Skip to main content Skip to search
31 Jan 2017
8 min 49 sec
Video Overview
Creators: 
Sherig Dentshog

Nima Yezer from Mongzor village sings a song expressing acknowledgement of meeting with the right one as an auspicious and opportune occassion. The song tells us that there may be hundreds and thousands of meeting but meeting with right one is rare. For instance the first phrase of the song says, where hundreds of skies meet even thousands gather but the presence of sun is rare. Althouhg it is rare to have sun in the gathering, today we have it in the gathering and hope it does not get departed. In this same way, the song uses snow mountain and snow lion, forest and tiger, meadow and deer, lake and golden fish etc. to expresse the rarity of meeting with the special ones.

གླུ་གཞས་དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ཟེར་མི་འདི་ པདྨ་དགའ་ཚལ་རྫོང་ཁག་ ཤུ་མར་རྒེད་འོག་ དམང་ཟོར་གཡུས་ཚན་ལས་ ཉི་མ་འོད་ཟེར་གྱིས་འཐེནམ་ཨིནམ་ད་ གླུ་གཞས་འདི་ འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་ གླུ་གཞས་རྙིང་ཅིག་ཨིན་པས། གླུ་གཞས་འདི་གིས་ དུས་ཚོད་དང་ དུས་སྟོན་ཁྱད་པར་ཅན་དང་འབྲེལ་ ཚར་གཅིག་གཅིག་ཁར་འཛོམས་མི་ལུ་ བཀྲིན་དགའ་ཚོར་ཡོདཔ་ལུགས་ བཤདཔ་ཨིནམ་ད་ འདི་ཡང་ བརྒྱ་དང་སྟོང་སྦེ་འཛོམས་རུང་ ལེགས་ཤོམ་སྦེ་གཅིག་ཁར་འཛོམས་ནི་འདི་ དཀོན་དྲགས་ཨིན་ཟེར་ སླབ་ཨིན་པས། དཔེར་ན་ ཚིགས་ཚོགས་དང་པམ་འདི་ནང་ དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས། །འཛོམས་པ་འབྲེལ་བ་མེད་པའི་སྨོན་ལམ་ཞུ། །འདི་ཅོག་ར་འཐདཔ་སྦེ་ གླུ་གཞས་འདི་ནང་ གངས་སྟོད་དང་སེང་ཆེན་ ནགས་ཚལ་དང་སྟག་ སྤང་དང་ཤ་བ་ མཚོ་དང་གསེར་ཉ་་འདི་ཚུ་ འཛོམས་པ་ལ་ཁག་ཡོད་པའི་སྐོར་ལས་ བཤདཔ་ཨིན་པས། 

Transcript search
No results found for this search
0 of 0
  • ཉི་མ་འོད་ཟེར་ Nima Yezer
    དགུང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །ཁྲི་གདུགས་ཉི་མ་འཛོམས་པ་གསེར་ལས་དཀོན། །
    where hundred of sky meets , thousands will surely meet. but for the sun to meet is as rare as the gold. but for the sun to meet is as rare as the gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    གངས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །སེང་ཆེན་དཀར་མོ་འཛོམས་པ་གསེར་ལས་དཀོན། །
    Where hundred of mountains meet, thousands will surely meet. but for a snow lion to meet is as rare as a gold. but for a snow lion to meet is as rare as a gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    སྤང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །ཤ་རྒས་རྭ་བཅུ་འཛོམས་ས(པ)་གསེར་ལས་དཀོན། །ཤ་རྒས་རྭ་བཅུ་འཛོམས་ས(པ)་གསེར་ལས་དཀོན། །
    Where thousands of meadows meet, thousands will surely meet. but for the reindeer to meet is as rare as a gold. but for the reindeer to meet is as rare as a gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    ནགས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །སྟག་མོ་རི་མཛེས་འཛོམས་པ་གསེར་ལས་དཀོན། །སྟག་མོ་རི་མཛེས་འཛོམས་པ་གསེར་ལས་དཀོན། །
    Where hundreds of Jungle meets, thousands will surely meet. but for a Tigress to meet is as rare as a gold. but for a Tigress to meet is as rare as a gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    མཚོ་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །གསེར་མིག་ཉ་མོ་འཛོམས་པ་གསེར་ལས་དཀོན། །
    Where hundreds of lake meets, thousands will surely meet. but for a golden fish to meet is as rare as a gold. but for a golden fish to meet is as rare as a gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲེལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་ཀྱང་འབྲེལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    རྫོང་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །དབང་ཆེན་དཔོན་པོ་འཛོམས་པ་གསེར་ལས་དཀོན། །དབང་ཆེན་དཔོན་པོ་འཛོམས་པ་གསེར་ལས་དཀོན། །
    Where hundreds of fortress meets, thousands will surely meet. but for a powerful King to meet is as rare as a gold. but for a powerful king to meet is as rare as a gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    དགོན་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །མཚན་ལྡན་བླ་མ་འཛོམས་པ་གསེར་ལས་དཀོན། །མཚན་ལྡན་བླ་མ་འཛོམས་པ་གསེར་ལས་དཀོན། །
    Where hundreds of holy place meet, thousands will surely meet. but for a qualified Lama ( Guru) to meet is as rare as a gold. but for a qualified Lama(Guru) to meet is as rare as a gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རེས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    གཡུས་སྟོད་བརྒྱ་ཡང་འཛོམས་ས་སྟོང་ཡང་འཛོམས་ལ། །དྲིན་ཆེན་ཕ་མ་འཛོམས་པ་གསེར་ལས་དཀོན། །དྲིན་ཆེན་ཕ་མ་འཛོམས་པ་གསེར་ལས་དཀོན། །
    Where hundreds of hamlets meet, thousands will surely meet. but for a benevolent parents to meet is as rare as a gold. but for a benevolent parents to meet is as rare as a gold.
  • ཉི་མ་འོད་ཟེར་ Nima Yezer
    གསེར་ལས་དཀོན་ཀྱང་ད་རིས་འདི་རུ་འཛོམས་ལ། །འཛོམས་ཀྱང་འབྲལ་བ་མེད་པའི་སྨོན་ལམ་ཞུ། །
    although it's rare, today it met. Therefore not to be departed is what I pray.
  • ཉི་མ་འོད་ཟེར་ Nima Yezer
    བཀའ་དྲིན་ཆེ།། །།
    kadrinche (Thank you)