Video Overview
འདི་ནི་བྱིའུ་མཐེ་བོང་ཞིག་གིས་བློ་ཐབས་ལ་བརྟེན་ནས་རྒྱ་ཁྲའི་ཁ་ནས་ཐར་བའི་གཏམ་རྒྱུད་ཅིག་ཡིན།
- སྐལ་བཟང་འབུམ།གནའ་ཞིག་ལ།
- བྱ་བརྒྱ་བྱ་མང་འཚོགས་ནས།
- དེ་རིང་ང་ཚོར་གྲོས་མང་གི
- དེ་ཡིན་ན་ང་ཚོས་གྲོས་བྱེད་དགོས།
- བྱ་ཡོངས་རྫོགས་མ་ལྷག་པར་འཚོག་ཟེར།
- དེ་ནས་འཚོག་རྒྱུར་བཀོད་པ་བྱས།
- འཚོག་ཅེས་བཤད་དེ་ཡར་མར་ལ་བརྡ་བཏང་།
- བཏང་ནས་བྱ་ཡོངས་རྫོགས་འཚོགས་པ་རེད།
- འཚོགས་ནས་བྱེའུ་ཁྲི་རྒན་རྒྱལ་བོ་ཟེར་བ་མ་ཡོང་བ་རེད།
- དེའི་རྗེས་ནས་ཁེ་ལེ་ཁྱོད་སོང་སྟེ་ཁྲིད་ནས་ཤོག
- ཁྱོད་ལ་ལྭ་བ་སྐྱ་སྐྱ་ཞིག་བཟོ་ཟེར།
- ཁེ་ལེ་སོང་ནས་བཤད་དུས་མ་ཡོང་བ་རེད།
- ཅི་ཞིག་བཤད་བྱུང་ཞེས་དྲིས་དུས་ཁོ་ཁོམ་གིན་མེད་ཟེར་ཞེས་བཤད།
- དེ་ནས་ཡང་སོང་ནས་གཞན་ཞིག་གིས་བཤད་ནས།
- དེ་ནས་ཁོ་རང་ཚོགས་ལ་ཐོན་པ་རེད།
- ཐོན་ནས་ཁེ་ལེར་སྔོན་པ་བཤད་པ་དེ་ཅི་ཞིག་ཡིན་ཟེར་དུས།
- ཁོ་ཁོམ་པ་མ་རེད།
- ཁོས་ཉིན་མཚན་གཉིས་ལས་གང་ཞིག་རིང་།
- ཤི་གསོན་གཉིས་ལས་གང་མང་བ་ཁོས་དེར་བལྟས་ནས་བསྡད་དེ།
- ཡོང་མི་ཐུབ་གི་ཟེར།
- ཁེ་ལེར་དེ་ལྟར་བཤད་ནས་ཡོང་།
- དེ་ནས་ཕྱིར་ཡོང་ནས་བཤད་པས།
- གཞན་ཞིག་སོང་ནས་བསྡད་དེ།
- ངེས་པར་དུ་ཁྲིད་ནས་ཤོག་ཅེས་བཤད་པས་ཁྲིད་ནས་ཐོན་དུས།
- དེ་ནས་དྲིས་དུས།
- ཤི་གསོན་གཉིས་ལས་ཞར་བ་དང་གྱོལ་པོ་འདི་ཐོག་ཏུ་བསྣན་ན་ཤི་བོ་མང་གི
- ཉིན་ནུབ་གཉིས་ལས་ནངས་སྐྱ་རེངས་ལངས་དུས་དང་།
- ནུབ་མོ་སྨག་འཆར་རག་བར་དུ་རྩིས་ན་ཉིན་མོ་རིང་གི་ཟེར།
- བྱ་བརྒྱ་བྱ་མང་གིས་དེས་འཁྱག་གཏམ་བཤད་པ་རེད།
- དེ་འདྲ་ཞིག་གང་ན་ཡོད་གི་ཟེར།
- རྒྱ་ཁྲ་ཁྲིམས་ལ་ཐོག་པ་རེད།
- ཁྱོད་ལ་བྱིན་པ་རེད།
- འདི་ཁྱོད་ཀྱིས་ཁྱེར་ཞེས་བཤད་དེ་ཁྲ་ཡིས་འཁུར་སོང་།
- ཁྲ་ལ་བྱིན་པ་རེད།
- འཁུར་ནས་མཐོན་པོ་ཞིག་ལ་བབས་ཏེ་ངས་ཁྱོད་ཟ་དགོས་ཟེར།
- ལོས་ཡིན་ལོས་ཡིན་ཟ་དགོས་པ་རེད།
- ཡན་ཆད་ཀྱི་མཐོན་པོ་གན་ལ་བབས་ན།
- ཁྲ་འབྲིང་ཞིག་གིས་བྱེའུ་འབྲིང་ཞིག་ཟོས་ཐལ་ཟེར།
