Video Overview
Tenzin Chogyal from Maenchu in Pemagatshel sings a hymn composed by the late H.H. Dudjom Yigdrel Yeshey Dorji, a Tibetan spiritual master and scholar. The hymn is a prayer to Guru Rinpoche, though in general dedicated to the welfare of sentient beings and in particular to that of Tibet and Tibetans.
༉ གློག་བརྙན་འདི་ནང་ པདྨ་དགའ་ཚལ་རྫོང་ཁག་སྨན་ཆུ་ལས་ བསྟན་འཛིན་ཆོས་རྒྱལ་གྱིས་ ཞིང་གཤེགས་དམ་པ་སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་གིས་བརྩམམ་གནང་བའི་མགུར་གླུ་འདི་འཐེན་དོ་ཡོདཔ་ད་ མགུར་གླུ་འདི་ ཤར་ཀོང་པོའི་གཡུས་ལུ་ལྷ་ཁང་བཞེངས་པའི་སྐབས་ གུ་རུ་རིན་པོ་ཆེ་ལུ་གསོལ་འདེབས་སྦེ་ཕུལ་ཕུལཝ་གི་ཨིན་མས། མགུར་གླུ་འདི་ནང་ ཤར་ཀོང་ཡུལ་ལུ་ལྷ་ཁང་བཞེངས་པའི་སྐབས་ལུ་ བར་ཆད་མེད་པར་བསྒྲུབས་ཏེ་ར་འབད་རུང་ ཆོས་ཀྱི་བསྟན་པ་བཙུགས་ནི་ལུ་ མགོན་བཀའ་དྲིན་ཅན་གྱིས་བྱིན་རླབས་གནང་སྟེ་ དཔའ་བོ་མཁའ་འགྲོ་ཚུ་གིས་སྡོང་གྲོགས་མཛད་ ཆོས་སྐྱོང་སྲུང་མ་ཚུ་གིས་ཕྲིན་ལས་སྒྲུབས་ སྐྱབས་རྗེ་ཁོ་ར་གི་ལྷག་བསམ་དེ་ཡང་མཐར་ཕྱིན་པ་གིས་མ་ཚད་ རྗེ་གུ་རུའི་ཐུགས་ཀྱི་དགོངས་པ་ཡང་རྫོགས་པར་ཤོག་ཟེར་ ཐུགས་སྨོན་གནང་སྟེ་བརྩམས་གནང་བའི་མགུར་གླུ་ཅིག་ཨིན་མས།
- Norbugang
- Pemagatshel
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ལགས་སོ་ ད་ལྟོ་ ད་རེས་ ང་གིས་ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:གུར་མ་ཅིག་མ་འོངས་པའི་དོན་ལས་ང་གིས་ཨ་ཙི་ཅི་ཞུ་བཞག་ནི་ལགས།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:རྗེ་བྱིན་རླབས་ཀྱི་འབྱུང་གནས་པདྨ་འབྱུང་།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:བུའི་བློ་གཏད་གཅིག་ཆོག་རིན་པོ་ཆེ།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:རང་མོས་གུས་ཀྱི་ལྟེམ་ཀྱང་མ་ཤོར་ན།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:གཏན་བདེ་བའི་ས་ལ་སྐྱེལ་མི་སྐྱེལ།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ཕ་ཁྱོད་ཀྱི་ཐུགས་རྗེ་བསླུ་སྙམ་མེད།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ཡིད་སྙིང་ནས་གདུང་བས་གསོལ་བ་འདེབས།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:བུ་ཕ་དང་མཉམ་པར་བྱིན་གྱིས་རློབས།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ཤར་ཀོང་ཡུལ་ལྗོན་པ་སྐྱིད་པའི་ལྗོངས།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:གནས་བུ་ཆུང་གསང་བའི་དགའ་འཚལ་དུ།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:མ་འབྲེལ་ཚད་སེམས་ཅན་དོན་ལྡན་ཕྱིར།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ཞིང་རྔ་ཡབ་དཔལ་རིའི་ལྷ་ཁང་བཞེངས།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:དོན་བར་ཆད་མེད་པ་གྲུབ་ནས་ཀྱང་།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ཆོས་བསྟན་པའི་རྒྱལ་མཚན་ཚུགས་པ་རུ།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:མགོན་བཀའ་དྲིན་ཅན་གྱིས་བྱིན་རླབསསྩོལ།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:གྲོགས་དཔའ་བོ་མཁའ་འགྲོས་སྡོང་གྲོགས་མཛོད།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:བཀའ་ཆོས་སྲུང་མས་ཕྲིན་ལས་སྒྲུབས།
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:བུའི་ལྷག་བསམ་མཐར་རུ་ཕྱིན་པར་ཤོག
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:རྗེ་གུ་རུའི་དགོངས་པ་རྫོགས་པར་ཤོག
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:མ་འགྲོ་དྲུག་བདེ་ལ་འཁོད་པར་ཤོག
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ཡུལ་འདི་ལ་བདེ་སྐྱིད་འབྱུང་བར་ཤོག
- བསྟན་འཛིན་ཆོས་རྒྱལ་/ Tenzin Chogyal:ལགས་སོ། བཀྲ་དྲིན་ཆེ།། །།