Video Overview
Kato Kyi from Sonak village tells the story of a rabbit, a crow and a vulture helped a mother rescue her kidnapped daughter.
བརྙན་འདིར་བུ་མོ་ཞིག་སྲིན་པོས་བཟུང་བ་དང་། ཨ་མས་བུ་མོ་འཚོལ་བའི་ལམ་བར་དུ་རི་བོང་དང་ཁྭ་ཏ། རྒོད་གསུམ་གྱིས་མོ་ལ་རོགས་བྱས་ཚུལ་བརྗོད་ཡོད།
གཏམ་རྒྱུད་འདིར་བུ་མོ་ཞིག་སྲིན་པའི་ཁ་ནང་ནས་བསྐྱབས་ཚུལ་བརྗོད་ཡོད་ལ། ཉིན་ཞིག་ཨ་མ་རང་འཐག་ལ་སོང་རྗེས་སུ་བུ་མོ་སྲིན་པོས་ཁྱེར་སོང་རེད། དེ་ནས་ཨ་མ་བུ་མོ་འཚོལ་ཏུ་འགྲོ་བའི་ལམ་བར་དུ་རི་བོང་དང་ཁྭ་ཏ། རྒོད་བཅས་ལ་ཐུག་པས་ཁོ་ཚོས་མོ་ལ་རོགས་རམ་བྱེད་ཟེར་ནས་མཉམ་དུ་སོང་བ་ཡིན། རི་བོང་ནི་ནི་སྤྱང་དྲུང་འཛོམས་པས་ཁོ་ཚོར་ལས་བགོས་བྱས་ནས་སྲིན་པོར་མགོ་སྐོར་ཏེ་ས་ཆ་གཞན་ཞིག་ལ་འགྲོ་རུ་བཅུག་པས། དེའི་བར་ནས་ཁོ་ཚོས་བུ་མོ་བསྐྱབས་པ་དང་། མཐའ་མར་རི་བོང་གིས་སྲིན་པོ་མེད་པར་བྱས་པའི་གཏམ་རྒྱུད་བརྗོད་ཡོད་ལ། རི་བོང་གི་བློ་ལྡན་གྱི་བློ་རིག་ལ་བསྟོད་པ་བྱས་ཡོད།
这段视频讲述了一位姑娘被魔妖抓走了 ,她的母亲在寻找她的路上遇到了兔子和乌鸦,老鹰。并答应帮助她一起去救她的女儿的故事。
这段视频讲了一段一位姑娘怎样从妖魔手里救出的故事,有一天妖魔趁着母亲出门把女儿抓走了。回来发现女儿不在她便去找她,在寻找她的路上遇到了兔子和乌鸦,老鹰。并答应帮助她一起去找,然后聪明的兔子给他们分工,最后成功地从妖魔手里救出来了,也通过兔子的才智把妖魔送死了。
- རྒན་མོ་མ་བུ་གཉིས་ཡོད་པ་རེད།
- རྒན་མོ་མ་བུ་གཉིས་ཡོད།
- བུ་མོ་དེ་ཡིས་འདྲེ་མོ་ཞིག་གིས།
- འདྲེ་མོ་ཞིག་གིས་གནོད་པ་གཏོང་རྒྱུ་ཟེར་ནས།
- འདྲེ་མོ་ཞིག་གིས་འཚོས་ནས།
- དེ་ནས་ཨ་མས་སྲུང་ནས་བསྡད་ན་སྐྱོན་མེད་པ་རེད།
- དེ་ནས་ཉིན་ཞིག་ལ་ཁོ་གཉིས་ཀྱི་རྩམ་པ་ཚར་སོང་བ་རེད།
- ཨ་མ་རྩམ་པ་འཐག་ཏུ་འགྲོ་དགོས་པ་རེད།
- རྒན་མོ་དེ་ཡིས་བུ་མོ་ལ་ཁྱོས་སྒོ་ལ་ནང་ཟྭ་རྒྱོབ།
- ང་འགྲོ་དང་རྩམ་པ་འཐག་ནས་ཡོང་།
