Skip to main content Skip to search
19 Jul 2018
4 min 2 sec
Video Overview
Creators: 
Yeshi Wangchuk, Rinchen Dorji

Statues of Kuentuzangpo (Samantabhadra) are sky blue in color, hence his name. The white part on the figure’s head is his mother. According to a Nyingma book. All the relics that go inside the statue are the same, and the life-force of the statues are also the same; the body bead, speech bead, mind bead, wisdom bead, should all be the same. There are relics of beads: wisdom, relic of eye, relic of ear, relic of tongue, relic of face, and relic of smell.

གནམ་ཁ་ལས་ལྷོནམ་མཐོང་དོ་བཟུམ་འབད་ ཀུན་ཏུ་བཟང་པོ་ཡང་ དེ་འབད་ཡོདཔ་ཨིན་མས།  སྐུ་དོག་དཀར་པོ་འདི་ ཡུམ་ ཨིན་མས། ཀུན་ཏུ་བཟང་པོ་ཟེར་མི་འདི་ ཁོ་ གནམ་ཁ་བཟུམ་འབད ་ལྷོནམ་ཡོདཔ་ཡོད་པ་ལས་ བརྟེན་ཨིན་མས།ཆོས་སྐུ་ ཀུན་ཏུ་བཟང་པོ་འདི་ ང་བཅས་རྙིང་མ་གི་འབད་བ་ཅིན་རྫོགས་པ་ཆེན་པོ་གི་འནི་ཨིན་འབད་སླབ་སྲོལ་ཡོདཔ་ ཨིན་མས། གཟུངས་འདི་ལྕོག་རང་ཅིགཔ་ འབད་ར་བཞག་གོ་དོ་ཡོདཔ་ ཨིན་མས། གསྲོག་ཤིང་ཡང་ལྕོག་རང་ཅིགཔ་འབད་ དགོ་དོ་ཡོདཔ་ཨིན་མས། འདི་ཡང་ སྐུའི་རིལ་བུ་ གསུང་གི་རིལ་བུ་ ཐུགས་ཀྱི་རིལ་བུ་ ཡོན་ཏོན་རིལ་བུ་ འཕྲིན་ལས་རིལ་བུ་ འ་ནི་ཡང་ལྕོག་རང་ཅིགཔ་འབད་དགོཔ་ ཨིན་ཟེར་ཨིན་མས།དེ་ལས་དབུ་གཟུངས་ སྤྱན་གཟུངས་ གཉན་གཟུངས་ ཤང་གཟུངས་ ཞལ་གཟུངས་ དྲིན་གཟུངས་ སྤུང་གཟུངས་ཟེར་ སླབ་སྲཽལ་ཡོདཔ་ཨིན་མས།

Transcript search
No results found for this search
0 of 0
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཆོས་སྐུ་ཀུན་ཏུ་བཟང་པོ་ཟེར་མི་འདི་འདི་ ང་བཅས་ཀྱི་ར་ ཨ་་་་རྙིང་མ་གི་འབད་བ་ཅིན་འདི་ཏེ་ གོང་མ་བཟང་འབྲེལ་ ཏེ་འཁོར་འདི་ཁོ་ར་གིས་ རིག་པ་སྦེ་དངོས་ཤེས་སྦེ་ ཐོགས་མེད་ཀུན་ཏུ་བཟང་པོ་ཟེར་ཏེ་རོགས་ ཁོ་ར་གིས་ ཁོ་ར་གི་ ཏེ་འ་ནཱི་དངོས་ཤེས་ ཧ་དགོ་སྦེ་སངས་རྒྱས་རྒྱས་ཨིན།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: ཏེ་འ་ནཱི་བཟུམ་སྦེ་ ང་བཅས་ཀྱིས་ སྨོན་ལམ་བཏབ་དགོ་ཟེར་མས་ང་བཅས་ཀྱིས་ ཏེ་རང་གི་ངོ་སྤྲོད་ནི་གི་ ཏེ་འ་ནཱི་ཏེ་ཁོ་ལུ་སྨོན་ལམ་བཏབ་ གསོལ་བ་བཏབ་ ཏེ་འ་ནཱེ་འབད་བ་ཅིན་འདི་ ང་བཅས་ཀྱི་འ་ནཱི་ སེམས་ངོ་གསེས་ཡོད་སྦ་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་གིས་ཏེ་ རང་གི་ཨ་ཙི་ཅིག་འོང་ནི་གི་ཨིན་མས་ལགས་ ངོ་སྤྲོད་སྦེ་ མ་བུ་འཕྲོས་ནི་གི་ ཏེ་འ་ནཱི་བཟུམ་སྦེ་ཅིག་ སྨོན་ལམ་གིས་སྦེ་ ཏེ་འ་ནཱི་བཟུམ་སྦེ་འོང་ནི་ཅིག་འདུག་ལགས་ཁོ་གིས་ ཏེ་རྫོགས་ཆེན་ རྫོགས་ཆེན་གྱི་ཨིན་ན་ ཁོ་འདི་རྫོགས་པ་ཅེན་པོ་གི་ འ་ནཱི་ཆོས་སྐུ་ཀུན་ཏུ་བཟང་པོ་འདི།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ང་བཅས་རྙིང་མ་གི་འབད་བ་ཅིན་ རྫོགས་པ་ཆེན་པོ་གི་ འ་ནཱི་ཨིན་ལགས་ཁོ་ ཨེང་་་ཁོ་བ་ལྟག་ལས་མེད་ཟེར་བཞག་དོ་ལགས་ ང་བཅས་ཀྱིས་ ང་བཅས་ཀྱི་སྐུ་འདི།
