Video Overview
Kato Kyi from Sonak village in Tsekhok tells the story of a hunter and a tigress, who is really an incarnation of the hunter's mother.
འདིར་རྔོན་པ་ཞིག་ཆུའི་ཁུར་ནས་བྲག་ཁུང་ཞིག་གི་ནང་གི་སྟག་དང་འཕྲད་པ་དང་། མཐའ་མར་སྟག་དེ་ནི་ཨ་མའི་རྣམ་ཤེས་ཡིན་པ་ཤེས་པའི་གཏམ་རྒྱུད་བརྗོད་ཡོད།
འདིར་རྔོན་པ་ཞིག་རི་དྭགས་རྔོན་དུ་འགྲོ་སྐབས་སེམས་ཆུང་མ་བྱས་པར་ཆུའི་ནང་ལྷུང་། བྲག་འདབས་ཞིག་ནས་ལུས་པས་བྲག་མགོར་འགོས། དེ་ནས་བྲག་ཁུང་ཞིག་ཡོད་པ་དེའི་ནང་དུ་སོང་བ་དང་བྲག་ཁུང་ནང་དུ་སྟག་མ་ཞིག་དང་སྟག་ཕྲུག་འགའ་ཡོད་པས། ཁོ་རང་སྐྲག་ནས་བསྡད་ཀྱང་སྟག་མས་གནོད་པ་ཅི་ཡང་མ་བྱས་པ་མ་ཟད། ཁོ་ལ་ཟ་མ་སོགས་ཁྱེར་ཡོང་ནས་ཁོ་ལ་བྱིན། ཉིན་ཞིག་སྟག་ཕྲུག་ཆོ་དང་མཉམ་དུ་ཆུའི་ཕར་ཁ་བསྐྱལ་ནས་ཁྱིམ་དུ་ལོག བླ་མ་ཞིག་ལ་ཞུས་དུས་སྟག་མ་དེ་ནི་ཁོའི་ཨ་མའི་རྣམ་ཤེས་ཡིན་ནོ།
讲述了一位猎人在不小心掉进河里后,遇到一只老虎跟几只小虎。后来得知那只母老虎是他母亲的化身。
这段视频讲述了一位猎人不小心掉进了河里,却在一个山崖下停留了,当它爬到山腰时,见有个石窟了住着几只小老虎和一只母老虎,他以为会伤害他,却没想到的是母老虎不但没吃他,还给他找食物。有一次母老虎把她的子女们送到河的另一边,顺便把他也送过去了。当他到家后他的家人以为他去世了,忙后事。他去找一位活佛奉告时才得知,那只母老虎其实是他母亲的化身。
- གནའ་ཞིག་ལ་རྔོན་པ་ཞིག་སྟག་འཛིན་དུ་སོང་།
- ཁོ་ཆུས་འཁུར་སོང་བ་རེད།
- ཆུས་འཁུར་ནས་སོང་ནས་བྲག་གི་ཁུག་ཅིག་ཡོད།
- ཁུག་དེ་ནས་ཁོ་བསྡད་པ་རེད།
- བསྡད་དུས་ཡར་མར་ལ་མ་འགོས་བ་རེད།
- དེ་ནས་ཡར་ལ་བྲག་ཐེམ་ཞིག་ཡོད།
- བྲག་ཐེམ་ལ་འགོས་ནས་ཡར་ལ་སོང་དུས།
- བྲག་ཁུང་ནང་ལ་རྟོལ་ཡོད།
- བྲག་ཁུང་དེའི་ནང་ལ་སོང་དུས།
- བྲག་ཁུང་ནང་ན་སྟག་ཕྲུག་འགའ་ཡོད།
- དེ་ནས་སྟག་ཕྲུག་དེ་ཚོའི་རྩིབ་ནས།
