Video Overview
Ugyen from Radhi Gewog, Tashigang, sings an old Boedra song entitled Gungmo Chila Karma Jachishar (A Hundred Rising Stars in One Sky). The song is about the shining of hundreds of stars in the sky, and the growing of hundreds of flowers in a garden. The flowers are offered in the altar room, which is filled with hundreds of sliver relics. Since the song is a composition of auspicious lyrics, it is performed at auspicious celebrations, occasions or gatherings. It is performed in a circular formation with around five to twenty dancers. The composer and origin of the song are unknown.
བཀྲིས་སྒང་རྫོང་ཁག རདྷི་རྒེད་འོག་ལས་འབད་མི་ ཨྱོན་གི་བོད་སྒྲ་རྙིང་ཤོས་ གུང་མོ་གཅིག་ལ་སྐར་མ་བརྒྱ་གཅིག་ཤར་ ཟེར་མི་འདི་འཐེནམ ཨིན་མས། ཞབས་ཁྲ་འདི་ཡང་ གནམ་ཁ་ལུ་སྐར་མ་བརྒྱ་གཅིག་ཤར་མི་དང་ ལྡུམ་ར་ནང་ལུ་མེ་ཏོག་བརྒྱ་གཅིག་རྒྱས་པའི་སྐོར་ལས་ ཨིན་མས། མེ་ཏོག་བརྒྱ་གཅིགཔ་འདི་ དངུལ་གྱི་ཆོས་པོ་ཏི་གང་ཏེ་ཡོད་མི་ མཆོད་བཤམ་ནང་ཕུལ་ནུག། ཞབས་ཁྲ་འདི་ བཀྲ་ཤིས་པའི་ཞབས་ཁྲ་ ཨིནམ་ལས དགའ་སྟོན་དང་རྟེན་འབྲེལ་ ག་ཅི་བཟུམ་ཡོད་རུང་ དེའིསྐབས་ཁྲབ་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ མི་ལྔ་དང་ཉི་ཤུ་བར་ན་ སྒོར་སྒོམས་འབད་ ཁྲབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་རྩམ་པ་པོ་དང་ དའི་འབྱུང་ཁུངས་འདི་ ངོས་བཟུང་མེདཔ་ཨིན་མས།
- Kadam
- Radhi
- Trashigang
- ཨོ་རྒྱན་ Ugyenདགུང་མོ་གཅིག་ལ་སྐར་མ་བརྒྱ་གཅིག་ཤར་ལ། །དགུང་མོ་མ་སྟོང་སེམས་པ་མ་སྐྱོ་ཤིག །
- ཨོ་རྒྱན་ Ugyenལྡུམ་ར་གཅིག་ལ་མེ་ཏོག་བརྒྱ་གཅིག་ཤར་ལ། །ལྡུམ་ར་མ་སྟོང་སེམས་པ་མ་སྐྱོ་ཤིག །
- ཨོ་རྒྱན་ Ugyenསྟོང་ལྡན་མེ་ཏོག་ཞལ་བཟང་སྟོང་སར་འདུག་ལ། །སྟོང་ལྡན་མེ་ཏོག་མཆོད་བཤམ་ཁྲ་མོར་ཕུལ། །
- ཨོ་རྒྱན་ Ugyenམཆོད་བཤམ་ཁྲ་མོར་གསེར་འོད་དངུལ་འོད་ཡོད་ལ། །མཆོད་བཤམ་མ་སྟོང་སེམས་པ་མ་སྐྱོ་ཤིག །ལགས་སོ། འ་ནེ་ཅིག་རང་ཨིན།། །།