Skip to main content Skip to search
20 Jun 2018
3 min 17 sec
Video Overview
Creators: 
Duptho and Sonam Chophel, Sonam Chophel

Karchung, a villager from Phongmey, Tashigang, shares a humorous story about a hunter. Through humor, the story emphasizes the value of being faithful. In the story, a wife who betrays her husband gets punished. Storytelling was a longstanding tradition in Bhutan, with different stories shared amongst those working in the fields, or after dinner with family. Parents would narrate stories with morals to their children before bed. Storytelling traditions are now rarely practiced, due to modernization.

 

བཀྲིས་སྒང་རྫོང་ཁག  ་ཕོངས་མེད་རྒེད་འོག་ ལས་འབད་མི་ དཀར་ཅུང་གི་ ཤ་རོགས་པ་ དགོད་བྲ་ཆེ་་ཏོག་ཏོ་གི་ སྲུང་ཅིག་བཤདཔ་ཨིན་མས། སྲུང་གཏང་ནི་འདི་ཡང་ ཧེ་མ་ལས་ལམ་སྲོལ་ བཟང་པོ་གཅིག་ཨིནམ་ མ་ཚད་ སྲུང་འདི་ཡང་ ཤེས་ཡོན་དང་ འབྲལ་བའི་ བཅུད་དོན་གྱི་སྒོ་ལས་ ཞིང་ཁ་ ལཱ་འབད་བའི་སྐབས་ གཅིག་གི་གཅིག་ལུ་ བཤདཔ་ཨིན་མས། སྲུང་གཏང་ནི་ ལུམ་སྲོལ་འདི་ཡང་ ཕམ་ཚུ་གི་ ཨ་ལོ་ཚུ་ལུ་ ཕྱི་རུ་ཉལ་རནམ་ད་དང་ ལྟོ་བཟའ་ཚར་བའི་ ཤུལ་ལས་ གཏངམ་ཨིན་མས། ཨིན་རུང་ དུས་གི་ འགྱུར་བ་ལས་བརྟེན་ ད་རེས་ ནངས་པར་ ཨ་ལོ་ཚུ་གི་ འཕྲུལ་རིགས་ མ་འདྲཝ་ བརྒྱུད་འཕྲིན གློག་རིག་ཡོངས་འབྲེལ་དང་ འཕྲུལ་ཆོས་ཚུ་ལུ སྤྲོ་བ་ ལེན་ཏེ་ ་སྔོན་གི་ ལམ་སློམ་བཟང་པོ་འདི་ ཉམས་འགྱོ་དོ་ཡོདཔ་མས། དགོད་བྲ་གི་ཐོག་ལས་ སྲུང་འདི་གི་ དམ་ཚིག་སྟོན་ དགོ་པའི་ བཅུད་དོན་ བཏོནམ་་ཨིན་མས། སྲུང་འདི་ནང་ རྨགཔ་ལུ་ཧིང་བརྐུ་བའི་ ཨམ་སྲུ་འདི ཁྲིམས་ གཏངམ་ཨིན་མས།