- སྒོ་ལ་ནང་ཟྭ་རྒྱོབ།
- ང་ཐོན་དུས་སྒོ་སྲུབས་ནས་ལག་པ་གཏོང་།
- ཨ་མ་ལ་སྒོ་ཕྱེ་ཟེར།
- དེའི་བར་དུ་ཁྱོས་སྒོ་མ་འབྱེད།
- སྒོ་ནས་གཞན་ཞིག་གིས་སྒོ་འབྱེད་ཟེར་ན་ཁྱོས་སྒོ་མ་འབྱེད།
- འདྲེ་མོ་ཡིན་ནི་རེད།
- ཡ་ཟེར་བ་རེད།
- དེ་ནས་བུ་མོ་བསྡད་ནས་ཨ་མ་བུད་སོང་བ་ཤེས་པ་རེད།
- འདྲེ་མོ་ཡོང་ནས་ཨ་མ་ལ་སྒོ་ཕྱེ་ཟེར་བ་རེད།
- རྒྱབ་ནས་བསྡད་དེ།
- མི་དགོ་ཨ་རོ་ཁྱོད་ངའི་ཨ་མ་མ་རེད་ཅེས་བཤད།
- དེ་ནས་ཡང་ཨ་མར་སྒོ་ཕྱེ་ཟེར་བ་རེད།
- མི་དགོ་ཨ་རོ་ཁྱོད་ངའི་ཨ་མ་མ་རེད།
- ངའི་ཨ་མ་ཡིན་ན་སྒོ་སྲུབས་ནས་ལག་པ་གཏོང་བ།
- དེ་ནས་ཅུང་ཙམ་བསྡད་ནས་ཡང་སྒོ་སྲུབས་ནས་ལག་པ་བཏང་ནས།
- ཨ་མའི་བུ་མོ་ང་ཐོན་ཡོད་སྒོ་ཕྱེ་ཟེར།
- བུ་མོ་དེ་ཡིས་མི་དགོ་ཨ་རོ་ཁྱོད་ངའི་ཨ་མ་མ་རེད།
- ངའི་ཨ་མའི་ལག་མགོ་ན་སྤུ་མེད།
- ཁྱོད་ཀྱི་ལག་མགོ་ན་སྤུ་ཡོད་གི་ཟེར་བ་རེད།
- ཕར་ལ་སོང་ནས་ལག་མགོ་ཡི་སྤུ་ཡག་པོ་ཞིག་ནས་བཏོག་ཡོང་སྟེ།
- ཡང་སྒོ་སྲུབས་ནས་ལག་པ་བཏང་ནས་ཨ་མ་ལ་སྒོ་ཕྱེ་ང་ཐོན་ཡོད།
- དེ་ནས་ཡང་ཁྱོད་ངའི་ཨ་མ་མ་རེད།
- ཨ་རོད་ངའི་ཨ་མ་ཡིན་ན་ངའི་ཨ་མའི་ལག་མགོ་ན་མཛུབ་དཀྲིས་ཡོད།
- ཁྱོད་ཀྱི་ལག་མགོ་ན་མཛུབ་དཀྲིས་མེད་གི
- དེ་ནས་ཕྱིར་སོང་ནས་རྩྭ་ཡི་མཛུབ་དཀྲིས་ཤིག་བཅོས་ནས་ཡོང་སྟེ།
- སྒོ་སྲུབས་ནས་ལག་པ་བཏང་ནས་ཨ་མ་ལ་སྒོ་ཕྱེ།
- དེ་ནས་བུ་མོ་ཡིས་བལྟས་དུས།
- མཛུབ་དཀྲིས་ཀྱང་ཡོད་པས་ཨ་མ་རེད་འདོད་ནས་སྒོ་ཕྱེ་བ་རེད།
- ཕྱེ་དུས་འདྲེ་མོ་ཡིན་ནི་རེད།
- རེ་མ་མོ་སྒོ་འགྲམ་ན་སླེ་བོ་ཞིག་ཡོད་པ་དེའི་འོག་ཏུ་སྦས་བ་རེད།
- འདྲེ་མོ་ཡར་ལ་སོང་ནས་བཙལ་ཏེ།
- ལ་ལུང་གི་སྒོ་ཕྱེ་ནས་བཙལ་ནས་མ་རྙེད་པར།
- ཕྱིར་ཡོང་ནས་སྒོ་འགྲམ་གྱི་སླེ་བོ་ཡི་སྟེང་དུ་འོང་སྟེགས་བྱས་ནས།
- འ་ཡོད་ཤེད་་་ཟེར་ནས་འོག་རླུང་ཞིག་བཏང་བས།
