Video Overview
A lozey is a long ballad which is performed in a call and reply form similar to the format of tsangmo. Lozey is actually known as the “ornament of the speech.” They are many kinds of Lozey. The one Aum Thinley Bidha recites in this video is about how the world was formed.
བློ་ཟེ་ལུ་ ལྷམ་པ་ལེ་ཤ་ཅིག་ར་འདུག བློ་ཟེ་འགྲན་བསྡུར་འབད་བའི་སྐབས་ལུ་ ཕར་ལོགསམ་གི་བློའོ་དང་བསྟུན་ཏེ་ རང་གི་ཁ་ཐུག་ལས་ ཚིག་ཧན་ཏོང་ཏོ་བཟོ་སྦེ་ ལན་འཇལཝ་ཨིན། དེ་སྦེ་ ལྷམ་པ་ལེ་ཤ་ཡོད་པའི་ནང་ལས་ ཧཱ་ སྐར་ཚོགས་ལས་ འཕྲིན་ལས་བུ་དར་གྱིས་གཏང་མི་བློ་ཟེ་འདི་ འཇིག་རྟེན་ཆགས་པའི་ཆགས་ཚུལ་གྱི་སྐོར་ བཤད་པ་རྐྱབ་ཨིནམ་ད་ དེ་ཡང་ མཇུག་གི་ཚིག་འདི་ རྒྱ་མཚོའི་ཁ་ལུ་རྡོ་ཅིག་འཁྲུངས། །རྡོ་ནི་ཁ་ལུ་ས་ཅིག་འཁྲུངས། །ས་ནི་ཁ་ལུ་ཤིང་ཅིག་འཁྲུངས། །འཇིག་རྟེན་ཆགས་པའི་ཆགས་ཚུལ་ནི་ཨིན་པས། །ཟེར་ འཇིག་རྟེན་ཆགས་པའི་སྐོར་ བཤད་པ་རྐྱབ་ཨིན་མས།
- Haa
- ཨམ་འཕྲིན་ལས་བུད་དརགནམ་འཁོར་ལོ་རྩིབས་བརྒྱད་སྤུབས་པའི་འོག །
- ཨམ་འཕྲིན་ལས་བུད་དརས་པདྨ་འདབ་རྒྱས་གཏིང་བའི་གདན། །
- ཨམ་འཕྲིན་ལས་བུད་དརཕར་བཀྲ་ཤིས་ཁ་དར་ཚོགས་པའི་ཡུལ། །
- ཨམ་འཕྲིན་ལས་བུད་དརཚོགསཔ་གསུམ་གྱི་མགོ་་ལས་གླུ་ཞུ་གེ་ཟེར། །
- ཨམ་འཕྲིན་ལས་བུད་དརསྟེངཐོག་གནམ་གྱི་དགའ་བ། །
- ཨམ་འཕྲིན་ལས་བུད་དརསངས་རྒྱས་འཁྲུངས་པའི་འཁྲུངས་ཚུལ་ཤེས། །
- ཨམ་འཕྲིན་ལས་བུད་དརལྷན་སྒྲུབ་སའི་དྲེག་པ། །
- ཨམ་འཕྲིན་ལས་བུད་དརའབྲུ་ནག་དགུའི་ཆགས་ཚུས་ཤེས། །
- ཨམ་འཕྲིན་ལས་བུད་དརསྨན་ཆུང་རང་གི་ཁོངས་ལུ། །
- ཨམ་འཕྲིན་ལས་བུད་དརསྲུང་འཇིག་རྟེན་རྒྱས་པའི་ཆགས་ཚུལ་ཤེས་ཟེར། །
- ཨམ་འཕྲིན་ལས་བུད་དརའཇིག་རྟེན་ཆགས་པའི་ཆགས་ཚུལ་བཤད་མི་དགོ །
- ཨམ་འཕྲིན་ལས་བུད་དརའཇིག་རྟེན་ཆགས་པའི་ཆགས་ཚུལ་བཤད་དགོ་ཟེརན། །
- ཨམ་འཕྲིན་ལས་བུད་དརགནམ་ཟེར་གནམ་ཡངས་མེད་པ་ཧ་ར་ར། །
- ཨམ་འཕྲིན་ལས་བུད་དརས་ཟེར་ས་ཡང་མེད་པ་ཧུ་རི་རི། །
- ཨམ་འཕྲིན་ལས་བུད་དརང་བར་ན་སྟོང་པའི་རང་བཞིན་མས། །
- ཨམ་འཕྲིན་ལས་བུད་དརས་རྒྱ་ནག་རི་གི་རྩེ་ལས། །
- ཨམ་འཕྲིན་ལས་བུད་དརསྤྱན་ལེགས་ཞིང་སྤྱན་རས་གཟིགས་ར་འཁྲུངས། །
- ཨམ་འཕྲིན་ལས་བུད་དརཞལ་ལེགས་ཞིང་འཕགས་པ་འཇམ་དབྱངས་འཁྲུངས། །
- ཨམ་འཕྲིན་ལས་བུད་དརབར་ལས་ཕྱག་ན་རྡོ་རྗེ་འཁྲུངས། །
- ཨམ་འཕྲིན་ལས་བུད་དརཕྱག་ན་འཁྲུངས་ཏེ་རྒྱ་མཚོ་འཁྱིལ། །
- ཨམ་འཕྲིན་ལས་བུད་དརརྒྱ་མཚོ་ཁར་ལུ་རྡོ་གཅིག་འཁྲུངས། །
- ཨམ་འཕྲིན་ལས་བུད་དརརྡོ་འདི་ཁར་ལུ་ས་གཅིག་འཁྲུངས། །
- ཨམ་འཕྲིན་ལས་བུད་དརས་འདི་ཁར་ལུ་ཤིང་གཅིག་འཁྲུངས། །
- ཨམ་འཕྲིན་ལས་བུད་དརའཇིག་རྟེན་ཆགས་པའི་ཆགས་ཚུལ་ནི་ཨིན་མས་ཟེར། །