Video Overview
ས་གནས་ ཐིམ་ཕུ་རྗེས་དྲན་མཆོད་རྟེན་ལུ་ བསྐོར་ར་རྐྱབ་པ་འོང་མི་ཨོ་རྒྱན་ལྷ་མོ་གིས་ གླུ་གཞས་བྱ་ཅིག་སྣང་བ་སྐྱིད་པོ་ཐང་དཀར་གྱི་རྒྱལ་པོ། །ཟེར་ དར་ཁྱབ་མ་འགྱོ་བའི་གླུ་གཞས་ཅིག་འཐེན་ནི་འདུག གླུ་གཞས་འདི་ ཆོས་དང་འབྲེལ་བའི་གླུ་གཞས་ཅིག་ཨིནམ་ད་ ཚིག་ག་ར་ ཧིང་སང་ས་སྦེ་གོ་མི་ཚུགས་པས་ ཨིན་རུང་ མཇུག་གི་ཚིག་འབད་བ་ཅིན་ ཚེ་འདི་སྐྱེས་པ་ཕྱི་མ་སངས་རྒྱས་ཀྱི་ན་བཟའ་དམ་པའི་ལྷ་ཆོས་མཇལ་ནས་སྐལ་བཟང་ལ་ཐོབ་ཤོག །ཟེར་འཐེན་ནི་འདུག དེ་ལས་ མོ་གི་གཡས་ཁ་ཐུག་དང་རྒྱབ་ཁ་ལུ་ཡོད་མི་ཚུ་ཡང་ མཆོད་རྟེན་བསྐོར་ར་རྐྱབ་མི་ཆ་རོགས་ཚུ་ཨིན་པས།
- Thim Throm
- ཚེ་དབང་ལྷ་མོ Tshewang Lhamoལྷ་ས་ལ་ཆགས་པའི་ཆགས་ལུགས། །མཚོ་མོའི་ཁ་ལུ་ཆགས། ། ལྷ་ས་ལ་ཆགས་པའི་ཆགས་ལུགས། །མཚོ་མོའི་ཁ་ལུ་ཆགས་ཡོད། །
- ཨྱོན་ལྷ་མོ Ugyen Lhamoཚེ་རིང་འཛོམས་པ་ལེགས་ཤོག་ལེགས་ཤོག། །ལེགས་ཤོག་མར་ལ་བཞེས་པའི། ། ཨ་རྒྱ་ཨེ(རེད)། རྡོ་རྗེ་ཨེང་(གདུང་རྒྱ་ཨོ)། སོ་(ཤོག)ལེགས་མོ་རོང། །རོང་སེམས་པ་རོང་། །ཟེར་ ་
- ཨྱོན་ལྷ་མོ Ugyen Lhamoའགྲོ་དགོ་ལ་འགྲོ་བསམ་པ། །ཕ་ཡུལ་རང་ལ་མིན་འདུག ། འགྲོ་དགོ་ལ་འགྲོ་བསམ་པ། །ཕ་ཡུལ་རང་ལ་མིན་འདུག །
- ཚེ་དབང་ལྷ་མོ Tshewang Lhamoཚེ་རིང་འཛོམས་པ་ལེགས་ཤོག་ལེགས་ཤོག །ལེགས་ཤོག་མར་ལ་བཞེས་པའི། །ཨ་རྒྱ་ཨེ་(རེད) རྡོ་རྗེ་ཨེང་(གདུང་རྒྱ་ཨོ) སོ་(ཤོག)ལེགས་མོ་རོང་། །རོང་སེམས་པ་རོང་། །