Video Overview
A nomad from Machu introduces horse racing, an event that is deeply connected to the Tibetans' living environment on the high plateau as well as the profound impact of horses on their traditional culture and their circumstances as a whole. The speaker also gives great detail on Machu's horse history and also stresses that the competition is not limited to the local Machu region, but international competitors are also allowed to join. Furthermore, he briefly explains the organization of this horse racing event, the procedure of the races, and the prizes for the winner. In the end, he shares his own ideas about how the event needs to be improved.
བརྙན་འདི་རུ་རྨ་ཆུའི་འབྲོག་པ་ཞིག་གིས་རྟ་རྒྱུག་ནི་བོད་དུ་གནའ་སྔ་མོ་ནས་དར་བའི་དམངས་ཁྲོད་རིག་གནས་གལ་ཆེན་ཞིག་ཡིན་པ་དང་། འདོ་རིགས་རྟ་ནི་མདོ་དབུས་མཐོ་སྒང་གི་བོད་པའི་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད་པའི་སྐོར་དང་། ལྷག་པར་དུ་རྨ་ཆུའི་རྟ་རྒྱུག་གི་སྐོར་ནས་ངོ་སྤྲོད་ཞིབ་ཕྲ་བྱས་སོང་། དེའང་ཁོང་གིས་རྨ་ཆུའི་རྟ་རྒྱུག་ནི་ས་གནས་ས་ཁུལ་གྱི་རྟ་རྒྱུག་གི་འགྲན་བསྡུར་ཞིག་མིན་པར། འདི་ནི་རྨ་ཆུ་ས་ཁུལ་གཙོས་ཀྲུང་གོ་རྒྱལ་ཁབ་དང་། ཐ་ན་ཕྱིའི་རྒྱལ་ཁབ་ཀྱི་མིའང་འགྲན་ཞུགས་ཆོག་པའི་རྟ་རྒྱུག་ཅིག་ཡིན་པའི་སྐོར་ནས་གསལ་བཤད་དང་དཔེ་མཚོན་བཀོད་བྱུང་། དེ་བཞིན་ཁོང་གིས་རྟ་རྒྱུག་འགྲན་བསྡུར་གྱི་གོ་སྒྲིག་དང་། འགྲན་བསྡུར་གྱི་གོ་རིམ། བྱ་དགའི་རྣམ་གྲངས་སོགས་ནས་ངོ་སྤྲོད་རགས་ཙམ་བྱས་པ་དང་འབྲེལ། རྨ་ཆུའི་རྟ་རྒྱུག་འགྲན་བསྡུར་དང་དེའི་གོ་སྒྲིག་གི་ཕྱོགས་ནས་ཡར་རྒྱས་གཏོང་དགོས་པའི་སྐོར་ནས་བསམ་ཚུལ་བརྗོད་བྱུང་།
影片讲述了一位玛曲的牧民详细介绍当地的赛马和马类与生活在高原上的藏族有着深刻相关,以及马对他们的传统文化和整体环境的影响。他说,玛曲赛马会不是地方上的赛马会,并强调这不仅仅是玛曲的赛马比赛,也是一项全国性的赛马比赛,国际选手也可以参加。此外,他还简要地解释了这次赛马活动的组织、比赛程序以及给获胜者的奖品等。最后,他分享了自己关于该活动需要改进地方的想法。