Skip to main content Skip to search
30 Aug 2018
5 min
Video Overview
Creators: 
Penchela, Rinchen Dorji

Ap Dragang from Paro district narrates how to distinguish the winner in a lozey ballad competition. Lozey ballads are oral compositions that are very popular in western Bhutan. The subject would either be one of love or challenge, of engagement to abuse and ridicule. Depending on the type, the opponent will respond and the debate will continue until a winner or a draw is declared.

 

བརྙན་འཁོར་འདི་ནང་ སྤ་རོ་རྫོང་ཁག་ནང་ལས་ ཨཔ་བྲལ་གང་གིས་ བློ་ཟེ་གིས་ རྒྱལ་ཕམ་ག་དེ་སྦེ་ཕྱེ་ནི་ཨིན་ནའི་སྐོར་ལས་བཤདཔ་ཨིན། བློ་ཟེ་འདི་ ངག་ཐོག་ལས་རྩམ་ཡོདཔ་དང་ བློ་ཟེ་འདི་ འབྲུག་རྒྱལ་ཁབ་ཀྱི་ནུབ་ཕྱོགས་ས་གནས་ཚུ་ནང་ ཡོངས་གྲགས་ཅན་ཅིག་ཨིན་མས། བློ་ཟེ་འདི་ དགའ་གླུ་དང་ དགྲ་གླུ་ ཡང་ན་ སྨད་གླུ་སྦེ་འོངམ་ཨིནམ་དང་ དོན་ཚན་འདི་ལུ་གཞི་བཞག་སྟེ་ རང་གིས་ བྱང་ཕྱད་གིས་ ལན་རྐྱབ་དགོཔ་ཨིན་མས། བློ་ཟེ་འདི་ རྒྱལ་ཕམ་མ་ཕྱེ་ཚུན་ཚོད་ འགྲན་བསྡུར་འབད་དེ་རང་སྡོད་དགོཔ་ཨིན་མས། 

 

Transcript search
No results found for this search
0 of 0
  • བྲེ་གང་
    ད་ ཨ་ནཱི་ང་བཅས་ཀྱི་ བློ་ཟེ་བསྒྱུརཝ་ད་ལུ་གཅིག་གི་གཅིག་བློ་ཟེ་འདི་ཏེ་ བསྒྱུར་ཏེ་འབདཝ་ད་དང་ཕུ་གི་ལུགས་སྲོལ་འབད་བ་ཅིན་ བློ་ཟེ་འདི་རྫོགས་རྫོགས་ར་བསྒྱུར་འོང་བ་ལགས།
  • བྲེ་གང་
    ཏེ་ད་རིས་ནངས་པ་འབདཝ་ད་རྒྱལ་ཕམ་འདི་ ཨ་ནཱི་སྐུགས་ཀྱི་སྦེ་ཕྱེ་འགྱོཝ་མམ་དང་ཕུ་འབད་བ་ཅིན་ བློ་ཟེ་རྒྱལ་ཕམ་འདི་ཏེ་ ཕམ་ཏེ་སྦེ་ལན་སླབ་ནི་མེདཔ་ད་རྐྱངམ་ཅིག་རྒྱལ་ཕམ་སྦེ་བརྩིཝ་ཨིན་ གཞན་ཕམ་ཁ་ལེན་མི་ཚུགས་བ་ལགས་ད་འ་ནཱི་འབདཝ་ད་ཏེ་ཡུན་རིང་ཏེ་དང་ཕུ་རོགས་མཁས་མཆོག་འདྲན་འདྲ་ཡོད་པ་ཅིན་ཏེ།
