Skip to main content Skip to search
09 Sep 2014
2 min 47 sec
Video Overview
Creators: 
Duptho, Sonam Chophel

Chanu, an elder of Changmi village of Tashigang Dzongkhag, relates a story of a man who seeks revenge on a rat who ate his food while he was visiting Tibet. In retaliation, he decides to kill rats in India. The story is a metaphor for the human mind. Storytelling like this is part of a long-standing oral tradition that serves to educate children and instill certain moral perspectives.

 

༉  བཀྲ་ཤིས་སྒང་ འཆང་མི་ མཁར་མི་ལུ་ ཕྱག་ནུ་གིས་སྲུང་ཅིག་གཏང་མི་ནང་ ཧེ་མ་མི་ཅིག་བོད་ལས་ཚྭ་བཏོན་པར་འགྱོཝ་ད་ ཁོ་གི་རྩམ་ཁུ་བྱི་ཙི་གིས་ཟ་བའི་ཤུལ་ལས་ རྒྱ་གར་རྡོ་རྗེ་གདན་ལུ་གནས་བསྐོར་འགྱོཝ་ད་ མར་ལུ་བྱི་ཙི་ཅིག་བསད་པའི་སྐོར་ལས་ཨིན་པས། འ་ནཱི་སྲུང་འདི་ གཞན་མི་གིས་གཏང་ས་གོ་གོཝ་བཟུམ་ཅིག་འབད་བ་ཅིན་ སྒོམ་ཆེན་ཅིག་ ཡར་བོད་ལུ་མཚམས་བཅད་སྡོདཔ་ད་ དཔེ་ཆ་ཚུ་གནོདཔ་བཀལ་བའི་ཤུལ་ལས་ རྒྱ་གར་རྡོ་རྗེ་གདན་ལུ་ལྷོདཔ་ད་ བྱི་ཙི་ཅིག་བསད་བསདཔ་ཨིན་ཟེར་ བཤད་སྲོལ་ཡོདཔ་ཨིན་རུང་ ཕྱག་ནུ་གིས་བཤད་མི་འདི་ ཨ་ཙི་ཅིག་སོ་སོ་སྦེ་བཤད་ནི་འདུག ག་དེ་སྦེ་ཨིན་རུང་ སྲུང་གི་བཅུད་དོན་དེ་ཅོག་ར་འཐད་པའི་ཆ་ལས་ རང་གིས་བྱ་བ་ག་ཅིག་ར་འབད་རུང་ བརྟགས་ཤིང་དཔྱད་དེ་མ་འབད་བ་ཅིན་ སྲུང་འདི་དང་ཅོག་ར་འཐད་ ཟེར་བའི་དཔེ་སྟོནམ་ཨིན་པས།

