Video Overview
Karchung, a villager from Phongmey, Tashigang, shares a humorous story about a hunter. This story draws on humor inspired by the female body. It describes the parts of female's body parts and how male enjoys those parts. Storytelling was a longstanding tradition in Bhutan, with different stories shared amongst those working in the fields, or after dinner with family. Parents would narrate stories with morals to their children before bed. Storytelling traditions are now rarely practiced, due to modernization.
བཀྲིས་སྒང་རྫོང་ཁག ་ཕོངས་མེད་རྒེད་འོག་ ལས་འབད་མི ་དཀར་ཅུང་གི་ ཤ་རོགས་པ་ དགོད་བྲ་ཆེ་་ཏོག་ཏོ་གི་ སྲུང་ཅིག་ བཤདཔ་ཨིན་མས། སྲུང་གཏང་ནི་ འདི་ཡང་ ཧེ་མ་ལས་ ལམ་སྲོལ་བཟང་པོ་ གཅིག་ཨིནམ་ མ་ཚད་ སྲུང་འདི་ཡང་ ཤེས་ཡོན་དང་ འབྲལ་བའི་བཅུད་དོན་གྱི ་སྒོ་ལས་ ཞིང་ཁ་ ལཱ་འབད་བའི་སྐབས་ གཅིག་གི་གཅིག་ལུ་ བཤདཔ་ཨིན་མས། སྲུང་གཏང་ནི་ ལུམ་སྲོལ་འདི་ཡང་ ཕམ་ཚུ་གི་ ཨ་ལོ་ཚུ་ལུ་ ཕྱི་རུ་ཉལ་རནམ་ད་དང་ ལྟོ་བཟའ་ཚར་བའི་ ཤུལ་ལས་ གཏངམ་ཨིན་མས། ཨིན་རུང་ དུས་གི་འགྱུར་བ་ ལས་བརྟེན་ ད་རེས་ ནངས་པར་ ཨ་ལོ་ཚུ་གི་ འཕྲུལ་རིགས་མ་འདྲཝ་ བརྒྱུད་འཕྲིན གློག་རིག་ཡོངས་འབྲེལ་དང་ འཕྲུལ་ཆོས་ཚུ་ སྤྲོ་བ་ལེན་ཏེ་་སྔོན་གི་ ལམ་སློམ་ བཟང་པོ་འདི་ ཉམས་འགྱོ་དོ་ ཡོདཔ་མས། སྲུང་འདི་ དགོད་བྲོའི་ ཐོག་ལས་ ཨམ་སྲུའི་གཟུགས་ཀྱི་ སྐོར་ལས་ཨིན་མས། དེ་ཡང་ ཨམ་སྲུ་ཚུ་གི་ གཟུགས་ཀྱི་ ཡན་ལན་དང་ ཕོ་སྐྱས་ཚུ་གི་ ཨམ་སྲུའི་ཡན་ལག་ འདི་ལུ་ ག་དེ་འབད་ ལོངས་སྤྱོདཔ་ ཨིན་ན་གྱི་ སྐོར་ལས་ འགྲལ་བཤད་ རྐྱབ་ཨིན་མས།
- Yabrang
- Phongme
- Trashigang
- ཨ་ནུང་ Anungད་ ད་རེས་ནངས་པར་ ང་གིས་བློ་གསརཔ་ཅིག་སླབ་པ་ཅིན་ ག་ཅི་སླབ་ནི་ཡོད་ཟེར་བ་ཅིན་ ད་རེས་ནངས་པར་འཛམ་བུ་གླིང་གི་གནས་གཅིག་ཡོད་ཟེར་ དགོད་བྲོ་ཞུ་ནུག་བ་ཏེ་ད་ གཅིག་ལས་ཨིན་མས་གཅིག་ལས་དགོད་བྲོ་ ཏེ་འཛམ་གླིང་གི་གནས་ཟེར་མི་འདི་ ག་གིས་ཡང་མ་ལྷོད་མི་ གནམ་མེད་ས་མེད་ཀྱི་ ཏེ་ཁོ་གི་ འ་ནཱི་འཛམ་གླིང་གནས་ཀྱི་མིང་འདི་ ག་ཅི་སླབ་སྨོ་ཟེར་བ་ཅིན་ སྣ་རིང་ཆུ་ཟེར་སླབ་མི།