- སྟག་མ་ཡོད་ནི་རེད།
- ང་སྟག་འདི་དག་གིས་འཆའ་དགོས་པ་ཡིན་རྒྱུ་རེད།
- འདི་དག་ལ་འཆའ་རུ་བཅུག་ན་ཡང་།
- འདི་མ་བུ་ཚོར་སྦྱིན་པ་བཏང་ན་ཡང་བཟང་གི
- གང་ལྟར་ཀྱང་རང་ཉིད་ཤི་རྒྱུ་རེད་འདོད་ནས།
- སྟག་ཕྲུག་དེ་ཚོའི་རྩིབ་ནས་སྒོང་ནས་བསྡད།
- དེ་ནས་སྟག་མ་དེས་མི་རོ་ཞིག་འཁུར་ནས་ཐོན་པ་རེད།
- ཐོན་ནས་སྟག་མ་དེ་ཡོང་ནས་བལྟས་རྗེས་འདི་ཟོ་ཟེར།
- ངས་མི་ཟ་ཟེར་ནས།
- དེ་ནས་སྟག་ཕྲུག་ཚོའི་སྔོན་ན་འཕངས་ནས་སྟག་མ་ཕྱིར་བུད་སོང་།
- དེ་ནས་ཁོ་བསྡད་ནས་ང་ཡང་ཉིན་ཞིག་ལ་འཆའ་དགོས་པ་རེད་འདོད་ནས།
- སྟག་ཕྲུག་ཚོས་མི་རོ་དེ་ཟོས་ནས་བསྡད།
- དེ་ནས་སྟག་མ་ཕྱིར་སོང་ནས་ཟོག་རོ་ཞིག་འཁུར་ནས་ཐོན་པ་རེད།
- ཁྱོད་ཀྱིས་འདི་ཟོ་ཞེས་བརྡ་བསྟན་ནས་ཁོ་ཡིས་སྔོན་ན་འཕངས།
- དེ་ནས་འཕྲོད་སོང་བ་རེད།
- ཁོ་ཡིས་དེ་ཟོས་ནས་བསྡད།
- ཤ་དེ་ཚར་ལ་ཉེ་དུས།
- སྟག་མ་ཡིས་སྟག་ཕྲུག་ཚོའི་གཉའ་ཁུང་ནས་སོ་བཏབ་ཏེ་ཆུའི་ཕ་རོལ་ལ་སྐྱེལ།
- དེ་ནས་སྟག་ཕྲུག་ཚོ་ཚང་མ་སྐྱེལ་ནས།
- ང་བྲག་ཁུང་ནང་ནས་ལུས་ཐལ།
- སྟག་མ་འདིས་ང་ལ་ངན་མ་བཅོས་ཐལ།
- འདི་ཅིའི་དགོད་སྐྱེད་འདོད་ནས།
- ང་བྲག་ཁུང་ནང་ནས་ལུས་སོང་།
- ང་མུག་ནས་ཤི་དགོས་པ་རེད་འདོད་ནས།
- ཁོ་ཡིས་སེམས་སྡུག་བྱས་ནས་བསྡད།
- སྟག་མ་ཡིས་སྟག་ཕྲུག་ཚོ་ཆུ་ཡི་ཕ་རོལ་ལ་སྐྱེལ་ནས་ཚར་དུས།
- ཕྱིར་ཁོ་ཡི་རྗེས་ལ་ཐོན།
- ཡོང་ནས་ངའི་རྒྱབ་ལ་ཞོན་ཞེས་བརྡ་བསྟན།
- དེ་ནས་སྟག་མའི་རྒྱབ་ལ་ཞོན་པ་རེད།
- ཞོན་ནས་ཁོ་ཡང་འཁུར་ཏེ་ཆུ་ཡིས་ཕ་རོལ་ལ་འཕངས།
- ཆུས་ཕ་རོལ་ལ་འཕངས་རྗེས་ཁྱོད་སོང་ཟེར།
- དེ་ནས་ཁོ་ཡིས་ཡ་མཚན་ཞིག་རེད་འདོད་ནས།
- ཕྱིར་ཡུལ་ལ་ཡོང་དུས།