  • བྲེ་གང་
    ཉི་མ་འབདན་ཉིན་དྲོ་ཕྱི་རུ་འབདན་ནུབ་དྲོ་ཤུགས་ འ་ནཱི་བཟུམ་སྦེ་ཏེ་ བློ་ཟེ་ཁྱད་ཕྱེ་ཚུལ་ཡོདཔ་ཨིན་ཟེར་ཏེ་འ་ནཱི་འདི་ཚུ་གི་ནང་ལས་ཏེ་དེ་ལས་ ཕར་ལས་ཚུར་ལན་འདྲན་འདྲ་ར་སླབ་སྡོད་ཡུདཔ་ཅིག་ཁར་ལས་དུས་ཚོད་མ་རྫོགས་ཏེ་འབད་རུང་།
  • བྲེ་གང་
    ཏེ་ ཕར་ལོགམ་འདི་གཅིག་ ཨ་ཙི་རེ་རྒྱལ་ཕམ་བཞུགས་གཅིག་གིས་གཅིག་ལུ་ ལན་སླབ་ནི་མེད་པ་ཅིན་ཏེ་ འ་ནཱ་ལས་ཏེ་ང་བཅས་ར་དོ་བསྡམ་མི་ལོ་ཨ་ནཱི་བཟུམ་འདི་ ཏེ་དང་ཕུ་འདི་འབད་ཚུལ་འདུག་ ནེ་འབདཝ་ད་ལུ་ འ་ནཱི་བསྡམ་ཞིནམ་ད་ བསྐྱེལ་ནི་འདི་ཏེ་ཉེན་ཁ་ཡོད་ཟེར་ཏེ་ ང་བཅས་ར་ཕམ་ཚུ་གིས་ཡང་ ཁ་རྒྱུན་ནང་འབད་བ་ཅིན་ ནེ་སྦེ་སླབ་ཨིན་པས་ལགས།
  • བྲེ་གང་
    བཤད་ཚུལ་འདི་ ནེ་སྦེ་ཨིན་མས་ཏེ་ འ་ནཱི་ཉེན་ཁ་ཡོད་ནི་དེ་གིས་ ཆེམ་སླབ་མི་ཡང་མེད་སླབ་སྟེ་འབད་རུང་ཏེ་ལོག་ཕར་ལོག་མ་ལུ་བྱེལ་སྐད་ཤོར་ཏེ་སྟོན་གནང་ལོ་ཕྱེ་གནང་ལོ་ཟེར་ཡང་སླབ་ནི་ཡོད།
  • བྲེ་གང་
    ཨིན་ཏེ་འབད་རུང་ཡང་ཏེ་དོ་བསྡམ་ཟེར་རུང་ཡང་ གནམ་མེད་ས་མེད་ངོ་མ་སྦེ་ དེ་དངོས་ཅན་ག་ཨིན་པ་ཏེ་ ང་བཅས་ར་གི་ ལམ་སྲོལ་ཁའི་ཐོག་ལས་སྦེ་ཏེ་ འ་ནེམ་རེ་སླབ་སྲོལ་འདུག་ནཱི་ང་གིས་དུམ་གྲ་ཅིག་ཞུ་གེ་ཟེར་ ཞུ་ནི་ཨིན།
  • བྲེ་གང་
    དབའི་ཉན་ཅིག་མཉམ་རོགས་གཞོན་མ།།གསན་ཅིག་མཉམ་རོགས་གཞོན་མ།།ཁྱོད་ལྟོ་ལུ་ལྟོ་རིན་མ་འབྱོརན།།ངེའི་ལྟོ་རས་དཀར་ཅུང་ནཱ་འབག་ཤོག།ཟརཝ་བ་ཟ་རིན་མ་འབྱོརན།།ངེའི་བང་ཁ་ཁྲོ་ཅུང་ནཱ་འབག་ཤོག །
  • བྲེ་གང་
    ཆང་ལུ་ཆང་རིན་མ་འབྱོརན།།ངེའི་པ་ལང་ཁྲོ་ཅུང་ནཱ་འབག་ཤོག །ཁྱོད་ནི་ཚུ་མཚོ་མ་མེདན།།ང་་ང་གཡུས་ཀྱི་མཚོ་མ་སྒར་པ་གིས།།ཁྱོད་རྒྱ་མཚོ་གཏིང་ལུ་ང་བསྐྱུར་གེ།།
