Video Overview
Kato Kyi from Sonak village in Tsekhok tells a version of a common folktale about the horse's cleverness and the wolf's cunning.
འདིར་རྟ་རྒན་དང་སྤྱང་ཀིའི་བར་གྱི་དགོད་སྤྲོ་པའི་གཏན་རྒྱུད་བརྗོད་པ་བརྒྱུད།རྟ་རྒན་གྱི་བློ་གྲོས་ལ་བསྟོད་པ་དང་སྤྱང་ཀི་ལ་ཟུར་ཟའི་ཚུལ་དུ་མཚོན་ཡོད།
བརྙན་འདིར་ང་ཚོས་རྣ་ཐོས་སུ་སོང་ཡོད་པའི་སྲོག་ཆགས་གཏམ་རྒྱུད་དེ་རྟ་རྒན་དང་སྤྱང་ཀི་ཞེས་པ་དེ་བཀོད་ཡོད། རྟ་རྒན་ཞིག་འདམ་ནང་དུ་ལྷུང་ཡོད་པ་སྤྱང་ཀི་ཞིག་གི་རིག་ནས་ཟ་རྩིས་བྱས། འོན་ཀྱང་རྟ་རྒན་གྱིས་སྤྱང་ཀི་ལ་ལུས་སྟེང་གི་འདམ་དང་མཉམ་དུ་ཟས་ན་མི་ཞིམ་པས་བཀྲུས་ན་བཟང་ཟེར་ནས་དེ་ལྟར་བསྒྲུབས། དེ་ནས་སྤྱང་ཀིས་ཟ་རྩིས་བྱེད་སྐབས། ཡང་རྟ་རྒན་གྱིས་ཁྱོད་ཀྱིས་ང་མ་ཟོས་གོང་ལ་ངའི་རྨིག་པའི་སྟེང་ན་ཡི་གེ་འགའ་ཡོད་ཀློག་རྗེས་ཟོས་ན་ཆོག་ཟེར་ནས། སྤྱང་ཀིས་རྟ་རྒན་གྱི་རྨིག་པའི་ཐོག་ལ་བལྟ་སྐབས་རྡོག་རྒྱག་བཞུས་ནས་འགྲམ་པ་བློ་གཡོས་སུ་རྫོག དེ་ནས་རྟ་རྒན་གྱིས། རྟ་རྒན་འདམ་ལས་ལེན་གི་སྤྱང་ཀི་ཤེད་ཅན་པོ། འདམ་བག་གཙང་མར་བཀྲུ་གི་སྤྱང་ཀི་གྲལ་དག་གོ རྨིག་སྟེ་ཡི་གེ་འདོན་གི་སྤྱང་གི་ཆོས་པའོ། འགྲན་པ་བློ་གཡོས་རྫོག་གི་སྤྱང་ཀི་ལས་ངན་ནོ།། ཞེས་པའི་བགོད་སྤྲོ་པའི་ཚིག་བཅད་འདི་ཟུར་ཟའི་ཚུལ་དུ་སྤྱང་ཀི་ལ་བཤད།
这段视频通过讲述老马与狼之间搞笑的故事,表达了马的聪明才智和讽刺了狼的愚昧无知。
这段视频讲了在藏族民间普遍流传的一段故事,即简单又幽默,是儿童喜爱的动物故事类。故事的内容是,有一次一只狼看到一匹老马掉进了泥坑出不来,想把它吃掉,但是老马说把它身上的泥洗掉才好吃,狼觉得也对洗了。然后老马又说你把我吃掉前把我蹄子上的几行字帮我念一下,当狼低头准备念的时候把狼踢了一脚。说明了老马的聪明才知也讽刺了狼的愚昧无知。
- སྤྱང་ཀི་ཞིག་ཡོང་ནས་འཆའ་རྒྱུ་ཟེར།
- རྟ་རྒན་ཞིག་འདམ་ན་ཟུག་ཡོད།
- སྤྱང་ཀི་ཞིག་ཡོང་ནས་འཆའ་རྒྱུ་ཟེར།
- རྟ་རྒན་དེས་ཨ་རོད་སྤྱང་ཀི
- ཁྱོས་ང་འཆའ་རྒྱུ་ན།
- ཁྱོས་ང་འདམ་འབག་ནང་ནས་བླངས་ནས་འཆོས་ན་ཞིམ་ནི་རེད་ཟེར།
- ཡ་ཟེར་ནས་དེ་བདེན་གི་འདོད་དེ།
- འདམ་འབག་ནང་ནས་བླངས་ཏེ།
- ངས་ཁྱོད་འཆའ་རྒྱུ་ཟེར།
- ཁྱོས་ངའི་ཐོག་གི་འདམ་འབག་བཀྲུས་ནས་འཆོས་ན་ཞིམ་ནི་རེད་ཟེར།
- དེ་བདེན་གི་ཟེར་ནས་ཐོག་གི་འདམ་འབག་བཀྲུས།
- ངས་ཁྱོད་འཆའ་རྒྱུ་ཟེར།
- ཁྱོས་ངའི་ཕྱི་རྟིང་མགོ་ན་ཡི་གེ་ཞིག་ཡོད།
- གན་བཏོན་ནས་འཆོས་ན་བཟང་ཟེར།
- ཡ་ཟེར་ནས་ཕྱི་རྟིང་མགོར་སྒུར་ནས་མེད་གི་ཟེར།
- ཁྱོད་ད་རུང་མར་སྒུར་ཞེས་བཤད།
- ཡ་ཞེས་བཤད་དེ་མར་སྒུར་ཡོད་དུས།
- བཞི་འཕྲ་ལངས་ནས་བརྒྱབ་པས་སྤྱང་ཀིའི་འགྲམ་པ་བརྫོགས།
- དེ་ནས་ཕར་ལ་སོང་ནས་རྟ་རྒན་གྱིས།
- རྟ་རྒན་འདམ་ནས་ལེན་གི་སྤྱང་ཀི་ཤེད་ཆེན་པོ།
- འདམ་འབག་གྲལ་ལས་གྲལ་དག་པ།
- ཕྱི་རྟིང་ཡི་གེ་འདོན་པའི་སྤྱང་ཀི་ཆོས་པ་པོ།
- འགྲམ་པ་གློ་ཡེ་ལ་བརྫོགས་པའི་སྤྱང་ཀི་ལས་ངན་པོ།
- ཟེར་ནས་རྟ་རྒན་གྱིས་ཁོ་ལ་ཟུར་ཟ་བྱས་ནས་བུད་སོང་།