Transcript search
No results found for this search
0 of 0
  • ཕྱག་ནུ་
    ང་བཅས་རའི་གཟུགས་ཀྱི་གྱིབ་མ་ ཆུ་ནང་ཤར་དོ་བཟུམ་ཅིག
  • ཕྱག་ནུ་
    ང་བཅས་མི་ལུ་རང་བཞིན་གྱི་འདུག་ཟེར་ཞུ་ནི།
  • ཕྱག་ནུ་
    ཚྭ་ལེན་པར་སོང་ནུག་ཟེར་ཞུ་ནི།
  • ཕྱག་ནུ་
    ད་ དེ་ལས་ སྲུང་གཅིགཔོ་འདི་ ང་གིས་ ང་བཅས་མི་གི་སེམས་འདི་ག་བཟུམ་ཡོད་ག་ཟེར་བ་ཅིན།
  • ཕྱག་ནུ་
    ཁོ་རའི་རྒྱགས་སྐལ་ ཆུམ་ཨ་ཙི་ཅིག་བཙུགས་སྦེ་འབག་སོང་ནུག་ཟེར་ཞུ་ནི།
  • ཕྱག་ནུ་
    ཧེ་མ་ མི་གཅིག་ ང་བཅས་རའི་འབྲུགཔ་གཅིག་ ཡར་ལྷ་ས་ལུ་
  • ཕྱག་ནུ་
    ཡར་ཡོདཔ་ད་ བྱི་ཙི་གིས་ ཁོ་རའི་ ཆུམ་གྱི་ཕད་ཙི་འདི་ བཟའ་ད་ནུག་ཟེར་ཞུ་ནི་ལགས།
  • ཕྱག་ནུ་
    དེ་ལས་ ཁོ་དབུགས་འགམ་ཏེ་ བྱི་ཙི་ག་ཏེ་འཚོལ་རུང་མེད་པར་ འཚོལ་མ་ཐོབ་པར་
  • ཕྱག་ནུ་
    ལྷ་ས་ལུ་ཚྭ་ལེན་པར་འགྱོཝ་ད་ལུ་
  • ཕྱག་ནུ་
    ད་རོགས་ ཁྱད་མེད་སྨ་རས་ཁྱོད་ཟེར།
  • ཕྱག་ནུ་
    ཁོ་ཡར་ལས་ མར་ གནས་བཟང་པོ་ཚུ་ལུ་ཡང་ གཞན་དང་གཅིག་ཁར་ཡར་སོང་ནུག་ཟེར་ཞུ་ནི།
  • ཕྱག་ནུ་
    ང་སང་ཕོད་ཡང་ ད་རུང་ལོག་འོངམ་ད་ ཁྱོད་ཕྱེདཔ་ད་ལུ་ ང་གིས་ཐད་རི་བ་རི་མི་བཞག་ནི་ཨིན་ཟེར་
  • ཕྱག་ནུ་
    དེ་ལས་ཁོ་གི་ཡར་ལུ་ དཔེ་འབད་བ་ཅིན་ ཁག་འགན་གཅིག་ཡང་བཀལ་ཏེ་ལོག་འོང་ནུག་ཟེར་ཞུ་ནི་
  • ཕྱག་ནུ་
    ཐབ་ཐོབ་འབད་དེ་ རོགས་མི་གཞན་དང་གཅིག་ཁར་ མར་རྡོ་རྗེ་གདན་ལས་མར་ཡང་
  • ཕྱག་ནུ་
    དེ་ལས་ ཁོ་ དེམ་ཅིག་གི་བར་ན་
  • ཕྱག་ནུ་
    དེ་འཕྲོད་ལས་ འ་ནི་ ལྟོ་དཀྲུག་མི་ཟན་སྐྱ་བཏོནམ་ཅིག་ བྱི་ཙི་གུར་ པེག་བཏངམ་ད་ བྱི་ཙི་ཤི་སོང་ནུག་ཟེར་ཞུ་ནི།
  • ཕྱག་ནུ་
    དེ་ལས་ ཁོ་གིས་ བྱི་ཙི་འདི་
  • ཕྱག་ནུ་
    དེ་ལས་ ཁོ་མར་ལྷོདཔ་ད་ རྡོ་རྗེ་གདན་ལུ་ བྱི་ཙི་འདི་ ཕྱད་ནུག་ཟེར་ཞུ་ནི་
  • ཕྱག་ནུ་
    གནས་རྡོ་རྗེ་གདན་ཟེར་མི་འདི་ གནམ་མེད་ས་མེད་གནས་རྩ་ཆེ་ཤོས་བཟང་པོ་གཅིག་ཨིན།
  • ཕྱག་ནུ་
    དེ་ལས་ ཁོ་གི་ ལྟོ་ཚང་ཚུ་གིས་ དབའི་ ཁྱོད་ཀྱིས་
  • ཕྱག་ནུ་
    ཁྱོད་ཀྱི་འདི་ནང་ སྲོག་གཅོད་འབད་མི་བཏུབ་ འདི་བཟུམ་གསད་མི་བཏུབ་ཟེར་སླབ་ད་
  • ཕྱག་ནུ་
    དེ་འབད་ནི་འདི་གིས་ ད་རེས་ ནཱ་ལུ་བསད་དགོ་མི་འདི་ དེ་ཨིན་ཟེར་ ཁོ་གིས་དེ་སྦེ་སླབ་ནུག
  • ཕྱག་ནུ་
    ད་ལྟོ་ནཱ་ བྱི་ཙི་འདི་རྡོ་རྗེ་གདན་ལུ་བསདཔ་ཨིན་ན་ཟེརཝ་ད་
  • ཕྱག་ནུ་
    དེ་སྦེ་འབདཝ་ད་ ཆ་རོགས་ཚུ་གིས་ སླབ་སླབ་མས།
  • ཕྱག་ནུ་
    ཁྱོད་ཀྱི་ ཕད་ཙི་དེ་ བོད་ལུ་བཟའཝ་ད་
  • ཕྱག་ནུ་
    ཁོ་ ཧེ་མ་ བོད་ལུ་ ངེ་གི་ ཆུམ་ ཁོ་གིས་བཟའ་བཟའཝ་ཨིན།
  • ཕྱག་ནུ་
    ཁོ་གིས་ ལན་ག་བཟུམ་སླབ་ནུག་ག་ཟེར་བ་ཅིན།
  • ཕྱག་ནུ་
    ཁོང་ག་ར་མི་ཚན་གཅིག་ཨིན་ སྤུན་ཆ་ཨིན་ འདི་འབདཝ་ལས་ བསད་བསདཔ་ཨིན་ཟེར་ ཁོ་གིས་དེ་སྦེ་སླབ་ནུག་ཟེར་ཞུ་ནི།