  • ཡེ་ཤེས་དབང་ཕྱུག Rinchen Phuntsho
    གཟུངས་འབད་བ་ཅིན་ཅོག་ར་འཐདཔ་ཨིན་ན?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    གཟུངས་འདི་ཅོག་རང་གཅིག་འགྱོ་དགོ་ང་བཅས་ཀྱི་ གཟུངས་འདི་ག་ར་ རང་གཟུངས་རེ་རེ་སོ་སོར་མ་གཏོགས་ ཏེ་གཟུངས་འདི་ སྐྱབས་འགྲོ་སེམས་བསྐྱེད་ བཀྲིས་སྨོན་ལམ་ཚུན་ཚོད་ ཅོག་ར་གཅིག་འགྱོ་དགོ
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    སྲོག་ཤིང་ཡང་ཅོག་ར་གཅིག་ སྐུའི་རིལ་བུ་ གསུང་གི་རིལ་བུ་ ཐུགས་ཀྱི་རིལ་བུ་ ཡོན་ཏོན་རིལ་བུ་ འཕྲིན་ལས་རིལ་བུ་ འ་ནཱི་ཡང་ཅོག་ར་གཅིག་འགྱོ་འོང་།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: དེ་ལས་དབུ་གཟུངས་ སྤྱན་གཟུངས་ སྙན་གཟུངས་ ཤངས་གཟུངས་ ཞལ་གཟུངས་ མགྲིན་གཟུངས་ སྤུང་གཟུངས་ཟེར་སླབ་འོང།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    དེ་ལས་འ་ནཱི་ཏེ་ སྐུ་སྟོད་སྐུ་སྨད་གཟུངས་ ལྟེ་བར་གཟུངས་གཟུངས་ཆེན་སྡེ་ལྔ་ ཕུར་ཡོན་ དེ་ལས་མར་བཀྲིས་སྨོན་ལམ་ཚུན་ཚོད་ར་ཅོག་ར་གཅིག་ ཏེ་འ་ནཱི་ཁོ་གི་ རང་གཟུངས་རེ་རེ་ཡོད་སྦ་ལགས་ འ་ནཱི་འདི་རང་གཟུངས་འདི་ སོ་སོར་སྐུ་རེ་རེ་གི་སོ་སོར་ཡོད་འ་ནཱི་འདི།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    འ་ནཱི་ཀུན་ཏུ་བཟང་པོ་གི་བཟུམ་འབད་བ་ཅིན་ རང་གཟུངས་འདི་ག་དེ་ཨིན་ན?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་གི་རང་གཟུངས་ འ་ནཱི་ཆོས་སྐུ་ཀུན་ཏུ་བཟང་པོའི་ སྨོན་ལམ་འདུག་མེན་ན་འདི་རང་ཨིན། ང་བཅས་འ་ནཱི་ ངོ་སྤྲོད་ཐོབ་ལས་ཨིན་ཁོ་གི་འདི་ སྨོན་ལམ་གྱི་ཐོག་ཁ་གི་ཨིན་ཁོ་འདི་ རང་གཟུངས་འདི་ཏེ་འ་ནཱི།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    སྐུ་མདོག་འབད་བ་ཅིག་ལགས?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    སྐུ་མདོག་འདི་ ཁོ་འདི་སྔོན་པོ་ཨིན་ འ་ནཱི་ནམ་མཁའ་སྔོན་པོ འ་ནཱི་བཟུམ་སྦེ་ ཁ་མདོག་འདི་ འ་ནཱི་བཟུམ་སྦེ་ཨིན་པས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་ཀུན་ཏུ་བཟང་མོ་ འ་ནཱི་ཕར་ཡབ་ཡུམ་ཡོད་བ་ལགས་ འ་ནཱི་འདི་དཀར་པོ་ཨིན་ སྐུ་མདོག་དཀར་པོ་ ཏེ་འ་ནཱི་འདི་ཡུམ་ཨིན་དཀརཔོ་འདི་ ཀུན་ཏུ་བཟང་མོ་ཟེར་ཏེ་ འ་ནཱི་ཨིན།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཀུན་ཏུ་བཟང་པོ་ཟེར་མི་འདི་ ཁོ་ནམ་མཁའ་བཟུམ་འབད་ཧོདམ་སྦེ་ཡོད་ སྐུ་མདོག་འདི་ འ་ནཱི་བཟུམ་སྦེ་ཡོད་ལགས་ ཏེ་ཡབ་ཡུམ་གསེས་ ཀུན་ཏུ་བཟང་པོ་ཡབ་ཡུམ་གསེས་ཏེ་ འ་ནཱི་བཟུམ་སྦེ་འོང་ལགས།
  • ་Yeshi Wangchuk ཡེ་ཤེས་དབང་ཕྱུག
    ཕྱག་མཚན་ལགས?
