Video Overview
Kato Kyi from Sonak village in Tsekhok tells the story about how a thief became a hero by accidentally riding a tiger.
- རྒན་མོ་མ་བུ་གཉིས་ཡོད།
- རྒན་མོ་མ་བུ་གཉིས་ལ་བ་གླང་ཞིག་ཡོད།
- དགོང་མོ་ཞིག་ལ་མེ་རོགས་ཤིག་བཅོས་ནས་ཐབ་འོག་ལ་བསྲེག
- དེ་ནས་སྐུན་མ་ཞིག་གིས་སྟེང་ན་བ་བླང་དེ་བརྐུ་རྒྱུ་ཟེར་བ་དང་།
- སྟག་ཅིག་གིས་བ་བླང་དེ་འཆའ་རྒྱུ་ཟེར་ནས་སྒོ་ན་སྲུང་ཡོད་གི
- མ་གཞི་ནས་སྟག་དེས་ཁོ་གཉིས་ལ་ཐུབ་ཚོད་བྱེད།
- མེ་རོགས་དེས་ཐབ་འོག་ནས་སུར་སུར་གྲགས།
- ནང་ནས་སུར་སྒྲ་གྲགས།
- བུ་མོ་དེས་ཨ་མ་ང་ཨ་ཁུ་སུར་ལ་སྐྲག་གི་ཟེར།
- དེ་ནས་སྟག་གིས་ཨ་ཁུ་སུར་ཟེར་བ།
- ངའི་ཡན་ན་བཙན་པོ་ཞིག་མེད།
- ངའི་ཡན་ཆད་ན་ཨ་ཁུ་སུར་ཟེར་བ་ཞིག་ཡོད་དམ་འདོད།
- དེ་ནས་རྒན་མོ་ཡིས་ང་སུར་ལ་མི་སྐྲག་སྟག་ལ་སྐྲག་ཟེར།
- དེ་ནས་བར་ཞིག་ལ་སྟག་གིས་སུར་ཟེར་བ་ཞིག་ཡོད་དམ་འདོད་དེ།
- སྒོ་རྩ་ནས་ཡར་ལངས་མ་ཐག
- སྟེང་གི་རྐུན་མ་ཡིས་བ་བླང་སྒོ་ན་ཡོད།
- མྱུར་དུ་རྒྱུགས་ནས་སོང་སྟེ་རྒྱབ་ལ་ཞོན།
- ཞོན་པ་སྟག་ཡིན།
- སྟག་གིས་ཨ་ཁུ་སུར་མིན་ན་ཅི་ཡིན་འདོད་དེ་བྲོས་ནས་མཆོངས་པ་རེད།
- དེ་ནས་ཁོ་སྐྲག་ནས་སྟག་གི་གོང་ནས་འབབ་མ་ཐུབ་པར།
- མཆོངས་ནས་སོང་དུས་སྡོང་བོ་ཞིག་གི་རྩིབ་ནས་སོང་བས།
- སྡོང་བོ་འདིར་ང་འབྱར་ན།
- ང་འདིའི་ཐོག་ནས་ལྷུང་ཨེ་འགྲོ་འདོད་དེ་སྡོང་བོ་ཐོག་ལ་འཇུས་པས།
- སྡོང་བོ་ལག་ལ་མ་ཆུད་པར།
- སྡོང་བོ་ཐོག་ན་སྦྲུལ་ཞིག་འགོས་ཡོད་པ།
- ཁོའི་ལག་ལ་དེ་ཆུད་སོང་།
- དེ་ལག་པའི་ནང་དུ་བསྡམས་ནས།
- སྡེ་བ་ཞིག་ཡོད།
- སྡེ་བ་ཞིག་གི་འདབས་དེར་ཐོན་དུས།
