Skip to main content Skip to search
20 Jun 2018
4 min 24 sec
Video Overview
Creators: 
Duptho, Sonam Chophel

The group of Thrakthri village in Sakteng gewog sings the boedra song, “Hundreds and Thousands of High Skies Gather” (Gungtey Jayang Zomsa). The song describes meetings and departures with the use of metaphors, including imagery of the sky and the sun, mountains and lions, meadows, and reindeer.

 

བཀྲིས་སྒང་རྫོང་ཁག་ སག་སྟེང་རྒེད་འོག་ ཁྲག་ཁྲི་གཡུས་ཚན་གྱི་མི་ཚུ་གིས་ དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཟེར་མི་ བོད་སྒྲའི་གླུ་གཞས་འདི་འཐེནམ་ཨིན་མས། གླུ་གཞས་འདི་ནང་ གནམ་དང་ཉིམ་ གངས་དང་སེངྒེ་ སྤང་དང་ཤཝ་འདི་ཚུ་ དཔེ་སྦེ་བཀོད་ཐོག་ལས་ གཅིག་ཁར་འཛོམས་ནི་དང་ སོ་སོར་ཁ་འབྱེལ་ནིའི་སྐོར་ལས་ བཤད་པ་རྐྱབ་མས། 

 

Transcript search
No results found for this search
0 of 0
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    དགུང་སྟོད་བརྒྱ་ཡང་འཛོམས་ཤོག་(ཤིང་)སྟོང་ཡང་འཛོམས་ཤོག །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    གསེར་ལས་དཀོན་ཤིང་བདག་ན་ད་རེས་འདི་རུ་འཛོམས(དཀོན་ཀྱང་ད་རེས་འདི་རུ་འཛོམས)། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    འཛོམས་ས་འབྲལ་བ་མ་གནང་དཀོན་མཆོག་གསུམ(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ)། །འཛོམས་ས་འབྲལ་བ་མ་གནང་དཀོན་མཆོག་གསུམ(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ)། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    གངས་སྟོད་བརྒྱ་ཡང་འཛོམས་ཤོག་(ཤིང་)སྟོང་ཡང་འཛོམས་ཤོག །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    སེང་ཆེན་དཀར་མ་འཛོམས་པ་གསེར་ལས་དཀོན། །སེང་ཆེན་དཀར་མ་འཛོམས་པ་གསེར་ལས་དཀོན། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    གསེར་ལས་དཀོན་ཀྱང་བདག་ན་ད་རེས་འདི་རུ་འཛོམས(དཀོན་ཀྱང་ད་རེས་འདི་རུ་འཛོམས)། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    འཛོམས་ས་འབྲལ་བ་མ་གནང་དཀོན་མཆོག་གསུམ(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ)། །འཛོམས་ས་འབྲལ་བ་མེད་པའི་དཀོན་མཆོག་གསུམ(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ)། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    གཡུས་སྟོད་བརྒྱ་ཡང་འཛོམས་ཤོག་(ཤིང་)སྟོང་ཡང་འཛོམས་ཤོག །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    དྲིན་ཅན་ཕ་མ་འཛོམས་པ་གསེར་ལས་དཀོན། །དྲིན་ཅན་ཕ་མ་འཛོམས་པ་གསེར་ལས་དཀོན། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    གསེར་ལས་དཀོན་ཅིང་ཀྱང་ན་ད་རེས་འཛོམས(དཀོན་ཀྱང་ད་རེས་འདི་རུ་འཛོམས)། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    འཛོམས་ས་འབྲལ་བ་མ་གནང་དཀོན་མཆོག་གསུམ(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ)། །འཛོམས་ས་འབྲལ་བ་མེད་པའི་དཀོན་མཆོག་གསུམ(འཛོམས་པ་འབྲལ་བ་མེད་པའི་སྨོན་ལམ་ཞུ)། །
  • པདྨ་དབང་འདུས་དང་ཆ་རོགས་ཚུ་ Pema Wangdi and Friends
    ལགས་སོ་ བཀའ་དྲིན་ཆེ་ ལགས་སོ་ལགས།། །།