Transcript search
No results found for this search
0 of 0
  • ཨ་ནུང་ Anung
    དང་ཕུ་ ག་ཅི་འདུག་ཟེར་བ་ཅིན་ ཧེ་མ་རང་ ཨེ་་་་ ཤ་རོགསཔ་གཅིག་ ཤ་བདའ་འགྱོཝ་ད་ ཡར་བྱག་ལུ་ ཆུ་དཀརཔོ་གཅིག་དང་ནགཔོ་གཅིག་འདུག་ལོ་ལགས། དེ་ལས་ཨ་ནཱ་ལས་ འ་ནཱི་ཤ་རོགསཔ་གིས་ ག་དེ་སྦེ་ཤེས་ཅི་ཟེར་བ་ཅིན་ ཏེ་ འ་ནཱི་ཆུ་གཅིག་ འ་ནཱི་ཆུ་གཉིསཔོ་འདི་ སྤག་ཤིང་དོབ་ནང་འདེགས་འབག་ཞིནམ་ལས་ ད་ ཁོ་གི་ཁ་ དཔེ་འབད་བ་ཅིན་ ཁྱིམ་ནང་ཨམ་སྲུ་འབག་ཞིནམ་ལས་ ཆུ་འདི་བཟུམ་ཅིག་འདུག་
  • ཨ་ནུང་ Anung
    ག་ཅི་ཨིན་ན་ ད་ཆུ་འ་ནཱི་བཟུམ་ཅིག་ ང་བཅས་གཉིས་ འེ་ རྒྱོ་རྐྱབ་ད་ སྟུ་དང་མཇེ་ལུ་བླུགས་པ་ཅིན་ ལེགས་ཤོམ་འོང་ནི་བཟུམ་ཅིག་འདུག་ཟེར་སླབ་ནུག ཡ་ཡ་ཟེར་ ཧེ་མ་རང་ཆུ་ དཀརཔོ་འདི་བླུགས་ནུག ཛའི་ གནམ་མེད་ས་མེད་ཞིམ་མས་ལོ། དབའེ་ ཧ་ལམ་ཅིག་ལས་ ད་ནགཔོ་བླུགསཔ་བལྟ་གེ་སྨེ་ཟེར་ ནགཔོ་བླུགས་བལྟཝ་ད་ སྟུ་དང་མཇེ་སྦྱར་སྡོད་ནུག
  • ཨ་ནུང་ Anung
    ཡ་ ད་འབདན་ལེགས་ཤོམ་མེན་པས་ ད་འ་ནཱི་ཆུ་གཅིག་བསྡུ་བཞག་དགོ་པས་ཟེར་ ཨམ་སྲུ་ལུ་གནས་སྐབས་བཏང་སྟེ་ ཁོ་གིས་ཆུ་ནགཔོ་འདི་བསྡུ་བཞག་སྦེ་ དེ་ལས་ ག་ཅི་ལོ་ དཀརཔོ་འདི་བསྡུ་བཞག་སྦེ་ ཆུ་ནགཔོ་འདི་བཏོན་བཞགཔ་ད་ ཨམ་སྲུ་འདི་ཁྱིམ་ནང་ ཁོང་ཕྱི་ཁའི་ཁྱིམ་ཚང་ཨཔ་ལྷོདཔ་ད་ བཀྲ་མ་ཤིསཔ་འབདཝ་ཨིན་མས་མོ་ དེ་ལས་ མོ་གིས་རྒྱོ་རྐྱབ་ད་ལུ་ཆུ་བླུགས་ནུག ང་རའི་ཨ་པ་གིས་ འ་ནཱི་ཆུ་བླུགསཔ་ད་ གནམ་མེད་ས་མེད་ཞིམ་མས་ལོ་ཟེར་ འོག་གི་ཁྱིམ་ཚང་ཕོ་རྒྱ་གཅིག་འོང་སྟེ།
  • ཨ་ནུང་ Anung
