Skip to main content Skip to search
05 Jan 2016
2 min 17 sec
Video Overview
Creators: 
Tibetan & Himalayan Library

This is a video of Drolle from Serchen, Amdo singing a song called "How Pitiful This Is." This song is part of a collection of folk songs from the Rebgong cultural area.

འདི་ནི་དྲུག་ཅུ་ལོ་ལོན་རྒ་བ་དང་འཆི་བའི་སྡུག་བསྔལ་གྱིས་ཟིན་གྱིན་ཡོད་པས་སྙིང་རྗེ་བ་ཞིག་ཡིན་པ་བརྗོད་ཡོད།

གླུ་འདིའི་ནང་དོན་གཙོ་བོ་ནི་ལུག་ཕོ་ཐོང་སྐེ་གཅོད་ཤན་པས་སྔུན་ན་ཁྲིད་ཀྱིན་ཡོད་པ་དང་རྒྱུ་བདག་བྱི་ལིས་རྗེས་ནས་འདེད་ཀྱིན་ཡོད་རུང་ད་དུང་སྤང་ལ་ཞེ་ཆགས་ཡོད་པས་སྙིང་རེ་རྗེ་ཞེས་པ་དང་།   ལོ་དྲུག་ཅུ་ལོན་པའི་རྒན་པོ་སྔུན་ན་འཆི་བདག་ཕོ་ཉས་ཁྲིད་པ་དང་རྗེས་ན་དྲུག་ཅུ་ལོ་ཡིས་འདེད་ཀྱིན་ཡོད་རུང་ཞེ་ད་དུང་རང་གི་ཡུལ་ལ་ཆགས་ཀྱིན་ཡོད་པས་སྙིང་རེ་རྗེ་ཞེས་བརྗོད་པའི་གླུ་ཞིག་ཡིན།

Transcript search
No results found for this search
0 of 0