ།དུང་དཀར་ཁམ་གསུམ་འཕུ་ན། །བར་ཕྱོགས་བཙན་གྱི་ཁ་གནོན། །
- བཀྲ་ཤིས་རྡོ་རྗེ།དུང་དཀར་ཁམ་བཞི་འཕུ་ན། །ལྷ་འདྲེ་མི་གསུམ་ལ་ཁ་གནོན། །
- བཀྲ་ཤིས་རྡོ་རྗེ།དུང་དཀར་ཁམ་ལྔ་འཕུ་ན། །སྐུ་གཉེར་བསོད་ནམས་ཅན་གྱི། །ཆོས་གླིང་བཀྲིས་ཆོས་གླིང་། །བཀྲིས་སྨོན་ལམ་ཞུ་གེ ། ལགས་སོ། །