- བུ་མོ་དགོད་རྒྱུ་ཡོང་བ་རེད།
- སླེ་བོའི་འོག་ནས་དགད་པས་འདྲེ་མོས་ཤེས་པ་རེད།
- དེ་ནས་བུ་མོ་འདྲེ་མོས་འཁྲིད་ནས་སྒོ་ཐམས་ཅད་ཕྱེ་ནས་བུད་སོང་།
- བུད་སོང་བས་ཨ་མས་རྩམ་པ་འཐག་ནས་ཡོང་དུས།
- སྒོ་ཕྱེ་ནས་བུ་མོ་ཁྲིད་སོང་།
- དེ་ནས་ངའི་བུ་མོ་འདྲེ་མོས་ཁྲིད་སོང་ཟེར་ནས།
- ངུ་ཞོར་དུ་བརྒྱུགས་ནས་སོང་བས་རི་བོང་ཞིག་དང་འཕྲད་པ་རེད།
- རི་བོང་གིས་ཨ་རོད་རྒན་མོ་ཁྱོད་ཅི་ཞིག་ལ་ངུ་བ་ཡིན་ཟེར་ནས།
- ངའི་བུ་མོ་འདྲེ་མོས་ཁྲིད་སོང་བ་རེད།
- ང་དེ་ལ་ངུ་བ་ཡིན།
- ཁྱོད་མ་ངུ་དང་ང་ཁྱོད་ལ་རོགས་བྱེད་དུ་འགྲོ་ཟེར།
- དེ་ནས་ཡ་ཟེར་ནས་དེ་རོགས་ལ་ཁྲིད་པ་ཡིན།
- དེ་ནས་ཁ་ཏ་ཞིག་ཡོང་ནས།
- ཡང་ཨ་རོད་རྒན་མོ་ཁྱོད་ཅི་ཞིག་ལ་ངུ་བ་ཡིན་ཟེར་ནས།
- ངའི་བུ་མོ་འདྲེ་མོས་ཁྲིད་སོང་ང་དེ་ལ་ངུ་བ་ཡིན།
- ཁྱོད་མ་ངུ་ལ་ང་ལ་རོགས་ལ་འགྲོ་ཟེར་བས།
- དེ་ཁྲིད་ནས་སོང་བས་རྒོད་ཅིག་འཕུར་ཡོང་བ་རེད།
- ཨ་རོད་རྒན་མོ་ཁྱོད་ཅི་ཞིག་ལ་ངུ་བ་ཡིན་ཟེར་ནས།
- ངའི་བུ་མོ་འདྲེ་མོས་ཁྲིད་སོང་བས་ང་དེ་ལ་ངུ་བ་ཡིན།
- ཁྱོད་མ་ངུ་ལ་ང་ལ་ཁྱོད་རོགས་བྱེད་དུ་འགྲོ་ཟེར་བས་ཡ་ཟེར།
- དེ་ཚོ་ཚང་མ་རོགས་བྱེད་དུ་ཁྲིད་ནས་དེ་ནས་སོང་བས།
- འདྲེ་མོའི་ཐག་ཉེར་སར་ཐོན་དུས་རི་བོང་གིས་བློ་ཁྲིད་ནས།
- རྒོད་ལ་ཁྱོད་འདི་ནས་ཁ་མ་གྲགས་པར་སྡོད།
- རྒན་མོ་ཁྱོས་ཚེར་མ་ཞིག་བཅག་ནས་ལག་ལ་བཟུང་།
- ང་འགྲོ་ནས་འདྲེ་མོ་རྩེད་ཟེར་ནས་འདྲེ་མོ་ཁྲིད་ལ་འགྲོ།
- བུ་མོ་སླང་ང་ནང་དུ་འཕངས་ཡོད་ནི་རེད།
- ད་རུང་ཤི་ཡོད་ནི་མ་རེད།
- ང་སོང་རྗེས་ཁ་ཏ་ཁྱོས་སྡོང་མགོར་བབས་ནས།
- རྒན་མོ་ལ་བརྡ་བརྒྱབ་ནས་ཨ་བ་ཨ་བ་ཞེས་ཤོད།
- དེ་དུས་རྒན་མོཁྱོད་སོང་དང་བུ་མོ་སླ་ང་ནང་ནས་བླངས་།
- དེ་ཚབ་དུ་ཚེར་མ་ཞིག་ཞོག
- དེ་ནས་རི་བོང་སོང་ནས་འདྲེ་མོ་རྩེད་རེ་ཟེར།
