Skip to main content Skip to search
27 Aug 2015
3 min 18 sec
Rating
0
No votes yet
Video Overview
Creators: 
Yeshi Wangchuk, Dorji Nima

༉ བོད་སྒྲ་རིག་གསར་གྱི་གླུ་གཞས་ མགྲོན་པོ་ཚབ་ཚབ་མ་བྱེད་ལྷོད་ལྷོད་བཞུགས། ཟེར་ མགྱོནམ་བྱོན་བཞུགས་འབད་བའི་གནས་སྟངས་ཅིག་ནང་ཐོན་པའི་གླུ་གཞས་ཅིག་ཨིན་པས། དེ་ཡང་ གནསཔོ་དེ་གིས་ ཐག་རིང་ས་ལས་འོང་མི་མགྱོནམ་དེ་ལུ་ གནམ་མེད་ས་མེད་ཤ་ཚ་བའི་སྒོ་ལས་ བྱོན་བཞུགས་འབད་དེ་ གནསཔོ་རང་གིས་ བཞུགས་གདན་དང་པ་ཁ་གང་གྲུ་བཞི་གཅིག་འཐིངས་བཞག་ཡོད། བཞུགས་གདན་གཉིས་པ་གསེར་ཁྲི་དངུལ་ཁྲི་འཐིངས་ཏེ་ཡོད། གནས་པོ་ང་གིས་ ཇ་དང་ལྟོ་ཡང་འབག་སྟེ་ཡོད། ཇ་འདི་ཤིང་ཇ་ནག་མོ་དང་། ལྟོ་འདི་ བོན་བྲེ་སེར་མོའི་ལྟོ་བཞེས་ནི་ཡོད། ཟེར་ ཁག་ཆེ་བའི་མགྱོནམ་ ལམ་འགོར་བཞག་པའི་དོན་ཨིན་མས།

Show More

  • ལྷ་མོ་ Lhamo
    མགྲོན་པོ་ལ་ཚབ་ཚབ་མ་བྱེད་ལྷོད་ལྷོད་བཞུགས་ལ། །གནས་པོ་ལ་ང་གིས་གདན་ཅིག་ལ་ནི་ཐིང་ནི་ཡོད། །གདན་ནི་ལ་ཁ་གང་གྲུབ་བཞི་ཕར་ལ་བཞག་ལ། །གདན་ནི་ལ་གསེར་ཁྲི་དངུལ་ཁྲི་ལ་ནི་ཐིང་ནི་ཡོད། ། མགྲོན་པོ་ལ་ཚབ་ཚབ་མ་བྱེད་ལྷོད་ལྷོད་བཞུགས་ལ། །གནས་པོ་ལ་ང་གིས་ཇ་ཅིག་ལ་ནི་བཀོལ་ནི་ཡོད། །ཇ་ནི་ལ་བཟང་ཇ་དམར་མོ་ཕར་ལ་བཞག་ལ། །ཇ་ནི་ལ་ཤིང་ཇ་སྣ་མོ་ལ་ནི་བཞེས་དུ་ཡོད།མགྲོན་པོ་ལ་ཚབ་ཚབ་མ་བྱས་ལྷོད་ལྷོད་བཞུགས་ལ། །གནས་པོ་ལ་ང་གིས་ལྟོ་ཅིག་ལ་ཁྱེར་ནི་ཡོད། །ལྟོ་ནི་ལ་བྲེང་གོ་སྣ་མོ་ཕར་ལ་བཞག་ལ། །ལྟོ་ནི་ལ་བོན་འབྲས་སེར་མོ་ལ་ནི་བཞེས་དུ་ཡོད། འ་ནཱེ་ཅིག
    Oh my guest, do not be hurry, relax yourself and stay. To host, I have a mattress to offer for you. Forget about the mattress of one square piece of cloth. I have a mattress of golden and silver to lay as well.. Oh my guest, do not be hurry, relax yourself and stay. To host, i will prepare tea and offer you. Forget about the zangja tea. I have shingja tea to offer as well. Oh my guest, do not be hurry, relax yourself and stay. To host, i have a food to offer you. Forget about the dough. I have Bondre rice to offer you.
  • ལྷ་མོ་ Lhamo
    མགྲོན་པོ་ལ་ཚབ་ཚབ་མ་བྱེད་ལྷོད་ལྷོད་བཞུགས་ལ། །གནས་པོ་ལ་ང་གིས་གདན་ཅིག་ལ་ནི་ཐིང་ནི་ཡོད། །གདན་ནི་ལ་ཁ་གང་གྲུབ་བཞི་ཕར་ལ་བཞག་ལ། །གདན་ནི་ལ་གསེར་ཁྲི་དངུལ་ཁྲི་ལ་ནི་ཐིང་ནི་ཡོད། ། མགྲོན་པོ་ལ་ཚབ་ཚབ་མ་བྱེད་ལྷོད་ལྷོད་བཞུགས་ལ། །གནས་པོ་ལ་ང་གིས་ཇ་ཅིག་ལ་ནི་བཀོལ་ནི་ཡོད། །ཇ་ནི་ལ་བཟང་ཇ་དམར་མོ་ཕར་ལ་བཞག་ལ། །ཇ་ནི་ལ་ཤིང་ཇ་སྣ་མོ་ལ་ནི་བཞེས་དུ་ཡོད། མགྲོན་པོ་ལ་ཚབ་ཚབ་མ་བྱས་ལྷོད་ལྷོད་བཞུགས་ལ། །གནས་པོ་ལ་ང་གིས་ལྟོ་ཅིག་ལ་ཁྱེར་ནི་ཡོད། །ལྟོ་ནི་ལ་བྲེང་གོ་སྣ་མོ་ཕར་ལ་བཞག་ལ། །ལྟོ་ནི་ལ་བོན་འབྲས་སེར་མོ་ལ་ནི་བཞེས་དུ་ཡོད། འ་ནཱེ་ཅིག
    Oh my guest, do not be hurry, relax yourself and stay. To host, I have a mattress to offer for you. Forget about the mattress of one square piece of cloth. I have a mattress of golden and silver to lay as well.. Oh my guest, do not be hurry, relax yourself and stay. To host, i will prepare tea and offer you. Forget about the zangja tea. I have shingja tea to offer as well.
    Oh my guest, do not be hurry, relax yourself and stay. To host, i have a food to offer you. Forget about the dough. I have Bondre rice to offer you.