- འདི་ནས་ཟོས་ན་ཁྲ་ངན་ཞིག་གིས་བྱེའུ་ངན་ཞིག་ཟོས་ཐལ་ཟེར།
- དེ་ཡིན་ན་མཐོན་པོ་གན་ལ་འགྲོ་ཨེ་ཐུབ་ཟེར་ནས།
- ཡང་ཁྲ་ཡིས་འཁུར་ནས་དཀྱིལ་པ་དེའི་མགོ་ལ་སོང་།
- ཁོས་ཁྱོད་ཟ་རྒྱུ་ཟེར།
- འདི་ནས་ཟོས་ན་བཟང་གི
- ཁྲ་འབྲིང་ཞིག་གིས་བྱེའུ་འབྲིང་ཞིག་ཟོས་ཐལ་ཟེར་ནི་རེད།
- ཡར་གྱི་མགོར་བུད་ན།
- ཁྲ་རབ་ཞིག་གིས་བྱེའུ་རབ་ཞིག་ཟོས་ཐལ་ཟེར་ནི་རེད།
- དེ་ནས་ཁྲ་ཡིས་འཁུར་ནས་ཡར་མགོ་ལ་སོང་།
- མགོ་མཐོ་ས་ལ་འགྲོ་སྤྱད་ཅི་ཞིག་དགོས།
- མི་ཞིག་ཡིན་རྒྱུ་ན་ཀླད་པ་འགུལ་བཞིན་ཡོད།
- ཡར་མཐོ་ས་ལ་སོང་ན་ཁོ་བྲོས་ན་འཆོར་བ་རེད་སྙམ་ནས།
- དེར་འཁུར་ནས་སོང་སྟེ།
- དེ་ནས་ཁོས་ཁྱོད་ཟ་རྒྱུ་ཟེར།
- ལོས་ཟ་སྟེ་ཁྱོད་ཀྱིས་ཟ་དགོས་པ་རེད་མོད།
- ཁོ་ཅུང་ཙམ་ཞིག་ལ་ལྷོད་དང་ཞེས་བཤད་ནས་ཅུང་ཙམ་ཞིག་ལྷོད་དུས།
- ཁོས་ཁོར་ཁ་ཆེམས་ཤིག་ཡོད་གི
- དེ་བཤད་དགོས་ཟེར་ནས།
- ཅི་ཞིག་བཤད་རྒྱུ་ཡོད་ཟེར་དུས།
- ཨ་ཆུ་ཨོང་ཁྲ་ཁྲ་ལོ་བར།
- བཅད་ཡུལ་ངན་ཁོའི་མགོར་ཆད་པ་ཡིན་ཞེས་ཤོད་དང་ཟེར།
- དེ་ནས་ཡང་ཁྱོད་ཀྱིས་ཁོ་ལྷོད་ཅེས་བཤད་དེ་ཉུང་ཙམ་ཞིག་ལྷོད་དུས།
- སྲུ་མོ་རྡོ་ལུད་བྲང་དམར་མ།
- བཅད་ཡུལ་ངན་ཁོའི་མགོར་ཆད་པ་ཡིན་ཞེས་ཤོད་དང་ཟེར།
- ཡ་ཞེས་བཤད།
- ད་རུང་ཁོར་བཤད་རྒྱུ་ཡོད།
- ཡང་ཁྱོད་ཀྱིས་ཁོ་ཅུང་ཙམ་ཞིག་ལྷོད་ཟེར་ནས།
- ཡང་ཅུང་ཙམ་ཞིག་ལྷོད་དུས།
- ཤར་མའི་དགྲ་རྟ་སུག་རིང་བ།
- མདའ་གཞུའི་གཞིི་བདག་ཆད་པ་ཡིན་ཞེས་ཤོད་ཟེར་དུས་ཡ་ཟེར།
- ཡང་གཅིག་ལྷོད་པ་རེད།
- ཕལ་ཆེར་ལྷོད་ནས་ཚར་སོང་།
- དེ་ནས་གཅིག་ལས་བཤད་རྒྱུ་མེད་ཟེར།
- ཁོས་མི་བཤད་ཟེར།
- ཡང་གཅིག་ལྷོད་དང་ཞེས་བཤད་པར་ད་ལྟ་ཨེ་ཆོག་གི་ཞེས་དྲིས་དུས་ད་རུང་ལྷོད་ཟེར།
- གང་ལྟར་ང་ཁྱོད་ལ་བྱིན་ཡོད་པ་རེད།
- ཁོ་འཆོར་དུ་འཇུག་པ་མ་རེད།
- དེ་ནས་ཁྲ་ཡིས་བཏང་བ་རེད།
- བཏང་དུས་མ་བཤད་པར་འཕུར་སོང་།
- ཁྲ་ཡིས་བདས་པ་རེད།
- བདའ་ནས་རི་མཐོ་བའི་རྐྱེན་གྱིས་ཀླད་ལ་འཛུལ་སོང་།
- འཛུལ་སོང་ནས་ཁྲ་ཡིས་སྒོ་ནས་བལྟས་ཏེ།