- མི་དགོ་ཨ་རོད།
- ཅིའི་ཕྱིར་ཡིན་ནམ།
- ཉིན་རྒྱུན་ཁྱོད་རྩེད་པ་རེད།
- དེ་རིང་མི་རྩེད་བ་ཅི་རེད།
- ངའི་སླ་ངའི་ནང་དུ་ཤ་ཡོད།
- འདི་ཁ་ཏས་འཁུར་འགྲོ།
- དེ་འཁུར་འགྲོ་ནི་མ་རེད།
- ཁྱོད་ཀྱི་སླ་ངའི་ནང་གི་ཤ་དེ་ཁ་ཏས་འཁུར་ནི་མ་རེད།
- ངེད་གཉིས་རྩེད་དུ་འགྲོ་ཞེས་བཤད།
- ཡ་ཟེར་བ་རེད།
- འདྲེ་མོས་སླ་ངའི་འོག་ཏུ་མེ་ཞིག་བཞག་ནས།
- སླ་ངའི་འོག་ཏུ་མེ་ཞིག་བཞག་རྗེས་ང་ཡོང་ཟེར།
- ངེད་གཉིས་རྩེད་དུ་འགྲོ་ཟེར་བས་ཡ་ཟེར།
- སླ་ངའི་འོག་ཏུ་མེ་ཞིག་བཞག་པས།
- ཁོ་གཉིས་རྩེད་དུ་སོང་བ་རེད།
- དེ་ནས་རི་བོང་གིས་མགོ་གཡོག་ནས་ཕུག་ཅིག་ལ་ཁྲིད་པ་ཡིན།
- སོང་དུས་ཁ་ཏས་རྒན་མོ་ལ་བརྡ་བརྒྱབ་ནི་རེད།
- ཨ་བ་ཨ་བ་ཟེར་བ་རེད།
- དེ་ནས་རྒན་མོས་ཚེར་མ་ཁྱེར་ནས་བརྒྱུགས་ནས་སོང་དུས།
- བལྟས་དུས་བུ་མོ་སླ་ང་ནང་དུ་འཕངས་ཡོད་པ་རེད།
- དེ་ནས་སླ་ང་ནང་ནས་བླངས་པ་རེད།
- བུ་མོ་ཤི་མེད་པ་རེད།
- སླ་ང་ནང་ནས་བླངས་ཏེ་ཤུལ་དུ་ཚེར་མ་ཞིག་བཞག
- ཨ་ཡེ་སྒོར་ཡོང་དུས།
- རྒན་མོ་སྒོར་ཡོང་དུས་ཡང་ཁ་ཏ་ཁྱོད་ཀྱིས་བརྡ་རྒྱོབ།
- རྒོད་ལ་བརྡ་རྒྱོབ་དང་ཡང་ཨ་བ་ཨ་བ་དེ་ལྟར་ཟེར།
- དེ་ལྟར་ཟེར་དུས་རྒོད་ལ་ཁྱོད་ཤོག་དང།
- རྒན་མོ་མ་བུ་གཉིས་གཤོག་ཐོག་ལ་བླངས་ནས་འཁུར་ནས་བུད་སོང་།
- ཡ་ཟེར་ནས་ཁ་ཏས་རྒོད་ལ་བརྡ་བརྒྱབ།
- ཨ་བ་ཨ་བ་ཟེར་ནས་རྒོད་ཡོང་ནས།
- རྒན་མོ་མ་བུ་གཉིས་གཤོག་ཐོག་ལ་བླངས་ཏེ་འཕུར་ནས་བུད་སོང་།
- དེ་ནས་རི་བོང་ལ་བརྡ་བརྒྱབ།
- ཁ་ཏས་ཨ་བ་ཨ་བ་ཟེར་ནས།
- ཡང་དེ་ནས་འདྲེ་མོ་ཡིས་བྱ་གན་གྱིས་ཅི་ཞིག་བཤད་བཞིན་ཡོད་ལ།
- གྲགས་བཞིན་བསྡད་ཡོད་ལ།
- ངའི་སླ་ངའི་ནང་གི་ཤ་འཁུར་བ་མིན་ནམ།
- ཆད་ཡིན་ཏེ་སྡོང་མགོ་ནས་བསྡད་དེ་ཁྱོད་ཀྱི་སླ་ངའི་ནང་གི་ཤ་ཅི་ལྟར་འཁུར།
- མ་རེད་ཟེར་ནས་བསྡད།
