Skip to main content Skip to search
17 Dec 2014
1 min 20 sec
Video Overview
Creators: 
Sonam Chophel, Dawa Tshering

In this video a local elder named Pasang talks about how her village came to be known as Raluta. According to her, when Zhabdrung visited the place, he as stricken by the gorgeous landscape; a cliff to the north overlooking a beautiful meadow, cut through by a rushing stream. Zhabdrung said that this scenery was similar to the one surrounding his former monastic seat (Druk Ralung in Tibet). Because of the similarity, the place was named Raluta. Most of the places in Laya are associated with Zhabdrung's visit.

༉  ང་བཅས་ར་འཇིག་རྟེན་གྱི་ཁམས་ནང་ཡོད་པའི་དངོས་པོ་ཡོད་རེ་ཡོད་ཚད་ མིང་གིས་མ་བསྡུས་པའི་ཆོས་ག་ཅི་ཡང་མེདཔ་བཞིན་དུ་ མགར་ས་ཆ་འོག་ ལ་ཡག་རྒེད་འོག་ལུང་སྒོ་ལས་ སྐྱེས་ལོ་ ༧༣ ལངས་མི་པ་སངས་ཀྱིས་བཤད་མི་ནང་ གཡུས་ར་ལུང་ཏ་ ཟེར་མི་འདི་ ས་ཆ་ག་ནི་བ་དགའ་ཏོག་ཏོ་ མགུ་ལུ་བྱག་ མཇུག་ལས་ཆུ་ཐོན་སའི་བར་ན་ ཐང་དགའ་ཏོག་ཏོ་སྦེ་ཡོདཔ་ལས་ ཧེ་མ་ཞབས་དྲུང་རིན་པོ་ཆེ་བྱོན་པའི་སྐབས་ བོད་ཀྱི་ས་གནས་ གདན་ས་ར་ལུང་དང་ལྕོགས་ར་འཐདཔ་སྦེ་ཡོད་ནི་འདི་གིས་ ས་གནས་ཀྱི་མིང་དེ་ཁའི་མིང་ཡང་ ར་ལུ་ཏ་ཟེར་ ཞབས་དྲུང་རིན་པོ་ཆེ་གིས་བཏགས་བཏགསཔ་ཨིནམ་ད་ ལུང་སྒོ་ལས་ཕར་འགྱོཝ་ད་ བླམ་སྐུ་ངལ་གནང་གནངམ་དང་དབུ་ཞྭ་གི་པར་ཚུ་ཡང་ མཇལ་ནི་ཡོདཔ་སྦེ་བཤདཔ་ཨིན་པས།

Transcript search
No results found for this search
0 of 0
  • པ་སངས། Pasang
    དེ་ལན་འ་ནི་ར་ལུ་ཏ་ཟེར་མི་ཅིག་ཡོད་ལགས། ལུང་གུ་ལས་ཕ་འགྱོཝ་ད་ ར་ལུ་ཏ་ཟེར་མི་ཅིག་ཡོདཔ་་ལགས། ར་ལུ་ཏ་ཟེར་མི་འདི་ བླམ་ན་ལས་ཕར་བྱོནམ་ད་ ཕ་ལམ་ཁར་ བླམ་སྐུ་ངལ་གནང་ སྐུ་ངལ་གནང་གནངམ་དང་ དེ་ལས་དབུ་ཞྭམ་གྱི་པར་དང་ བླམ་འ་ནི་སྦེ་བཞུགས་བཞུགས་ཀྱི་རྡོའི་གུ་རང་ཁྲི་བའི་པར་འདི་ཡོད་ལགས།
  • པ་སངས། Pasang
    དེ་ང་བཅས་མཇལ་མ་ཚུགས་བར་ཨིན་མས། གཞན་ཕ་ལམ་ཁར་ཡོད་ལགས། ཏེ་འ་ནི་འབདཝ་ད་ བླ་མའི་གི་གདོན་ས་འདི་ར་ ཕ་ར་ལུ་དགོན་པ་ཕུལ་ ར་ལུ་དགོན་པ་ཨིན་མས་ལགས། ཏེ་ར་ལུ་དགོན་པ་ཟེརཝ་ད་ ཕ་ར་ལུ་ཏ་ཟེར་མི་འདི་ནང་ ཨ་ཙི་ཙི་དགའ་ཏོག་ཏོ་འབད་ ས་འདི་ཡང་ཆགས་སུ་དགའ་ཏོག་ཏོ་ཚངམ་ཅིག་འབད་ ཡ་འགོ་ལས་བྲག་འབད་ འོག་ལས་མར་ཐང་འབད་ མ་འོག་ལས་ཆུ་ཡང་ཡོད་ དགོས་ཟ་ (གཡུས་ཀྱི་མིང་)་ཟེར་མི་འདི་ནང་ཆུ་ཡོདཔ་འབད་ནི་འདི་གི་ དགའ་ཏོག་ཏོ་ཡོད་ནི་འདི་གི་ དེ་ལས་བླ་མའི་གི་ར་ལུ་ཏ་ཟེར་ འ་ནི་ར་ལུ་ཏ་དགོན་པ་ཅོག་འཐདཔ་འབད་ཟེར་ ར་ལུ་ཏ་ཟེར་འ་ནི་སྦེ་གསུངས་འདི་ ཞབས་དྲུང་གི་འ་ནི་གསུངས་གསུངསམ་ཨིན་ཟེར་སླབ་ཨིན་མས་ལགས།