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཕར་ཕྱག་མཚན་འདི་ འ་ནཱི་སྦེ་ ཁོ་འདི་འ་ནཱེ་སྦེ་ ཡུམ་ཀྱི་སྦེ་འ་ནཱི་བཟུམ་སྦེ་རྐྱངམ་གཅིག་མ་གཏོགས་ ཏེ་འ་ནཱི་བཟུམ་སྦེ་མེད་འོང་ལགས་ འདི་ཙུག་སྦེ་ ཏེ་འ་ནཱི་རྒྱབ་ཁ་ལས་ཏེ་ འ་ནཱི་བཟུམ་སྦེ་བཞེངས་འོང་སྦ།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: དེ་ལས་ཡུམ་གྱི་རྒྱབ་ཁ་ལས་ འ་ནཱི་བཟུམ་སྦེ་སྡོད་འོང་ ཏེ་ཁོ་གི་འདི་ འ་ནཱི་མཉམ་བཞག་ ཏེ་ཡུམ་འ་ནཱེ་སྦེ་བཟུང་སྦེ་སྡོད་འོང་།
  • རིན་ཆེན་ཕུན་ཚོགས ་ Rinchen Phuntsho: སྐུ་ན་བཟའ་ག་ནི་ཡང་མེད་ ཀུན་ཏུ་བཟང་པོ་ཡང་གཅེར་བུ་ ཀུ་ཏུ་བཟང་མོ་ཡང་གཅེར་བུ་ ཁོང་གཉིས་ཏེ་ཡབ་ཡུམ་སྦེ་ར་ཡོད་ འ་ནཱི་ཁོང་གཉིས་ ཏེ་ཞབས་འདི་དཀྱིལ་ཀྲུང་ར་ཨིན་ ཞབས་འདི་དཀྱིལ་ཀྲུང་ ཏེ་པདྨ་ཉི་མ་་ཟླ་བ་འདི་ འ་ནཱི་ཐོག་ཁར་ལས་བཞེངས་སྦེ་འོང་ལགས།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ཐོག་ཁ་ལུ་ ཀུན་ཏུ་བཟང་པོ་ཡབ་ཡུམ་ ཏེ་འ་ནཱ་བཞུགས་སྦེ་ཡོད་ ཏེ་དཀྱིལ་ཀྲུང་ཨིན་ བཞུགས་ཐངས་འདི་དཀྱིལ་ཀྲུང་ཨིན་ ད་ཡུམ་འདི་ཕར་ལས་ཡུམ་ ཡུམ་འདི་ཕར་ལས་སྦེ་ཡོད་ འ་ནཱེ་ཞབས་གཉིས་འདི་ ཕར་ལས་རྒྱབ་ཁར་ལས་ ཏེ་འ་ནཱི་བཟུམ་སྦེ་ཡོད་ཡུམ་གྱི་ ཏེ་ཞབས་འདི་འ་ནཱི་དཀྱིལ་ཀྲུང་།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ལགས་སོ་ལགས། འ་ནཱི་ཡབ་ཡུམ་སྦེ་ གཅིག་ཁར་སྦེ་འ་ནཱེ་སྦེ་ ཡབ་ཡུམ་སྦྱོར་བ་སྦེ་བཞུགས་དགོ་མི་ཁུངས་ཅིག
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཏེ་འ་ནཱི་འདི་ ང་བཅས་ཀྱི་ཡར་བདེ་བ་ཐོབ་ནི་གི་ཨིན། ང་བཅས་ཀྱི་ ཕར་མི་ཤིཝ་ད་ལུ་ རྣམ་ཤེས་འདི་འ་ནཱ་ལུ་བཞག་དགོ་འབད་སྦ་སྦྱོར་མཚམས་ནང་།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ད་ད་རུང་ ཁོང་ལྷ་འ་ནཱི་སྦེ་མཇལཝ་ད་ལུ་ ང་བཅས་ཀྱིས་ ཏེ་ལྷ་གི་སྲས་སྦེ་སྐྱེ་སྦེ་ ཏེ་བདེ་བ་ཅན་གྱི་ཞིང་ཁམས་འདི་ འ་ནཱ་ལས་ཐོབ་འགྱོ་འོང་སྦ།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    འ་ནཱི་ང་བཅས་ཀྱི་ ཡབ་ཡུབ་སྦྱོར་དགོ་མི་འདི་ འ་ནཱི་ཨིན་པས་ ཁོ་ངོ་མ་འདི།
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།
  • ་ Rinchen Phuntsho རིན་ཆེན་ཕུན་ཚོགས
    ཁོ་གི་དོན་དག
  • ་Tendrel Zangpo རྟེན་འབྲེལ་བཟང་པོ
    ལགས་སོ།