Skip to main content Skip to search
25 Jan 2016
1 min 55 sec
Video Overview
Creators: 
Yeshi Wangchuk, Dorji Nima

This story is quite well known among the rural people of central Bhutan. It conveys the message that one should not be selfish, or greedy. The story describes a family with a father made of  bamboo fiber, a mother made of butter, a daughter with a hollow chest, and a son with delicate legs. The father is burned while making a fire, and the mother melts while spinning thread. The daughter, being eldest, is excited at the demise of their parents as she can now get hold of the property. She beats on her hollow chest, breaking it into pieces and causing her death. The son, now the only heir, stands up and jumps up and down, breaking his legs, and then dying as well.

 

བགོད་བྲ་ཅན་གྱི་སྲུང་འདི་ འབྲུག་གི་དབུས་ཕྱོགས་རྫོང་ཁག་གི་ མཐའ་ཟུར་གྱི་ས་གནས་ཚུ་ནང་ ཡོངས་གྲགས་སྦེ་ཡོདཔ་ད་ སྲུང་འདི་ནང་ ང་བཅས་ར་ག་ར་འབད་རུང་ རང་དོན་རྐྱངམ་ཅིག་དང་ འདོདཔ་ཆེ་དྲགས་ འབད་ནི་མི་འོང་ཟེར་བའི་དོན་མས། སྲུང་འདི་ནང་ ཨ་པ་འདི་ སྦ་གི་སུག་མ་གི་བཟོ་བཟོཝ་ད་ ཨའི་གི་མར་གི་བཟོ་ བུམོ་འདི་གྱང་ཁོག་ཧོད་ཀ་ཡོདཔ་ད་ བུཚ་འདི་འཇམ་ཅུག་ཅུ་སྦེ་ཡོདཔ་སྦེ་མས། ཏེ་ཨ་པ་འདི་མེ་འཕུ་བའི་ཟེར་ མེ་གི་འཚིག་སོངམ་ད་ ཨའི་འདི་སྐུདཔ་འཁལ་བའི་བར་ན་ བཞུ་སྟེ་ཤི་སོངཔ་ཨིནམ་ད་ ཏེ་བུམོ་འདི་སྤུན་ཆ་རྒས་ཤོས་ཅིག་འབདཝ་ལས་ ཕམ་གྱི་རྒྱུ་ནོར་འདི་ མོ་གིས་ཐོབ་ཟེར་ སེམས་དགའ་སྟེ་གྱང་ཁོག་རྡུང་མི་ཟེར་ གྱང་ཁོག་ཆག་སྟེ་ ཤི་སོངཔ་ཨིན་མས། མཐའ་མཇུག་ལུ་ ག་ར་ཤི་སོང་བའི་མཐའ་མ་ བུཚ་འདི་སེམས་དགའ་སྟེ་ འཆམ་རྐྱབ་པའི་ཟེར་རྐངམ་ཆག་སྟེ་ ཤི་སོངཔ་ལས་ མདོར་བསྡུ་བ་ཅིན་ སྲུང་འདི་གིས་ ང་བཅས་ར་ ག་ར་ཨིན་རུང་ སེམས་འདོད་པ་བསྐྱེད་ནི་མི་འོང་ཟེར་བའི་དོན་ཨིན་མས། 

 