- ཁོ་མར་ནས་བསྡད་དེ།
- ཁྲ་ཡིས་བལྟས་ནས་བསྡད་དེ།
- ཡ་ཨ་ཁུ་ཁྲ་ཁྱོད་ཀྱིས་ང་ཟོས་ན་འདོད་ནས་ཤི་ཨེ་ཐལ།
- ཟ་ན་འདོད་གི
- ཁོར་བློ་ཞིག་ཡོད་གི་དེ་ཁྱོད་ལ་བཤད་མི་ཉན།
- བཤད་ན་ཁྱོད་ཀྱིས་ང་ཟོས་འཇོག་པ་རེད།
- ཁྱོད་ཀྱིས་ཤོད་དང་།
- ཁྱོད་ཀྱིས་ཁོར་ངེས་པར་དུ་ཤོད།
- བཤད་མི་ཉན་ཏེ་ཁྱོད་ཀྱིས་ཁོ་ཟོས་འཇོག་པ་རེད་ཟེར།
- བཀོད་པ་མེད་པར་ཁོས་ཁྱོད་ལ་བཤད་ཡ།
- དང་པོ་ཁོའི་ཕ་འདི་དེ་ལྟར་རྒྱ་ཁྲ་ཡི་ཁྲིམས་ན་ཐོགས་ནས།
- རྒྱ་ཁྲ་ཡི་ལག་ཏུ་བཞག་ནས།
- དེ་ལྟར་ཁོ་གཡག་རྭ་ཞིག་གི་ནང་དུ་འཛུལ་སོང་།
- ཕོ་རོག་གིས་བདས་ནས་ཁྱེར་ཡོང་སྟེ།
- ཁོས་ཕ་ཡིས་དེ་ལྟར་བཤད།
- དགོང་ཨ་སྔོན་གྱིས་བྱ་ལམ་གོང་མར་སོང་ནས།
- གཤོག་པ་གྲི་འདྲ་བ་ཞིག་བཅོས་ནས།
- གཡག་རྭའི་སྟེང་དུ་བརྒྱབ་ནས་གས་པ་རེད།
- དེ་ཅི་ཞིག་བྱེད་དགོས།
- དེ་ཡིན་ན་གཤོག་པ་ཆུ་ནང་དུ་བརྒྱབ་ནས།
- འདམ་ནང་དུ་བརྒྱབ་ནས་ཆུ་ནང་དུ་བརྒྱབ་ན།
- འདམ་ནང་དུ་བརྒྱབ་ན་གཤོག་པ་དེ་ཇེ་ལྗིད་ལ་བུད་འགྲོ།
- ཇེ་ལྗིད་ལ་བུད་སོང་ན།
- ཡར་བྱ་ལམ་གོང་མར་སོང་ནས་གྲི་ཡིས་གཡག་རྭ་སྟེང་དུ་བརྒྱབ་ན།
- གཡག་རྭ་གས་པ་རེད།
- དེ་ནས་ཁོའི་ཕ་ཟོས་པ་རེད།
- ཁོ་ཡང་དེ་འདྲ་བ་རེད།
- ཁྲ་ཡིས་དེ་རེད་འདོད་ནས།
- སོང་ནས་གཤོག་པ་ཆུ་ནང་དུ་བརྒྱབ།
- འདམ་ནང་དུ་བརྒྱབ་ནས་ཡོང་སྟེ།
- གྲི་ཁྱེར་ནས་ཡོང་སྟེ་གཡག་རྭ་སྟེང་དུ་བརྒྱབ་ནས་བཅད་པ་རེད།
- དེའི་སྐབས་ལ་ཁོ་སྒོར་བུད་ནས།
- འཇག་མ་ཞིག་བཅད་ནས་ཁྱེར་ཡོང་སྟེ་ལག་ཏུ་བཟུང་ནས།
- སྲན་མ་ཞིག་གི་མགོར་བབས་ནས།
- དེ་ལྡེམ་ཞིང་ལྡེམ་ཞིང་ཙམ་ཙམ་ལྡེམ་ཟེར་བ་སྲན་མའི་མགོར་བབས་པ་རེད།
- ལྡེམ་ཞིང་ལྡེམ་ཞིང་ཙམ་ཙམ་ལྡེམ།
- བྱའི་ཁྲི་ལྡན་རྒྱལ་བོ་བློ་ལྡན་བློ་ཞིག་ཡིན།
- འཇག་མ་མདུང་ལྡན་མདུང་ཞིག་ཡིན།
- གཡག་རྭ་ཁ་ལྡན་ཁ་ཞིག་ཡིན།
- དེ་ལྟར་བསྡད་དེ་ཁོས་ཁྲ་ཡི་མིག་གི་ནང་དུ་གཙག་ནས།
- ཕྱིན་ཆད་ཁོ་ཟ་ན་ཨེ་འདོད་གི་ཞེས།
- དེ་ནས་གནའ་གཏམ་འདི་ཚར་སོང་།
- བློ་རིག་ལ་མཁས་ན་འདི་འདྲ་རེད།