- ཡུལ་ནས་ལ་ལུང་བ་བཙལ་ནས་རྩད་བཅད་ནས།
- མེད་པ་དང་མ་རྙེད་པས་ཤི་སོང་འདོད་ནས།
- དགེ་བཅོས་པ་དང་བླ་མ་ཚང་མར་བསྔོ་གཞིས་ཞུས།
- དེ་ནས་བླ་མ་གཅིག་གིས་བསྔོ་གཞིས་མ་གནང་པ་རེད།
- ཁྱེད་ཚང་གི་འདི་ད་རུང་ཤི་མེད་གི
- བསྔོ་གཞིས་སྟེར་བའི་ཚད་ལ་ཐོན་མེད་གི
- ཤི་མེད་དེ་གསོན་འོག་ཅིག་ན་ཡོད་གི
- ཡུལ་ལ་ཐོན་དུས་ཉིན་མོ་ཞིག་ཡོད་གི་ཟེར།
- དེ་ནས་ཁ་བརྡ་བྱས་དུས།
- ཁོ་དེ་ནས་སོང་སྟེ་བླ་མ་བསྔོ་གཞིས་བླངས་བ་ཚོའི་ལག་ནས་ཕྱིར་བླངས།
- སྔོ་གཞིས་མ་བླངས་བར་གསོན་འོག་ན་ཡོད་གི
- ཕྱིར་ཐོན་དུས་ཞིག་ཡོད་གི་ཟེར་བའི་བླ་མ་དེར་བྱིན།
- ཁོ་ཡིས་སྔོ་གཞིས་ཚང་མ་ལ་ལུང་ལ་བྱིན་ཡོད་པ་ཁྱེར་ཡོང་ནས་དེར་བྱིན།
- ཁོ་ཡིས་ཆོས་འཁུར་ནས་རྒྱུ་མཚན་འདྲ་བོ་བཤད་དེ།
- སྟག་མ་ཞིག་གིས་འདི་ལྟར་ཁོའི་སྲོག་སྐྱོབ་ཐལ།
- འདི་ཅི་ཞིག་ཡིན་ནམ་ཟེར་བས།
- དེ་ཁྱོད་ཀྱིས་ཨ་མའི་རྣམ་ཤེས་རེད་ཟེར།
- བླ་མ་དེས་ཁྱོད་ཀྱི་ཨ་མའི་རྣམ་ཤེས་རེད།
- ཁྱོད་ཀྱིས་དེ་གསོད་ཐུབ་ན་ཡང་བསྐྱར་ཁྱོད་ཀྱི་རྩིབ་ནས་སྐྱེས་ཐུབ་ཟེར།
- ངེས་པར་དུ་ཁྱོད་ཀྱིས་གསོད་དགོས་ཟེར།
- ཁྱོད་ཕྱིར་སོང་དང་སྔོན་གྱི་གནས་དེ་ན་ཡོད་གི
- ཁྱོད་སོང་ནས་བསད་ན་ཁྱོད་ཀྱི་རྩིབ་ནས་མྱུར་དུ་སྐྱེས་ཐུབ་གི
- ཉིན་ཞིག་ལ་ཁོ་གསོད་དུ་སོང་།
- སོང་དུས་སྟག་མ་ན་ནས་ཉལ་ནས་བསྡད་ཡོད།
- སྟག་ཕྲུག་ཚོ་ལ་ལུང་ལ་བུད་སོང།
- སྟག་མ་ཡི་སྔོན་ན་སོང་དུས།
- སྟག་མ་ཡིས་ཁོའི་ངོར་བལྟས་ནས་མིག་ཆུ་ཤོར་སོང་།
- དེ་ནས་ཁོ་ཡིས་བོའུ་ཡིས་རྒྱག་རོགས་མ་ཆོད་པར།
- རྩིབ་ནས་བསམ་བསམ་ཏེ།
- ཕ་རོལ་ལ་འགྲོ་ཞོར་དུ་མིག་བཙུམ་ནས་གཅིག་བརྒྱབ་པས་བསད་པ་ཡིན།
- དེ་ནས་བསད་པས་ཁོའི་རྩིབ་ནས་སྐྱེས་པ་ཡིན།