Video Overview
This is a video of Drolle from Serchen, Amdo singing a song called "How Pitiful This Is." This song is part of a collection of folk songs from the Rebgong cultural area.
- ༼ཡེ་་་་་ཡ་རེ་ཡ་རེ་་་་ཡ་རེ་ལེན་དགོ བྱང་ཡ་རེ་རང་གི་ལེན་ཕྱོགས་རེད༽
- འདི་སྙིང་རེ་རྗེ་ན་སྙིང་རེ་རྗེ། །
- ལུག་སོ་བཞིའི་ཕོ་ཐོང་སྙིང་རེ་རྗེ། །
- འདིའི་སྔུན་ན་སྐེ་གཅོད་ཤན་པའི་ཁྲིད། །
- འདིའི་རྗེས་ན་རྒྱུ་བདག་བྱི་ལུས་དེད། །
- ཞེ་ད་དུང་ཕྱིར་ལ་སྤང་ལ་ཆགས། །
- སྙིང་རྗེ་ན་རྗེ་རྒྱུ་གན་ལ་ཡོད། །
- ངས་གླུ་བར་མ་བསྐྱུར་ནས་རྗེས་མ་ལེན། །
- འདི་སྙིང་རེ་རྗེ་ན་སྙིང་རེ་རྗེ། །
- ལོ་དྲུག་ཅུའི་ལོ་ལོན་སྙིང་རེ་རྗེ། །
- འདིའི་སྔུན་ན་འཆི་བདག་ཕོ་ཉས་ཁྲིད། །
- འདིའི་རྗེས་ན་དྲུག་ཅུས་ལོ་ཡིས་དེད། །
- ཞེ་ད་དུང་ཕྱིར་ར་ཡུལ་ལ་ཆགས། །
- སྙིང་རྗེ་ན་རྗེ་རྒྱུ་གན་ལ་ཡོད། །
- གླུ་ཤེས་ནི་མིན་ཡང་དགའ་ནི་ཡིན། །