- ཨ་ནུང་ Anungད་ འ་ནཱི་ལམ་གྱི་མིང་འདི་ ག་ཅི་ཟེར་བ་ཅིན་ ཧེ་མ་རང་ འ་ནཱི་ ལང་ཀང་གོང་ལམ་(ངར་གདོང་གྱེན་ལམ་)ཟེར་སླབ་ ད་ལང་ཀང་གོང་ལམ་(ངར་གདོང་གྱེན་ལམ་)ལས་ཡར་ལྟ་ གནམ་སེད་ས་མེད་ ལམ་ཐག་རིངམོ་ཨིན་ད་ འ་ནཱི་ཐོག་ཁར་ ལབ་རྩ་གཅིག་འདུག འ་ནཱི་ལབ་རྩ་གི་མིང་འདི་ ག་ཅི་སྨོ་ཟེར་བ་ཅིན་ གུམ་ཟིང་(པུས་མོ་)ཨིན་ འ་ནཱི་གུམ་ཟིང་འདི་ དེ་ལས་འ་ནཱི་གུམ་ཟིང་(པུས་མོ་)ལུ་ལྷོད་ཞིནམ་ལས་ ཕར་ལས་ཕར་ ཐང་ཅིག་ཡོད་ལོ་ ཐང་ལས་ཕར་འདི་ ག་ཅི་འགྱོ་འོང་ཟེར་བ་ཅིན་ ཏེ་འ་ནཱ་ལས།
- ཨ་ནུང་ Anungལུངམ་(བརླད་དོ་ཐང་)ཟེར་ འ་ནཱ་ལས་ཕར་འགྱོཝ་ད་ལུ་ ཕར་གནམ་མེད་ས་མེད་ [འཁྱུ་རྐོང་?] འ་ འ་ནཱི་སྣ་རིང་ཆུ་ཟེར་ས་ ལུ་ མི་གནམ་རང་མ་ལྷོད་པའི་འཛམ་གླིང་གི་གནས་ ཉིནམ་མ་ཤར་མི་ [འཁྱུ་རྐོང་?] ཏེ་འ་ནཱ་ལུ་འདི་ ང་བཅས་རྒན་རྒས་ཚུ་ བྱཝ་མི་འོང་ཟེར་ ཁོང་ན་གཞནོ་བུཚ་བུམོ་ཚུ་ འ་ནཱི་གནས་བསྐོར་འགྱོ་མི་ བྱཝ་ཡོད་མི་རེ་ རོགས་ཉིནམ་རེ་ལུ་འོག་ལོག་ལྷོད་དེ་ འ་ནཱ་ི གུམ་་་་ ལང་ཀང་གོང་ལམ་(ངར་གདོང་གྱེན་ལམ་)ལས་ཡར་ལྟ་སོང་སྟེ་ འ་ནཱ་ི གུམ་ཟིང་(པུས་མོ་)ལབ་རྩ་ལུ་ ཐོན་ཕར་ཉི་མའི་ལྟོ་གཅིག་ཟ་སྦེ།
- ཨ་ནུང་ Anungདེ་ལས་ཨ་ནཱ་ལས་ལུངམ་(བརླད་དོ་)ཐང་ལས་ཕར་འགྱོཝ་ད་ལུ་ ཕར་གནས་མཇལ་ གནས་མཇལ་ཞིནམ་ལས་ འ་ནཱི་ན་གཞོན་བུཚ་བུམོ་ཚུ་ གནམ་མེད་ས་མེད་ རྐྱང་ཕྱག་རྐྱབ་ རྐྱང་ཕྱག་རྐྱབ་ད་ལུ་ འ་ནཱི་རོགས་བྱཝ་ཡོད་མི་ཚུ་ གནམ་མེད་ས་མེད་ཁྲུས་ཆུ་འབབ་མས་ལོ། ཁྲུས་ཆུ་སྦོམ་བབས་ཏེ་ དེ་ལས་ཨ་ནཱ་ལས་ ཕར་ལས་ཚུར་ ད་རེས་ནངས་པར་ ང་བཅས་ཨ་རྒས་ཨང་རྒས་ཚུ་ འ་ནཱི་ལས་ཡར་ ལམ་ཡང་འགྱོ་མི་ཚུགས་པས།
- ཨ་ནུང་ Anungལྷོད་ཡང་མི་ཚུགས་པས་ དེ་ལས་ལྷོད་རུང་རང་ ཏེ་རྐྱང་ཕྱག་རྐྱབ་ཡང་མི་ཚུགས་པས་ རྐྱང་ཕྱག་རྐྱབ་མ་ཚུགསཔ་ཞིནམ་ལས་ ཁྲུས་ཆུ་ཡང་འབབ་ནི་མིན་འདུག རོགས་ན་གཞོན་བུཚ་བུམོ་ཚུ་ གནམ་མེད་ས་མེད་ཁྲུས་ཆུ་འབབ་ དེ་ལས་ཕར་ལས་ཚུར་ལོག་སྟེ་ གུམ་ཟིང་(པུས་མོ་)ལབ་རྩ་ཁར་ལྷོདཔ་ད་ ལོག་སྟེ་ གནམ་མེད་ས་མེད་ཕན་ཐོགས་ཅི་ཟེར་ ལེགས་ཤོམ་འོང་ཡི་སྨེ་ཟེར་ འཛམ་གླིང་གི་གནས་ ད་རེས་འབདན་ མཇལ་ཡི་སྨེ་ཟེར།
- ཨ་ནུང་ Anungདེ་ལས་སྨོན་ལམ་བཏབ་ དེ་ལས་རྐྱངམ་ཅིག་ འ་ནཱ་ལས་ཚུར་ལོག་སྟེ་ ལང་ཀང་གོང་ལམ་(ངར་གདོང་གྱེན་ལམ་)ལས་མར་འབབ་སྟེ་ ཁྱིམ་ནང་ལྷོདཔ་ཨིན་ཟེར་ སླབ་ཨིན་པས་ཏེ་ དེམ་ཅིག་ཨིན། ཧི་ཧི་ཧི་་་་་་་།། །།