- སྟག་གི་སྙིང་ལ་དཀའ་ལས་ཡོད་དེ་སྟག་ལོག་སོང་བ་རེད།
- ལོག་ནས་ཁོ་ཐང་ལ་བབས་དུས་ལག་ན་སྦྲུལ་ཞིག་བསྡམས་ཡོད།
- སྡེ་བ་དེ་ཡིས་གན་ན་ཡ་མཚན་ཞིག་ཡོད་གི
- ཅིག་སྟག་ཅིག་ལ་ཞོན་ནས་སྦྲུལ་ཞིག་ལྕགས་བཅོས་ནས་ཡོང་ཡོད།
- བལྟས་དུས་གན་རང་བཞིན་གྱི་མི་ཞིག་མ་རེད་ཅེས་སེམས་ཅན་གྱིས་དེ་ལྟར་བཤད།
- དེ་ནས་ཁོ་ཡང་ངར་བ་འདྲ་བཅོས་ནས།
- སྐྲག་ཁུལ་མ་བྱས་པར།
- སྡེ་བ་དེ་བདེ་བདེ་གཤོང་གཤོང་ཟེར་བའི་སྡེ་བ་ཞིག་དང་ཐུག་ལ་ཉེ་བས།
- དེ་ནས་ཁྱོད་རང་བཞིན་གྱི་མི་ཞིག་མ་རེད།
- ཁྱོད་དཔའ་བོ་ཡ་མེད་ཅིག་རེད།
- ང་ཚོའི་འདི་ནས་འདུག་དགོས་ཟེར་ནས།
- ང་ཚོ་འདི་ལྟར་བདེ་བདེ་གཤོང་གཤོང་གི་འདབས་ནས་ཆགས་ཀྱིན་མེད་པ།
- དེ་ལྟར་ཟེར་བས་ཁོས་ཡ་ཟེར་ནས་བསྡད།
- བསྡད་དུས་ལག་ཆ་ཅི་ཞིག་དགོས་ན།
- ཁྱོད་ལ་རྟ་ཞོན་པ་ཅི་ཞིག་དགོས་ན།
- རྟ་མང་པོ་ཞིག་ཡོད་ནི་རེད།
- དེའི་ནང་ནས་ཁྱོད་ཀྱིས་བསལ་ན་ཆོག
- མདུང་ཡང་ཁྱོད་ཀྱིས་མདུང་ར་ནང་ནས་བསལ་ན་ཆོག་ཅེས་བཤད།
- དེ་ནས་ཁོས་རྟ་ཡང་བརྟན་པོ་ཞིག་ཡིན་དགོས།
- རྟ་རྣམས་ཀྱི་སྣ་མགོར་ལག་པས་རེག་ནས་སོང་ན།
- རྟ་རྣམས་ཀྱི་ཧྥ་ཧྥུར་ཞེས་མགོ་ཡར་དགྱེས།
- ནང་ན་རྟ་ལག་པས་རེག་མི་ཐུབ་པ།
- འཛིན་ཐུབ་ཀྱིན་མེད་པ་ཞིག་གི་སྣ་མགོར་ལག་པས་འཇུས་པས་དེ་ཁ་རོག་གེར་བསྡད།
- འདི་རེད་འདོད་ནས་ང་འདིར་ཞོན་རྒྱུ་ཟེར།
- འདི་རང་བཞིན་ཞིག་མ་རེད་ཅེས་བཤད།
- རྟ་བཟང་བོ་ལག་འཇོག་ཐུབ་ཀྱིན་མེད་པ་ཞིག
- རྟ་ཡི་ནང་ནས་ཆེས་བཟང་བོ་ཁོས་བཟུང་བ་རེད།
- དེ་ནས་དེར་ཞོན་རྒྱུ་ཟེར་ནས་དེ་བཟུང་བ་ཡིན།
- དེ་ནས་མདའ་ར་ནང་ལ་སོང་ནས་མདའ་བསལ་ནས།
- བསལ་ཏེ་མདའ་རིང་པོ་ཞིག་བདེ་མོ་མ་རེད།
- མདའ་ཆུང་ཆུང་བདེ་མོ་ཞིག་དགོས་འདོད་ནས་བསལ་དུས།