  • བྲེ་གང་
    བཅད་དགོ་པས་ཅིག་བཅད་དགོ་པས།།ང་ཧིན་མ་ཟུང་གཅིག་བཅད་དགོ་པས།།བཀག་དགོ་པས་ཅིག་བཀག་དགོ་པས།།ཧིན་མ་ཚར་གཅིག་བཀག་དགོ་པས།།འཐག་དགོ་པས་ཅིག་འཐག་དགོ་པས།།ང་རྩིཝ་ཅུང་ཟུང་གཅིག་འཐག་དགོ་པས།།
  • བྲེ་གང་
    བསྡམ་དགོ་འབད་ཅིག་བསྡམ་དགོ་པས།།ཁྱོད་གཡུས་ཀྱི་མཉམ་རོགས་གཞོནམ་ཁྱོད།།རོ་དང་རྣམ་ཤེས་བསྡམ་དགོ་པས།།
    མར་བསྐྱེལ་དགོ་པས་ཅིག་བསྐྱེལ་དགོ་པས།།ཆུམ་རྐྱང་རྐྱང་ཆུ་མ་བསྐྱེལ་དགོ་པས།།
  • བྲེ་གང་
    མར་རྒྱ་ཡུལ་སྐོར་བ་ མར་རྒྱ་ཡུལ་བསྐོར་བ་ཁྱོད་མི་ལྷོད།།མར་ཆུ་དང་བྱེ་མའི་གསེབ་ལུ།།ཉ་གསེར་མིག་ཉ་མོའི་ལྟོ་སྦེ།།ཁྱོད་མཉམ་རོགས་གཞོན་མ་སྡོད་སྨ་རེ།། ཟེར།
  • བྲེ་གང་
    ཏེ་ འ་ནཱི་བཟུམ་སྦེ་ཕར་ཆུ་ནང་བཀོ་ཏེ་ ཉ་དང་སྲམ་གྱི་ ལྟོ་སྦེ་ཟ་སྡོད་ཟེར་འ་ནཱི་བཟུམ་སྦེ་ཏེ་ མཇུག་མཐའ་མཇུག་འདི་གུ་ལྷོད་པ་ཅིན་ཏེ་ སྐྱོ་ཤོས་འདི་འ་ནཱི་ཚུན་ཚོད་སླབ་སྲོལ་ཡོད་ཟེར་ ཞུ་ནི་ཨིན་ལགས།
  • དཔོན་ཆེ་ལ
    ཏེ་ ཨ་ནཱི་ཨ་ནི་འཁྱོལ་མི་འདི་གིས་འབད་བ་ཅིན་ ལོག་ལན་ག་དེ་སྦེ་རྐྱབ་དགོཔ་སྨོ?
  • བྲེ་གང་
    ད་ཨ་ནཱི་འཁྱོལ་མི་འདི་གིས་ཏེ་ནཱི་ལུ་ཏེ་ དང་ཕུ་འབད་བ་ཅིན་ནཱི་ལན་སླབ་སྲོལ་ཡོད་ཟེར་སླབ་མས་ནཱི་ལུ་ལན་ངེས་པར་དུ་ ཨ་ནེ་སྦེ་ཨིན་ཟེར་མི་ཅིག་དང་མིན་འདུག་ཏེ་ད་མང་ཤོས་ཅིག་རང་ འ་ནེ་སྦེ་དོ་བསྡམ་བསྐྱེལ་དཔ་ད་ཏེ་ད་ནཱི་ནེ་སྦེ་མ་འབད་ཟེར་ཏེ་ ལོག་ཁྱོད་ར་གིས་སྦེ།
  • བྲེ་གང་
    ཏེ་ འཁྱོལ་གནང་ལོ་ཟེར་ཏེ་ འ་ནཱི་བྱེལ་སྐད་ཤོར་ཏེ་འབད་ འཁྱོལ་བའི་ཟེར་མི་ཅིག་གོ་ཡི་ལགས་ད་རེས་ནངས་པ་འབདཝ་ད་ ནཱི་ཕར་ཨིན་རུང་མེན་རུང་ད་ཚར་འདི་འ་ནེ་སྦེ་འཁྱོལ་འཁྱོལ་ད་དེ་ཚུ་ ཨ་ནེ་སྦེ་འཁྱོལཝ་ཨིན་ཟེར་མི་འདི་ང་གིས་ཡང་གནམ་མེད་ས་མེད་རྒྱུ་ཆ་ཅིག་མེད།
