Skip to main content Skip to search
30 Jan 2018
60 min 54 sec
Ariana Maki
Video Overview
Creators: 
Tsering Gyel

A detailed step-by-step documentary on the preparation, cutting, sewing, and finishing of a traditional sheepskin robe.

རྩེ་ཁོག་ས་ཆའི་ཁྱད་ཆོས་དང་ལྡན་པའི་སློག་པ་བཟོ་ཚུལ་ཞིབ་ཏུ་བསྟན་ཡོད།

འདི་ནི་རྩེ་ཁོག་ས་ཁུལ་གཅིག་པུར་མ་གཏོགས་མེད་པའི་པགས་རིགས་སྒྱུ་སྩལ་འབུར་ཏུ་ཐོན་པ་ཞིག་ཡིན། པགས་པ་རྐང་ཉེད་དངདམར་ཉེད། སྐམ་ཉེད་སོགས་རྨང་གཞིའི་ཉེད་སྲོལ་མང་པོ་ཡོད། ཉེད་ཟིན་པའི་པགས་པའི་སྟེང་དུ་ལྕགས་སོག་དང་སྨྱུག་སོག་གིས་རི་མོ་ཕབ་པའི་སྒྱུ་སྩལ་ངོ་མཚར་ཞིང་། སྟེང་དུ་གོས་རིགས་སྣ་ཚོགས་ཀྱིས་གོང་འཕུར་དང་ཁ་ཆོན་ཞེས་མདོག་བསྡེབས་ནས་དགུན་ལྭ་ཁྱད་པར་བ་བཟོ་སྲོལ་ཞིག་ཡིན།

སློག་པ་འཚེམ་བཟོ་བྱེད་སྐབས། བལ་འཇམ་པོའི་སྐུད་པ་དཀར་པོ་ལ་བསྟེན་ནས་ཕྲག་སྲུབས་དང་ཟྭ་ཆུང་བཅས་ལ་སྤྱིར་བཏང་སྲུབས་འཛིན་སྐྱི་མོ་བདུན་བརྒྱད་བརྩེགས་པ་དང་ཐུ་ཟྭའི་སྲུབས་ལ་དེ་ལས་ཅུང་ཙམ་ཉུང་བ་ཡིན་མོད། སློག་པའི་རབ་འབྲིང་དང་བསྟུན་ནས་སྲུབས་འཛིན་སྐྱི་མོ་མང་ཉུང་མི་འདྲ་བར་འཇོག་པར་སྣང་། དེ་ལས་གཞན་གྱི་སྲུབས་རྣམས་ལ་སྲུབས་འཛིན་སྐྱི་མོ་མི་འཇོག་པ་ཡིན།

本片详细介绍了带有泽库地方特色的羊皮袄的缝制方法。 

这种藏袍的制作是一种仅流行域泽库地区的皮制服装工艺。传统的生皮软化方法包括脚踩法、鲜皮揉搓法、干揉法以及其它一些基础手法。揉搓软化好的皮质上用铁锯或木锯刻印各种图案来制作这种羊皮袄。这种特殊的冬季羊皮袄主要用各种绸缎搭配衣领、袖口及绕边的颜色。缝制羊皮袄时,用柔软的白线给肩缝及肋省/肋缝等一般缝七、八层隔膜,下身侧缝的隔膜则少一些。隔膜层数的多少主要根据羊皮袄的质量而定。此外,其他的衣缝则不需隔膜。