- འཛམ་གླིང་ཚང་གི་མདུང་ཟེར་ནས་མདུང་ཟད་པོ་ཞིག་ཡོད་གི
- འདི་བཟང་གི་འདོད་ནས་ང་འདི་དགོས་ཟེར།
- འཛམ་གླིང་ཚང་གི་མདུང་བླངས་ཐལ།
- གན་ཅང་གིས་ལག་ལ་འཛིན་ཐུབ་ཀྱིན་མེད་པ།
- འཛམ་གླིང་ཚང་གི་མདུང་ཡིན་ཟེར་ནས།
- གཞན་གྱིས་ཁྱེར་ཐུབ་ཀྱིན་མེད།
- འདི་རང་བཞིན་གྱི་མི་ཞིག་མ་རེད་ཟེར་ནས།
- དེ་ནས་སང་ཉིན་ཚང་མ་རྟར་ཞོན་ནས།
- དམག་ལ་རྒྱུགས་དུས་ཁོའི་རྟ་ཡིས་ཁུར་སོང་།
- བདེ་བདེ་གཤོང་གཤོང་གི་དམག་གི་ས་ལ་ཐོན་སོང་མོད།
- ཁོ་འཆིང་ནས་རྟ་ཡི་རྒྱབ་ནས་ས་ལ་འབབ་མ་ཐུབ་པར།
- སྐྲག་པས་གཡང་ལ་གཡང་སྐྱིད་གོ
- བདེ་བདེ་གཤོང་གཤོང་གི་དམག་གི་རྩིབ་ལ་ཐོན་དུས།
- ང་བདེ་བདེ་ཞེས་ཐང་བདེ་ས་ཞིག་ལ་འཕོངས་ཟེར་བའི་ནང་དོན་རེད།
- ང་བདེ་བདེ་གཤོང་གཤོང་ཞིག་ལ་འཕོངས་ཨ་གཡང་ལ་གཡང་སྐྱིད་གོ།
- ང་བདེ་བདེ་གཤོང་གཤོང་ཞིག་ལ་འཕོངས་ཟེར་བས།
- བདེ་བདེ་གཤོང་གཤོང་གི་དམག་གིས་བལྟས་ན་རང་བཞིན་ཞིག་མ་རེད།
- མི་རྟ་གཉིས་ཀྱི་ཁ་ནང་སྣ་ནང་ན་མེ་འབར་ནས་ཡོང་བ།
- བདེ་བདེ་གཤོང་གཤོང་གི་དམག་གི་མིག་ལམ་ནས་དེ་འདྲ་ཞིག་རེད།
- འདི་རང་བཞིན་གྱི་མི་ཞིག་མ་རེད་ཟེར་ནས།
- བཤད་པ་ཡང་བདེ་བདེ་གཤོང་གཤོང་དམའ་དམའ་བྱོས་ཨ་གཡང་ལ་གཡང་སྐྱིད་གོ།
- བདེ་བདེ་གཤོང་གཤོང་དམའ་དམའ་བྱོས་ཞེས་བཤད་བཞིན་ཡོད་ལ།
- གན་རང་བཞིན་གྱི་མི་ཞིག་མ་རེད་ཟེར་ནས།
- བདེ་བདེ་གཤོང་གཤོང་གི་དམག་ཁོ་གཅིག་པུས་ཕར་སྤྲད་པ་རེད།
- དེ་ནས་ཁོས་ཕྱིར་བདེ་བདེ་གཤོང་གཤོང་གི་དམག་དེ་ཕར་ལ་སྤྲད་དུས།
- ཕྱིར་ཡོང་ནས་རང་ཉིད་ངར་བ་ཡིན་ཁ་བཅོས་ནས།
- སྡེ་བ་དེ་ཡིས་ཁོ་ཅི་བྱེད་འདི་བྱེད་མ་ཤེས་པར།
- ཁྱོད་ཡ་མཚན་ཞིག་རེད་ཅེས་བཤད་དེ་དེ་ལྟར་བསྡད།