Skip to main content Skip to search
24 Aug 2018
4 min 37 sec
Video Overview
Creators: 
Penchela, Yeshi Wangchuk, Karma studio

A prophecy predicted that Zhabdrung Ngawang Namgyal (1594-1651) would come to Bhutan. In 1616, he was indeed compelled to flee Tibet. Following visions in which the chief guardian deities of Bhutan offered him a home, Zhabdrung established a new residence in western Bhutan. It is said that when this master came to the country, the Bhutanese people sang the zhungdra song “How Qualified Masters Gather” (Tsenden Tsokpe Tsokluk), which is sung in this video by Choden from Trongsa District.

 

ལུང་བསྟན་དང་ འཁྲིལཝ་ད་ ཞབས་དྲུང་ངག་དབང་རྣམ་རྒྱལ་འདི་ འབྲུག་ལུང་པ་འབྱོན་འོང་ཟེར་འཐོན་ནུག སྤྱི་ལོ་༡༦༡༦ལུ་ བོད་ལས་ འབྲུག་རྒྱལ་ཁབ་ནང་ འོང་འབྱོན་དགོཔ་འཐོན་ནུག དེ་ཡང་ དཔལ་ལྡན་འབྲུག་པའི་སྲུང་མ་གིས་ འབྲུག་རྒྱལ་ཁབ་ནང་ལུ་ སུ་བ་ཞུ་འབད་བའི་ མཐོང་སྣང་དང་ ཆིབས་ཁ་ལྷོ་ལུ་འགྱོ་བའི་ མཐོང་སྣང་མཐོང་ནི་འདི་གིས་ཨིན་མས། ཞབསདྲུང་གིས་ འབྲུག་གི་ལྷོ་ཕྱཽག་ས་ཁ་ཐུག་ལུ་ གནས་ཁང་གསརཔོ་ཅིག་ཡང་ བཞེངས་ཡོདཔ་ཨིན་མས། ཀྲོང་གསར་རྫོང་ཁག་ནང་ལས་ ཆོས་སྒྲོན་གྱིས་ ཨ་ནཱི་བརྙན་འཁོར་ནང་ལུ་འཐེན་ཡོད་པའི་གླུ་གཞས་ ཙན་དན་ཚོགས་པའི་ཚོགས་གླུ་ཟེར་མི་འདི་ ཞབས་དྲུང་རིན་པོ་ཆེ་ འབྲུག་ལུ་འབྱོནམ་ད་ འབྲུག་མི་ཚུ་གིས་འཐེན་ཡི་ཟེར་བཤདཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • གླུ་བཤད་མི་དགོ། ཆོས་སྒྲོན་ མཚན་ལྡན་ཚོགས་པའི་ཚོགས་ལུགས་ Choden
  • ཆོས་སྒྲོན་ Choden
    མཚན་ལྡན་ཚོགས་པའི་ཚོགས་ལུགས་ལ་བཤད་དགོ་ན། །
  • ཆོས་སྒྲོན་ Choden
    དབུ་ཞྭ་གནམ་ལས་(ལ་)མ་རེག་རེག་གི་སྡོམ་པ་གཅིག །
  • ཆོས་སྒྲོན་ Choden
    ཤམ་ཐབས་ས་ལ་མ་རེག་རེག་གི་སྡོམ་པ་གཉིས།
  • ཆོས་སྒྲོན་ Choden
    ན་བཟའ་བར་ལ་ན་བཟའ་བར་ལ་ལོ་འདབ་རྒྱས་བ་སོ་ཟེར་ནས་ཡ་ཡ།
  • ཆོས་སྒྲོན་ Choden
    ཡར་གྱི་ཨོ་ལོ་དད་པའི་གི་མཚན་ལྡན། །
  • ཆོས་སྒྲོན་ Choden
    སངས་རྒྱས་སྟོང་གི་རྣམ་སྤྲུལ་ཐོབ་པ་ལགས་སོ།།ལགས་སོ་ལེ་མོ་ཡ།། །།