Skip to main content Skip to search
25 Jan 2016
2 min 4 sec
Video Overview
Creators: 
Yeshi Wangchuk, Dorji Nima

Yangkali seeds are used in the kologpa game. The toy consists of a yangkali seed with a stick inserted through it. The goal of the game is to spin the kologpa for the longest time possible. Alternatively, children sometimes spin the kologpa and run around a house competing to see who can reach it first before the spinning stops. Since the bamboo houses common to the area do not have even-surfaced floors, a cowhide, a pot lid, or some other object with a smooth surface is used as a board to spin the kologpa.

 

གློག་བརྙན་འདི་ནང་ གསལ་བཤད་པ་གིས་ ཡང་ཀ་ལི་ནང་རྫས་ཀྱི་ ཀོ་ལོག་པ་གི་རྩེདམ་ག་དེ་སྦེ་ བཟོ་དོ་ཡོདཔ་ཨིན་ནའི་སྐོར་ལས་ བཤད་པའི་སྐབས་ ཡང་ཀ་ལི་ནང་ ཁརཝ་གི་ལག་བཤེད་ས་ཅིག་ བཙུགས་ཞིནམ་ལས་འགྱིརཝ་ཨིན་པས། འ་ནཱི་རྩེད་ཆས་འདི་ལུ་ ཀོ་ལོག་པ་དང་ རྩེད་ཆས་འདི་ ལག་ལེན་འཐབ་སྟེ་ རྩེད་མི་རྩེདམ་འདི་ལུ་ ཀོ་ལོག་པའི་རྩེདམ་ཟེར་ སླབ་ཨིན་པས། རྩེདམ་འདི་ ག་གིས་དུས་ཡུན་རིངམ་སྦེ་ འགྱིར་ཚུགས་ག་དང་ འཕྲལ་འཕྲལ་སྐབས་ འདི་འགྱིར་ཞིནམ་ལས་ ཨ་ལུ་ཚུ་ ཁྱིམ་བསྐོར་ར་རྐྱབ་རྒྱུག་ཏེ་ འགྱིར་ནི་མ་ཆདཔ་ལས་ ག་གིས་ ལོག་ལྷོད་ཚུགས་ག་བལྟ་དོ་ཡོདཔ་མས། ལུང་ཕྱོགས་འདི་ཚུ་ནང་ ཨེན་ཏ་གི་འཐིང་གཞི་ ཟེརཝ་མེདཔ་ལས་ ཀོ་ལོག་པ་འགྱིར་ནིའི་དོན་ལུ་ ནོར་གྱི་པགས་ཀོ་དང་ ཀ་ལ་རྫམ་གྱི་ཁབ་ཏོ་དང་ ཡང་ན་ ཅ་ལ་ལེབ་ཏ་ཚུ་ ལག་ལེན་འཐབ་་དོ་ཡོདཔ་ཨིན་པས།

 

Transcript search
No results found for this search
0 of 0
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    འ་ནཱི་ཚར་གཅིག་མ་སྡོདཔ་ལས་ ཨ་ལུ་ཚུ་ ལོག་ལྷོད་དགོ་ལགས་ (ཁྱིམ་ཚར་གཅིག་བསྐོར་ར་རྐྱབ་སྟེ་)
    Before it stops for once, children had to reach back.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    རྩེ་ནི་འདི་ ག་ཏེ་རྩེ་རུང་བཏུབ་པས་སྨོ? དཔེར་ན་ ད་ལྟོ་འབད་བ་ཅིན་ ཀ་ལ་ཁབ་ཏོ་ཅིག་ཨིན་པས་སྨོ?
    To play, can we play it anywhere? For instance, right now it is on the lid of a pot, right?
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    དང་ཕུ་ ང་བཅས་ཀྱིས་ ཀ་ལ་ཁབ་ཏོ་དང་ པགས་ཀོ་དེ་ཚུ་གུ་ རྩེ་འོང་ལགས།
    In olden days, we used to play it on the lid of a pot and bark of a tree.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་ དང་ཕུ་སྦ་གྱི་ ཁྱིམ་མ་གཏོགས་ ཨེན་ཏའི་ཁྱིམ་ཡང་ གནམ་མེད་ས་མེད་མིན་འདུག་སྨོ?
    Ok , in olden days except there is house made of bamboo not the house of woodblock, right?
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    ཨེན་ཏ་གི་ཁྱིམ་མེད་ལགས སྦ་ཨིན།
    There was no house made of woodblock rather there was of bamboo house.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Lasola.
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    ཀོ་ལོག་པ་འདི་ འ་ནཱེ་སྦེ་ཨིན་སློབ་དཔོན། ང་བཅས་ཚུ་གིས་ ཀོ་ལོག་པ་རྩེཝ་ད་ ཨ་ནཱི་ ཀོ་ལོག་པ་ཚར་ཅིག་མ་སྡོདཔ་ལས་ ཨ་ལོ་འདི་ཚུ་ ཁྱིམ་བསྐོར་ར་རྐྱབ་སྟེ་ ག་གིས་ལྷོད་ཚུགས་ག་ འགྲན་བསྡུར་འབད་འོང་སྦ་ལགས།
    Kologpa (native language), it was like this sir? When we play it, before it stops for once, children used to rotate around the house and used to observe who rotate fast by having competition.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok.
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    ལམ་ཐག་རིང་སར་ ག་དེམ་ཅིག་སོང་སྟེ་ལྷོད་དོ་ག་ལགས། ཀོ་ལོག་པ་བཏང་བཞག་ཞིནམ་ལས་ ལོག་ལྷོད་དགོ་ལགས།
    How far distance can we reach after we depart. After we start playing, have to reach back.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་ལགས་སོ།
    Ok.
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    (Speaker uses english term as first) ཨང་དང་པ་དང་ གཉིས་པ་འཐོབ་ནིའི་དོན་ལུ In order to get first and second position.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་ལགས་སོ།
    Ok.
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    དེ་སྦེ་རྩེ་འོང་ལགས།
    Use to play like this.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ག་གིས་ མགྱོགས་པ་སྡོད་མི་འདི།
    Who ever reach fast
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    ཨིན་ལགས།
    Yes..
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ཕམ་ཨིན་ན་ལགས?
    Is it parents?
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    ཨིན་ལགས།
    Yes..
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok.
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    འ་ནཱི་སྡོད་ཚར་ཞིནམ་ལས་ ལྷོད་མི་འདི་ ཕམ་མིའི་གྲངས་སུ་བརྩིཝ་ཨིན་ལགས།
    Persons who ever reach after it stops were considered as looser.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    ལགས་སོ།
    Lasola.
  • རིན་ཆེན་དཔལ་འབྱོར་ Rinchen Penjo
    འ་ནཱེ་སྦེ་ཨིན་སློབ་དཔོན།
    It is like this sir.
  • དབྱངས་གསལ་ལེགས་ལྡན་ཆོས་སྐྱིད་ Yangsel Lekden Choki
    ཡ་་་། ཕར་འབད་མས་ད།
    Oh! be aside.
  • ཞིབ་འཚོལ་པ་ཡེ་ཤེས་དབང་ཕྱུག་ Researcher Yeshi Wangchuk
    འེང་་་།
    Ok.