Skip to main content Skip to search
21 Jun 2018
5 min 50 sec
Video Overview
Creators: 
Duptho, Sonam Chophel

Yeshi Choden from Radhi Gewog, Tashigang sings an old Zhungdra song entitled Zhipa Mizhu Zhipa Zhu (The Host Resides). Since the song falls in the category of Zhungdra Dangrim, it is performed in a straight-line formation of around five to twenty dancers. The composer and the origin of this song are unknown. This is a religious song that can be performed in any kind of auspicious ceremony, celebration or gathering. The song is about a host who is paying homage to renowned masters and powerful kings, for their dedication and blessings. 

 

བཀྲིས་སྒང་རྫོང་ཁག་ རདྷི་རྒེད་འོག་ ལས་ཨིན་མི་ ཡེ་ཤེས་ཆོས་སྒྲོན་གྱི་ གཞུང་སྒྲ་རྙིངམ་ཞི་བ་མི་བཞུགས་ཞི་བ་བཞུགས་ ཟེར་མི་འདི་འཐེན་ནུག། ཞབས་ཁྲ་འདི་ གཞུང་སྒྲ་གདངས་རིངམ་ནང་ཚུདཔ་ལས ཞབས་ཁྲ་འདི་ཡང་ གྱལ་ཕྲང་ཏང་ཏ་ན་འབད་ མི་ལྔ་དང་ཉི་ཤུ་བར་ རྐྱབ་སློལ་ཡོདཔ་ཨིན། ཞབས་ཁྲ་འདི་གི་ དེའི་འབྱང་ཁུངས་དང་ རྩོམ་པ་པོ་འདི་ མ་ཤེས་མས། ཞབས་ཁྲ་འདི་ནང་ བཀྲི་ཤིས་པའིཚིག་ཡོདཔ་ལས་ རྟེན་འབྲེལ་ དགའ་སྟོན་དང འཛོམས་འདུ་ སྐབས་འཐེན་ནི་ ཡོདཔ་ཨིན། ཞབས་ཁྲ་འདི་ཡང་ རྩ་བོ་གཅིག་གི་ བརྩོན་ཤུགས་དང་བྱིན་རླབས་ གནང་མི་མིང་གཏམ་ཅན་གྱྀ་སློབ་དཔོན་དང་ རྒྱལ་པོ་ལུ་ གུས་བཏུད་འཕུལ་བའི་ སྐོར་ལས་ཨིན་མས།

 

Transcript search
No results found for this search
0 of 0
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཞུ་བ་(གཞིས་པ)མི་བཞུགས་ཞུ་བ་(གཞིས་པ)བཞུགས་(ལ)། །ཞུ་བ་(གཞིས་པ)མཚན་ལྡན་བླ་མ་བཞུགས་(ལ)། །ཞུ་བ་(གཞིས་པ)མཚན་ལྡན་བླ་མ་བཞུགས། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    མགྲོན་པ་(པོ་)མི་བཞུགས་མགྲོན་པོ་བཞུགས་(ལ)། །མགྲོན་པ་(པོ་)དབང་ཆེན་དཔོན་པོ་བཞུགས་(ལ)། །མགྲོན་པ་(པོ་)དབང་ཆེན་དཔོན་པོ་བཞུགས། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    རྨ་བྱ་རྒྱ་ཡི་མདོངས་སྒྲོ་ཡོད་(ལ)། །རྒྱ་ཡི་རྨ་བྱ་མདོངས་སྒྲོ་བཞུགས། །གཞིས་པ་མི་བཞུགས་གཞིས་པ་བཞུགས་(ལ)། །གཞིས་པ་མཚན་ལྡན་བླ་མ་བཞུགས་(ལ)། །གཞིས་པ་མཚན་ལྡན་བླ་མ་བཞུགས། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    མགྲོན་པ་(པོ་)མི་བཞུགས་མགྲོན་པོ་བཞུགས་(ལ)། །མགྲོན་པ་ད(པོ་)བང་ཆེན་དཔོན་པོ་བཞུགས་(ལ)། །མགྲོན་པ་(པོ་)དབང་ཆེན་དཔོན་པོ་བཞུགས། །
  • ཡེ་ཤེས་ཆོས་སྒྲོན་ Yeshi Choden
    ཕྱག་ལ་གཡས་པ་རྨ་བྱ་བསྣམས་(ལ)། །རྨ་བྱ་རྒྱ་ཡི་མདོངས་སྒྲོ་བཞུགས་(ལ)། །རྒྱ་ཡི་རྨ་བྱ་མདོངས་སྒྲོ་བཞུགས། །ལགས་སོ།། །།