- དེ་ནས་ཡང་བརྡ་བརྒྱབ་ནས་ཁ་ཏ་གྲགས།
- ཁྱོད་ལ་སོང་དང་ང་ལ་འགྲོ་རྒྱུ་ཡིན།
- རང་གི་ཤ་འཁུར་ཡོད་པ་འདྲ།
- རི་བོང་བུད་སོང་བ་རེད།
- དེ་ནས་འདྲེ་མོ་ཡོང་ནས་བལྟས་ནས།
- སླ་ངའི་ནང་དུ་ལག་པ་བཀྲུས་ནས།
- འདྲེ་མོ་ཡིས་འདིས་ད་རུང་ང་སེན་བཏོག་བྱེད་གི
- ད་རུང་འདི་ཤི་མེད་གི
- ཚེར་མས་འཛེར་བ་ད་རུང་ཤ་ཡིན་ཁ་བྱས་ནས།
- མེ་བུས་ནས་བསྡད་རྗེས་བར་ཞིག་ལ་བལྟས་དུས་ཚེར་མ་ཡིན་པ་ཤེས་སོང་།
- ངའི་སླ་ངའི་ནང་གི་ཤ་རི་བོང་གིས་འཁུར་བར་བྱས།
- རི་བོང་ལ་མ་བྱུང་ནི་ཞིག་མེད།
- ང་རི་བོང་གསོད་དུ་འགྲོ་དགོས་ཟེར་ནས།
- རི་བོང་ལ་དགྲ་ཤ་རྩོད་དུ་འགྲོ་དགོས་ཟེར་ནས།
- འདྲེ་མོ་བརྒྱུགས་ནས་སོང་ནི་རེད།
- རི་བོང་རི་མཐོན་པོ་གཟར་མོ་ཞིག་གི་མགོར་སོང་ནས་བསྡད་དེ།
- རྩེ་ལ་སོང་ནས་སླེ་བོ་ལས་ནས་བསྡད།
- འདྲེ་མོ་དེར་ཡོང་ནས་རི་བོང་ལ་ཁྱོས་ངའི་སླ་ངའི་ནང་གི་ཤ་འཁུར་དུ་བཅུག
- དེ་རིང་ངས་ཁྱོད་འཆའ་རྒྱུ་ཡིན་ཟེར།
- འདྲེ་མོ་འདིས་ཅི་ཟེར།
- ཁྱོས་ང་འཆོས་ན་ང་ཨ་ཁུ་རྒྱལ་བོ་ཚང་གི་སླེ་བོ་བརྒྱ་དང་བརྒྱད་ལས་ནོ་ཡིན།
- དེ་ལས་སླེ་བོ་འདིའི་ནང་ནས་ང་འདི་ཐུར་ལ་ནུར་ན་སྐྱིད་པ་ལ།
- འོ་ན་ཁྱོད་ནུར་ལ་ཟེར།
- ཡ་ཟེར་ནས་ཁོས་སླེ་བོ་ནང་ལ་བཅུག་ནས་སླེ་རྟ་གཉིས་སྲ་མོ་ཞིག་སྦྱར་ནས།
- ཁོ་ཐུར་ལ་ནུར་བ་ཡིན།
- སླེ་བོ་ཁ་བརྒྱབ་ནས་སོང་བས་ཁོ་ལ་སྐྱོན་མ་བྱུང་བ་རེད།
- དེ་ནས་ཕྱིར་ཡོང་ནས་སྐྱིད་པ་ལ་ཟེར་བས།
- དེ་ན་ང་རིལ་དུ་བཅུག་ཟེར།
- ཨོ་ཡ་ཟེར་ནས་འདྲེ་མོ་ནང་དུ་ཙོག་ཏུ་བཅུག་སྟེ།
- འདྲེ་མོ་ནང་དུ་མ་ཆུད་པ་རེད།
- ཁོག་སྨད་མ་གཏོགས་མ་ཆུད་པ་རེད།
- དེ་ལྟར་ངོས་ཐུར་དུ་རིལ་བས་སླེ་བོ་སླེ་བོའི་སར་དང་འདྲེ་མོ་འདྲེ་མོའི་སར་རིལ་སོང་བས།
- འདྲེ་མོ་ས་ལ་བརྒྱབ་པ་དང་གནམ་ལ་བརྒྱབ་ནས་སོང་བས་འདྲེ་མོ་བསད་པ་རེད།