    ཨ་རྟག་ར་ མོ་བཀྲ་མ་ཤིས་པ་འབད་དོ་ཡོདཔ་ རྨགཔ་གིས་ཧ་གོ་ནུག ཏེ་དེ་ལས་ འ་ནཱི་བླུགས་ཏེ་འབདཝ་ད་ དེ་ལས་ཁོང་གཉིས་སྦྱར་ཏེ་ལུས་སོ་ནུག ཆུ་ནགཔོ་གིས་ ཡ་བླ་མ་མཁྱེན་ནོ་ བསྐྱལ་སར་བསྐྱལ་ཡི་ ད་ག་དེ་སྦེ་འབདན་ན་ཟེར་ དེ་ལས་འ་ནཱི་རྨགཔ་འཐོན་འོངམ་ད་ལུ་ འདུག་ལོ་ཕར་ མིག་ཏོ་ཧུ་རི་རི་སྦེ་བརྩེགས་སྡོད་དེ་ ཏེ་ཁྱེད་གཉིས་ ཨ་རྟག་ར་འདི་བཟུམ་འབདཝ་མས་ཟེརཝ་ད་ འབད་ནི་མེད་ཟེར་ འབད་ནུག ད་འབདན་ ང་གིས་ཤེས་ཅི་ཟེར་ རོ་ཏོ་ཏོ་བཏང་འདྲུད་འཐེན་འབག་སྟེ།
  • ཨ་ནུང་ Anung
    དེ་ལས་ཁོང་གཉིས་ མར་གྱི་འདི་འཕྱལ་མ་བཏུབ་པར་ རྒྱ་ལམ་ཁར་བསྐྱལ་བཞག་ནུག རྒྱ་ལམ་ཁར་བསྐྱལ་ ཀ་ལང་ ཀ་ལང་བཏང་ ངོ་ཚ་སི་སི་སྦེ་བཞགཔ་ད་ལུ་ ཧེ་མ་རང་ སྒརཔ་གཅིག་ལྷོད་ནུག དབའེ་ ག་ཅི་འབདཝ་སྨོ་ཁྱེད་གཉིས་ བཀྲ་མ་ཤིསཔ་ མི་གསུམ་སྦྱར་ལུས་སོ་ནུག སྒརཔ་ཙིགཔ་ཟ་སྟེ་རྡོག་ཐེ་བླུགས་བཏངམ་ད་ རྐངམ་སྦྱར་ལུས་ཏེ་གསུམ་ཡར་སོ་ནུག འུམ་ དེ་ལས་ག་དེ་སྦེ་འབད་བལྟ་རུང་མ་བཏུབ་པར་ གསུམ་འགྱོ་སྦེ་ ད་རུང་ ཀ་ལང་ ཀ་ལང་བཏང་ ཧ་ལམ་ཅིག་འགྱོཝ་ད་ མཚམས་པ་གཅིག་ལྷོད་ནུག
  • ཨ་ནུང་ Anung
    མཚམས་པ་ འ་ནཱི་སྦེ་རྒྱའུ་རོ་ལོ་ལོ་སྦེ་ གྲུབ་ཐོབ་པ་མཚམས་པ་ ཨེའི་ མི་གསུམ་སྦྱར་ལུས་སོ་ནུག བསྐྱལ་སར་བསྐྱལ་ནུག བློ་བཙོང་ཚར་ནུག ད་ག་དེ་འབདན་ན་ཟེར་ ཨ་ཙི་སྡོད་སྨེ་ ང་གིས་སྔགས་ཅིག་བཏབ་གེ་ཟེར་ སྔགས་བསྒྲུབས་སྦེ་སྔགས་བཏབ་ནུག ཨ་ མཚམས་པ་ཁ་སྦྱར་ལུས་སོ་ནུག་རྒྱའུ་ཚུ་ བཞི་ཡར་སོ་ནུག
  • ཨ་ནུང་ Anung
    ཧི་ཧི་ཧི་ དེ་ལས་ཏེ་ ད་ག་ཅི་འབད་ནི་ ཐབས་ཤེས་མིན་འདུག དེ་སྦེ་མ་འབད་ མི་འགྱོ་མི་གཅིག་ལུ་ ངེའི་རྨགཔ་གི་ ཆུ་དཀརཔོ་གཅིག་ཡོད་ འ་ནཱི་འབག་ཤོག་ དེ་སྦེ་མ་འབད་ སྐུ་ཆེན་གསུང་ཆེན་ཟེར་ དེ་ལས་རྨགཔ་གིས་ ཡ་ཡ་ ཁྱད་མེད་ མ་གཞི་འབད་བ་ཅིན་ བྱིན་ནི་ཅིག་མེན་ བཀྲ་མ་ཤིསཔ་ཚུ་ ཨིན་རུང་ཕན་ཡོན་ཅིག་འོང་བཅུག་ཟེར་ ཆུ་དཀརཔོ་བླུགསཔ་བཏངམ་ད་ དེ་ལས་རྐྱངམ་ཅིག་གསུམ་ཆ་རང་འཕྱལ་ཡི་ལོ། དེམ་ཅིག་རང་ཨིན་ ཧ་ཧ་ཧི་ཧི་་་་་་།། །།