  • བྲེ་གང་
    ད་ ང་བཅས་ཀྱིས་བློ་ཟེར་བསྒྱུར་ས་འབདཝ་ད་ལུ་ཏེ་ ལ་ལུ་འ་ནཱི་བཟུམ་འབདཝ་ད་ངེ་གི་ལན་འདི་འབདན་ཏེ་ང་བཅས་ར་གཅིག་གིས་གཅིག་ལུ་ད་རུང་ཡང་ནཱི་བཟུམ་སྦེ་ཕར་ནཱ་ལས་ཕར་ཨ་ནཱི་བཟུམ་སྦེ་ དོབསྡམ་ཏེ་འབད་རུང་ཕུད་ནི་གི་ཡང་ཚུར་ལུ་ཏེ་ བློ་གདུག་ཁི་ཁི་འདི་ སླབ་ནི་ཡོད་ལགས།ད་འ་ནཱི་བློ་གདུག་ཁི་ཁི་འདི་ག་དེ་སྦེ་སླབ་སྨོ་ཟེར་བ་ཅིན་ཏེ།
  • བྲེ་གང་
    ཉན་ཅིག་མཉམ་རོགས་གཞོན་མ། །གསན་ཅིག་མཉམ་རོགས་གཞོན་མ།།ཐང་པདྨའི་པད་ཐང་ཡངས་པའི་ནང་།།ཉམས་དགའ་བའི་མེ་ཅིག་འཕུ་སུ། །ཤིང་མེ་ཕྱི་ཤིང་མགལ་གཉིས་གུ།།ལུས་དྲོ་བའི་མེ་ཅིག་འཕུ་སོང་པ།།ཁྱོད་དུ་པ་མིག་ཏུ་འཛུལཝ་ད།།མིག་ལས་མིག་ཆུ་འཐོན་མས་ག།ཟེར་སླབ་ཨིན་ལོ།
  • བྲེ་གང་
    ཁྲོམ་མི་དམངས་འཛོམས་པའི་སྦུག་ལུ།།ཉམས་དགའ་བའི་གསུང་སྙན་བསྒྱུར་ས་ལུ།།གཏམ་ཁྱོད་པ་ཕོགཔ་ཅིག་སླབ་ད།།ཁྱོད་ལྐོད་མ་མདུད་ཕུད་བཏབ་མས་ག།ཟེར།
  • བྲེ་གང་
    ཁྱོད་གཡུས་ཀྱི་མཉམ་རོགས་གཞོནམ་འདི།།ཤིང་ཕར་ཚུར་སྐྱེས་པའི་ཨ་ཡམ་འདྲ།།ཤིང་ཚད་ལུ་སྐྱེས་པའི་ཨ་ཡམ་འདི།།རྩ་བོ་ས་ལས་སྐྱེས་ཚེ་འཇའ་མི་འཇའ།།མེ་ཏོག་ཤར་ཚེ་ལེགས་མི་ལེགས།།
  • བྲེ་གང་
    རྡོ་མ་འཚོ་ཚེ་ཞིམ་མི་ཞིམ། །ཡར་མཚན་ལྡན་བླ་མ་ཡར་སྐུ་སྐལ་དྲང།།དབང་ཆེན་དཔོན་གྱི་ཞལ་ལས་མས།།ཧང་སྒར་པའི་སྤྲོ་ཟས་མ་བཟའཝ་ལས།།བོད་ལྟོ་ལེ་ཅན་གྱིས་ལགཔ་རྒྱབ་བཀལ།།
  • བྲེ་གང་
    ལམ་སྒལ་པ་གཉིས་ལུ་ལྷོད་པའི་ཚེ།།ཁ་དང་ཕོཝ་གི་བར་ལས།།བུང་འཐོན་འཐོན་གཉིས་ཀ་རྫོགས་སོང་ནུག།ཟེར་ཏེ་འ་ནཱི་བཟུམ་སྦེ་ཏེ་ ང་ཁྱོད་ལུ་ལན་སླབ་ནི་མིན་འདུག་ས་ཁྱོད་ར་ཡང་རྫོགས་སོང་ནུག་ཟེར་འ་ནཱི་བཟུམ་སྦེ་ལན་སྦེ་སླབ་ད་ འ་ནེ་སྦེ་སླབ་ཨིན་པས་ཟེར་ཞུ་ནི།ལགས་སོ།།