02 Apr 2019
5 min 1 sec
Video Overview
Creators:
Tsewang Dorje, Tibetan & Himalayan Library
An introduction to the children's pebble game, Ga.
སྒ་ཞེས་པའི་རྩེད་མོའི་རྒྱུ་ཆ་དང་རོལ་རྩེད་རྩ་དོན། སྒ་འཕེན་ཚུལ་དང་སྒ་འཕེན་པའི་གོ་རིམ། སྒ་ཞེས་པའི་ནང་གསེས་རིགས་མི་འདྲ་བ་སོགས་གསལ་བཤད་བྱས་ཡོད།
བྱིས་པའི་རྩེད་མོ་རིགས་མི་འདྲ་བ་རེ་རེ་རྩེད་པའི་ཁོར་ཡུག་དང་སྒྲིག་ལམ། དེ་དང་འབྲེལ་བའི་རྩེད་ཆས་དང་རྒྱུ་ཆ། མི་སྣ་དང་ལས་འགན། རྒྱལ་ཁའི་བྱ་དགའ་དང་ཕམ་ཁའི་ཆད་པ་བཅས་གླེང་ཡོད།
这段视频介绍传统藏族儿童的游戏拣石子和游戏的规则,所需要的材料,如何玩法,顺序,以及不同的玩法。
这段视频介绍传统藏族儿童的游戏拣石子和游戏的规则,所需要的材料,如何玩法,顺序,以及不同的玩法。
- སྒ་འཕེན་རྒྱུ་དེ་ལ་དང་མགོ་སྒ་ཆབས་ཟེར་ན།
- མི་གསུམ་ཡོད་ན་མི་གསུམ་པོས་རང་རང་གི་
- ཆབས་རེ་འཕེན་ནི་རེད། ཆབས་རྡོ་ལྔ་ཡོད་པ་འཕངས་
- རྗེས་ལག་པའི་སྟེང་དུ་འདུག་རྒྱུའི་མང་ཉུང་རེད།
- གཅིག་ལ་ཆབས་རྡོ་ཚང་མ་བསྡད་ཡོད་ན།
- གཅིག་ལ་གསུམ་དང་གཅིག་ལ་གཉིས་ལས་བསྡད་མེད་ན།
- སྔོན་དུ་སུ་ལ་མང་པོ་བསྡད་ཡོད་ན་དེ་སྔོན་མགོ་མ་སྔོན་མ་དེ་རེད།
- ཆབ་རྡོ་གཅིག་གནམ་དུ་འཕངས་རྗེས་གཞན་དག་སར་བཞག་ནས་
- སྔོན་དུ་ཁེར་མོ་རེད། ཁེར་མོ་ཞེས་ན་མགོའི་རྡོ་གནམ་དུ་འཕང་རྗེས་
- ལག་པ་གཅིག་ཤོས་དེས་གཅིག་རེ་གཅིག་རེ་བྱས་
- བསགས་པར་དེ་ཁེར་མོ་རེད། ཁེར་བུ་ཁེར་བུ་བྱས་ལེན་རྒྱུ་རེད།
- དེ་ནས་ཉེས་མོ་རེད། རྡོ་གཉིས་གཉིས་བྱས་ལེན་ནི་རེད།
- རྡོ་གཉིས་གཉིས་བོ་བླངས་ཚར་དུས་གསོག་རེད།
- དེ་ནས་གསོགས་རེད། གསོགས་ཡོང་བར་མ་ལོག་ན་
- མར་འཕང་རྗེས་གཏང་རེད།
- གཏང་ཟེར་ན་རྡོ་ཁེར་བུ་རེ་མར་འཕེན་ཞོར་དུ།
- མར་འཕེན་སྐབས་ཆེན་པོ་ཞིག་གཏོར་ཉན་ནི་མ་རེད།
- དལ་མོར་འཕེན་དགོས་པ་ལས་དེའི་འཕྲོར་བཞབ་རན་ནི་རེད།
- དེ་ལྟར་མ་ལོག་ན་གཏང་བཞབ་ཞེས་མགོའི་རྡོ་འཕང་སྟེ་
- ཁ་ཚང་བོ་བཞབ་ཨེ་ཐུབ་ལྟ།
- ཞོབས་རྗེས་དེའི་འཕྲོར་སྒ་འཛུགས་རན་ནི་རེད།
- སྒ་འཛུགས་རྒྱུར་ཡང་ཆབས་ཞིག་འཕེན་དགོས་ནི་རེད།
- ཆབས་ཞིག་འཕངས་ཚེ།