Transcript search
No results found for this search
0 of 0
  • ལས་སྐྱིད་རྡོ་རྗེ་ Leki Dorji
    འོང་་་དང་ཕུ་འབདཝ་མས། ད་ལྟོ་འབདཝ་མས་ ཨ་པ་བུན་དིང་ (ཚར་བཟོ་རྐྱབ་པའི་སྐབས་སྦ་ཕྱ་རུ་རུ་ཐོན་མི)སྡོད་སྡོདཔ་མས། ཨ་མ་བ་མར་(ནོར་གྱི་མར་)སྡོད་སྡོདཔ་མས།
    oh....in the olden days and today, there was father bun ding(thin layer of bamboo used for bamboo art, butter mother(butter of a cow)
  • ལས་སྐྱིད་རྡོ་རྗེ་ Leki Dorji
    བུམོ་བྱང་ཁོག་ཧོག་ཀ་འབད་མི་ཅིག་སྡོད་སྡོདཔ་མས། བུ་རྐངམ་ཀྲིང་ཇིང་པ་(རྐངམ་ཕྱ་སི་སི་)འབད་མི་ཅིག་སྡོད་སྡོདཔ་མས། ཨ་ད་ཟེར་ སླབ་སླབ་མས།
    And there was a daughter with a hole on the cheast and the boy with a thin leg. They said oh then
  • ལས་སྐྱིད་རྡོ་རྗེ་ Leki Dorji
    ད་ཨ་པ་འདི་ མེ་འཕུ་བར་འགྱོ་དོ་མས། ཨ་པ་གིས་ མེ་ཀྲེ་ཚེར་བཏང་བཏེགཔ་ཅིན་ ཨ་པ་ཧེའུ་ཧེའུ་བཏང་ཤི་སོངཔ་མས། ཨ་པ་ཧེའུ་ཧེའུ་བཏང་ཤི་སོངཔ་མས།
    father was going to prepare the fire, when he light a match box he got burn and he died, he died he'u he'u
  • ལས་སྐྱིད་རྡོ་རྗེ་ Leki Dorji
    ང་ཚད་དང་བང་ཐོབ་ཅི་ཟེར་ སླབ་སླབ་ཏེ་ ཨ་ནཱི་ ཨཱ་་་ཕང་(ཀ་བལ་འཁལ་ནི་གི་ཅ་ཆས་) ཧེ་རེང་ཧེ་རེང་ཟེར་ འབད་འབདཝ་མས། ཨ་མ་བ་མར་ཟེར་ ནོར་གྱི་མར་ཨིན་པས་སྦ།
    (speaker laughs) ཨ་པ་ ཧེའུ་ཧེའུ་བཏང་ཤི་སོང་ཡི། ད་ང་ཚད་དང་བང་ཐོབ་ཅི་ཟེར་ ཨམ་དེ་གིས་ ད་འབདན་ father died he'u he'u. And the mother said now i got a life and right. and the mother saying that now i got a life and right and she did was doing a hay rang hany rang (sound of a'phang) (a cotton spinning machine)) it was a mother butter of a cow.
  • ལས་སྐྱིད་རྡོ་རྗེ་ Leki Dorji
    དེ་སྦེ་འབདཝ་ཅིག་ (speaker laughs) བཞུ་སྟེ་ མེལག་བཏང་ཡར་སོངཔ་མས། དེ་ལས་ བུམོ་གིས་ ཨཱ་ད་ ང་ལུ་ ཚད་དང་བང་ཐོབ་ཅི་ཟེར་འཆམ་རྐྱབ་རྐྱབ་མས། ཨཱ་་་ད་ཚད་དང་བང་ང་ལུ་ ཐོབ་ཅི་ཟེར་ ཚེང་ཚེང་བཏང་བཏངམ་མས། དེ་འབདཝ་ད་ བྱང་ཁོག་ཧོག་ཀ་ ཐོན་ཡར་སོངཔ་མས།
    so then she got mealt and then girl said oh now i got the life and right, and was jumping. so now i got the life and right and keepin on jumping and she got her cheast burst.
  • ལས་སྐྱིད་རྡོ་རྗེ་ Leki Dorji
    ད་རུང་ དེ་སྦེ་འབདཝ་ད་ བུམོ་དེ་ ཤི་སོང་ཡི་ཟེར། ཨ་ལྕོ་གིས་འབད་འབདཝ་མས།་འོ་ད་འབདན་ཟེརཝ་ཡར་ལོངམ་ཅིག་་ ཁོ་རྐངམ་ཕྱ་སི་སི་སྦེ་ཡོདཔ་མས་ཏེ་ ཨཱ་་་དེ་སྦེ་འབདཝ་ད་ རྐངམ་ཆག་ཡར་སོངཔ་མས།
    so then the girl died and then it was a brother with a tinny leg he also said ohh now its me, as being a tinny leg he broke his leg while he attempt to stand up.
  • ལས་སྐྱིད་རྡོ་རྗེ་ Leki Dorji
    དང་ཕུའི་གཏམ། ད་ལྟོ་སྲུང་ཨིན་པས། ཀང་ཁུའི་ཕོརཝ་ཕྱེད་ཀ་བཟའ་ནི་མས། ཕྱེད་ཀ་བཀོ་ནི་མས། ཕྱེད་ཀ་བཟའ་དགོཔ་ཨིན་པས་སྨ་རས། དེ་སྦེ་ཨིན་ལོ། (speaker laughs)
    word of olden days is a story now. the bowl was half to eat and half to throw but need to eat the half.
  • ལས་སྐྱིད་རྡོ་རྗེ་
    Leki Dorji: ཡ་་་སྲུང་ད་རུང་དགོ་ག? so need some more stories