Skip to main content Skip to search
17 Aug 2018
8 min 24 sec
Video Overview
Creators: 
Penchela
Transcript search
No results found for this search
0 of 0
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    བསྐལཔ་ཆགས་པའི་ཆགས་ཚུལ་འདི་བཤད་མི་དགོ །བསྐལཔ་ཆགས་པའི་ཆགས་ཚུལ་དབའེ་བཤད་དགོ་ན། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    བར་ནམ་མཁའ་སྟོང་པའི་དབའེ་ནང་[ན་ལས?]། །ཨའེ་སངས་རྒྱས་སྤུན་གསུམ་དབའེ་སྐུ་འཁྲུངས་ནུག །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་སྐུ་ཡི་འཕགས་པ་དབའེ་འཇམ་དཔལ་འཁྲུངས། །ཨའེ་གསུང་གི་སྤྱན་རས་དབའེ་གཟིགས་དབང་འཁྲུངས། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་ཐུགས་ཀྱི་ཕྱག་ན་དབའེ་རྡོ་རྗེ་འཁྲུངས། །ཨའེ་སངས་རྒྱས་སྤུན་གསུམ་འཁྲུངས་ཚར་ཡི། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་ཉི་མའི་ཤར་ལས་དབའེ་དྲོད་ཅིག་འཚོལ། །ཨའེ་དྲོད་ཅིག་འཚོལ་བ་དབའེ་དྲོད་མ་མཐོང་། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་ཉི་མའི་ལྷོ་ལས་དབའེ་དྲོད་ཅིག་འཚོལ། །ཨའེ་དྲོད་ཅིག་འཚོལ་བ་དབའེ་དྲོད་མ་མཐོང་། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་སངས་རྒྱས་གསུམ་ཧེ་གཅིག་འཐོན། །ཨའེ་ཧེ་གཅིག་་་་ཧེ་གཉིས་ཆགས། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་སངས་རྒྱས་འུ་སྡུག་དབའེ་ཐང་ཆད་དེ། །ཨའེ་སངས་རྒྱས་སྤྱན་ཆབ་དབའེ་ཤོར་བ་འདྲ། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་སངས་རྒྱས་གསུང་ལ་ཧོ་གཅིག་གྲགས། །ཨའེ་ཧོ་གཅིག་གྲགས་པ་ཧོ་གཉིས་ཆགས། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་སངས་རྒྱས་སྤྱན་ཆབ་དབའེ་ཤོར་སོང་ནས། །ཨའེ་སྤྱན་ཆབ་མཚོ་མོ་དབའེ་གང་ཡོད་བ། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    [མཚོ་ཏོང་ཏོང་གཅིག་དང་དབའེ་ཏོང་ཏོ་གཉིས། །མཚོ་ཏོང་ཏོ་གསུམ་གྱི་དབའེ་ནང་ཤེད་ན། །?]
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ངེའི་ནོར་བུ་སུ་དང་དབའེ་གང་ཡང་འཐོན། །ཨའེ་ནོར་བུ་ཁྲི་གདུགས་དབའེ་ཉི་མ་འཐོན། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    [དེ་དང་ཕུར་འདྲ་མཚོ་ཤེལ་ཕུར་འདྲ། །ཏོང་མེ་ཏོང་?]དབའེ་ཕྱག་ན་རྡོ་རྗེར་ཞུ། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་ཕྱག་ན་རྡོ་རྗེར་ཞུ་ལྟ་ཚེ། །[དེ་ཤེལ་ཕུར་མི་འདྲ་རྟ་པོ་འདྲ། །?]
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    དེ་གཏང་ཡང་དགུང་སངས་ཕྱོགས་ལུ་གཏང་། །ཨའེ་རྒྱལ་ཁབ་ཡོངས་ཀྱི་ཕམ་རང་ཨིན། །
  • ཚང་ཁའི་ཨམ་སྲུ་ཚུ། Women from Tshangkha
    ཨའེ་རྒྱལ་ཁབ་ཡོངས་ཀྱི་ཕམ་རང་ཨིན། །ཨའེ་སེམས་ཅན་ཡོངས་ཀྱི་འགྲོ་དོན་མཛད། །ཨ་ནཱིམ་ཅིག་རང་མས།། །།