Skip to main content Skip to search
01 Sep 2018
4 min 42 sec
Video Overview
Creators: 
Duptho, Sonam Chophel

Karma Deki and Dema from Degorbum in Tashiyangtse district sing a song called "Riwo Ripchung". It is a song of prayers to and worship of lamas, and is sung on every occasion or event as a sign of tendrel or good auspices.

༉  བཀྲ་ཤིས་གཡང་རྩེ་སྦས་གླིང་ལས་ ཀརྨ་བདེ་སྐྱིད་དང་སྒྲོལ་མ་གཉིས་ཀྱིས་ རི་བོ་རི་ཆུང་བརྒྱ་ཡི་ཟེར་མི་ཅིག་འཐེན་ཏེ་ཡོདཔ་ད་ གླུ་གཞས་འདི་ གངས་སྟོད་དགུང་སྟོད་བསྐོར་བའི་གླུ་གཞས་ཅིག་ཨིན་པས། གླུ་གཞས་འདི་གི་ནང་དོན་འདི་ བཀྲ་ཤིས་པའི་ལྡུམ་རའི་ནང་ མེ་ཏོག་སྒྲོལ་མ་གཡས་བསྐོར་ཤིག་ཤིག །མེ་ཏོག་སྒྲོལ་མ་གཡོན་བསྐོར་ཤིག་ཤིག་སྦེ་ཡོད་མི་འདི་ མཚན་ལྡན་བླམ་དང་དབང་ཆེན་དཔོནམ་ལུ་མཆོདཔ་ཕུལ་བའིའ་ཚུལ་ཨིན་མས།

Transcript search
No results found for this search
0 of 0
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    རི་བོ་རི་ཅུང་བརྒྱ་ཡི། །ཡར་གྱི་དགུང་སྟོད་ཀྱི་མཐོན་པོ། །ཡར་གྱི་དགུང་སྟོད་ཀྱི་མཐོན་པོ། །
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    བཀྲ་ལ་ཤིས་པའི་ལྡུམ་ར། །གཡང་ལ་ཆགས་པའི་གི་མེ་ཏོག །གཡང་ལ་ཆགས་པའི་གི་མེ་ཏོག །

    མེ་ཏོག་སྒྲོལ་མ་གཡས་བསྐོར་ཤིག་ཤིག །མེ་ཏོག་སྒྲོལ་མ་གཡོན་བསྐོར་ཤིག་ཤིག །མཚན་ལྡན་བླ་མ་མཆོད་པ་ཅིག་བཞེས། །མཚན་ལྡན་བླ་མ་མཆོད་པ་ཅིག་བཞེས། །

    མེ་ཏོག་སྒྲོལ་མ་གཡོན་བསྐོར་ཤིག་ཤིག །མེ་ཏོག་སྒྲོལ་མ་གཡས་བསྐོར་ཤིག་ཤིག །དབང་ཆེན་དཔོན་པོ་མཆོད་པ་ཅིག་བཞེས། །དབང་ཆེན་དཔོན་པོ་མཆོད་པ་ཅིག་བཞེས། །

    རི་བོ་རི་ཅུང་བརྒྱ་ཡི། །ཡར་གྱི་གངས་སྟོད་ཀྱི་མཐོན་པོ། །ཡར་གྱི་གངས་སྟོད་ཀྱི་མཐོན་པོ། །
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    བཀྲ་ལ་ཤིས་པའི་ལྡུམ་ར། །གཡང་ལ་ཆགས་པའི་གི་མེ་ཏོག །གཡང་ལ་ཆགས་པའི་གི་མེ་ཏོག །
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    མེ་ཏོག་སྒྲོལ་མ་གཡས་བསྐོར་ཤིག་ཤིག །མེ་ཏོག་སྒྲོལ་མ་གཡོན་བསྐོར་ཤིག་ཤིག །མཚན་ལྡན་བླ་མ་མཆོད་པ་ཅིག་བཞེས། །མཚན་ལྡན་བླ་མ་མཆོད་པ་ཅིག་བཞེས། །
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    མེ་ཏོག་སྒྲོལ་མ་གཡོན་བསྐོར་ཤིག་ཤིག །མེ་ཏོག་སྒྲོལ་མ་གཡས་བསྐོར་ཤིག་ཤིག །དབང་ཆེན་དཔོན་པོ་མཆོད་པ་ཅིག་བཞེས། །དབང་ཆེན་དཔོན་པོ་མཆོད་པ་ཅིག་བཞེས། །
  • ཀརྨ་བདེ་སྐྱིད་དང་སྒྲོལ་མ་ Karma Deki & Dema
    ལགས་སོ་ལགས།། །།