- ཆབས་ཁེར་བུ་ཞིག་ལས་འཕེན་ཆོག་ནི་མ་རེད།
- ཆབས་ཁེར་བུ་ཞིག་འཕང་དུས་སྟེང་དུ་གཉིས་ལས་མ་བསྡད་ན།
- སྒ་འཛུགས་རྒྱུ་ལ་ཉིས་སྒ་ལས་བཙུགས་མི་ཆོག
- གསུམ་བསྡད་ན་སུམ་སྒ་བཙུགས་ཆོག
- སྒ་བཙུགས་རྗེས་གྲོལ་རྒྱུ་ལ་ཡང་སྔོན་དུ་ཉིས་སྒ་ཡིན་ན་
- ཐེངས་གཉིས་ལས་གྲོལ་རྒྱུ་ཡོད་ནི་མ་རེད།
- ཐེངས་གཉིས་ལས་རྫོགས་མ་ཐུབ་ན་མ་ཐུབ་ནི་རེད།
- སུམ་སྒ་བཙུགས་ཡོད་ན་ཐེངས་གསུམ་ལ་གྲོལ་ན་ཆོག་ནི་རེད།
- ཡང་དེའི་ཀྱང་མ་ཐུབ་ན་གཅིག་བོགས། གཉིས་བོགས་ཞེས་ཚུར་ལ།
- སྒ་གཏོར་བཞག་ཡོད་ན་ཐེངས་གཉིས་ལ་བསྡུས་ན་ཆོག་ནི་རེད།
- དེ་ནས་སྒ་འཛུགས་རྒྱུ་རེད། དེ་ནས་སྒ་བཞབ་བྱས་ན་
- དོ་ཡས་(ཁལ་ཕྱེད།)བཀལ་བ་ཡིན།
- དེ་ལྟར་དུ་གཅིག་གིས་གཅིག་ལ་ཁལ་གཅིག་དོ་ཡས་ཞིག་བཀལ་ནི་ཟེར།
- གཅིག་ཤོས་ཡིན་ན་ད་དའི་དོ་ཡས་དེ་ཕོག་ཨེ་ཐུབ་ལྟ་དགོས།
- ཁྱོད་རང་ཡང་མ་ལོག་པར་འཕང་ན་རང་རྒྱབ་ཀྱི་
- དོ་ཡས་དེ་ཕོག་བཞག་ནི་རེད། ད་དུང་ཚུར་ལ་བཀལ་ན་ཡང་།
- འགེལ་ཐུབ་ན་དེ་ལྟར་གཅིག་གིས་གཅིག་ལ་དོམ་ལྟར་ཆད་ནས་འགྲོ།
- མཐར་མཚམས་འཇོག་རན་དུས་ན།
- ངེས་པར་དུ་ལག་པས་བྱིས་ཏེ་ཤུལ་ལ་མཆིལ་མ་ཞིག་
- འཕེན་དགོས་པ་ལས་དེ་ས་གནས་ཚོར་མི་བཟང་ཟེར།
- ལོ་ལོན་ཚོས་བཤད་ན། དེ་ལྟར་འཕེན་དགོས་ནི་རེད།
- རིགས་ལ་ཤྭ་སྒ་རིང་ཐུང་ཟེར་རྒྱུགས་ཞིག་ཡོད།
- མགོ་མང་ཐོད་སྒ་ཟེར་རྒྱུ་ཞིག་ཡོད།
- དེ་ནས་རུལ་སྒ་ཟེར་རྒྱུ་ཞིག་ཡོད།
- དེ་ནས་ཙག་ཙག་སྒ་ཟེར་རྒྱུ་ཞིག་ཡོད།
- དེ་དག་ལ་འཕེན་ཚུལ་ཡང་མི་འདྲ།
- གསོགས་དང་གཏང་དུས་སུ་གཅིག་གིས་གཅིག་ལ་ཐུག་ན།
- རུལ་སོང་ཞེས་ཟེར། རུལ་སྒ་དེ་ཡང་ལོག་སོང་ནི་རེད།
- དེ་ནས་མ་ཐུབ་ནི་རེད། གཅིག་གིས་གཅིག་ལ་ཐུག་ཉན་ནི་མ་རེད།
- ཆབས་མི་གཅིག་པ་བཞི་ཡོད། གཅིག་གིས་གཅིག་ལ་འུར་བརྒྱབ་ན།
- སྒ་འཕེན་ན་ཤྭ་སྒ་རིང་ཐུང་འཕེན། དེ་མིན་ན་མགོ་མང་ཐོད་སྒ་འཕེན།
- དེ་མིན་ནས་སྒ་ཞིག་འཕངས་བས་ཅི་བྱེད་ཟེར་ནི་རེད།
- སྒ་འཕེན་མཁན་ཚོས་མགོ་མང་ཐོད་སྒ་དང་ཤྭ་སྒ་འཕེན་རྒྱུ་དཀའ་
- བས་དེ་ལྟར་ཟེར་སྲིད། སྒ་ཞེས་པ་དེ་ལྟར་འཕེན་རྒྱུ་ཡིན།