Video Overview
Jikmé Yeshé from Sonak village tells the story of the Hor family's attendant, who was clever, eloquent, and a gifted mediator.
- གཡང་འབུམ་རྒྱལ་ཙག་ག་ཞེས་པ་ནི་ཧོར་དཔོན་པ་ཚང་གི
- དེའི་མིང་ལ་མི་རྣམས་ཀྱིས་ཧོན་དཔོན་པོ་ཚང་གི་རང་དོན་སོར་བསྐོ་བྱེད་མཁན་ཞེས་བཤད།
- ཁོ་ནི་ཧོར་དཔོན་པོ་ཚང་གི་རྒྱུ་ནོན་པ་བཙལ་བྱེད་ཀྱི་ལག་ཆ་ལྟ་བུ་ཞིག་ཡིན་ལ།
- དེ་རིང་ཚོགས་བརྡ་རྒྱག་ཏུ་འགྲོ་ནའང་གཡང་འབུམ་རྒྱལ་ཙག་ག་འགྲོ་བ་དང་།
- སྐབས་དེར་མི་རྣམས་ལུག་རྫི་དང་ཟོག་རྫི་ན་ཡོད་པས་ཐག་རིང་པོ་ཞིག་ནས་ཀི་བཏབ་ནས།
- སང་ཉིན་ས་གནས་ག་གེ་མོ་ནས་ཚོགས་འདུ་ཞིག་དགོས་ཚུལ་བཤད་མོད་དེའི་ཉི་མ་མི་གསལ་བར།
- སྔོན་ལ་དེར་མ་ཐོན་ན་ལུག་ཤ་གཟན་ཞིག་གི་ཆད་པ་ཡོད་ཞེས་སྐད་ཐོན་པས་བཤད་རྗེས།
- ཉི་མ་དེ་མི་གསལ་བར་ཡང་བསྐྱར་དྲིས་ན་ལན་གསལ་བོར་མི་འདེབས་པར་བྲོས་འགྲོ།
- གལ་ཏེ་ཚོགས་འདུའི་དུས་ཚོད་མ་ཤེས་པར་རྗེས་སུ་ལུས་ཚེ་ཆད་པ་ལ་ལུག་ཤ་ལེན་པ་ཡིན།
- ཡང་མི་གཉིས་ཀྱི་བར་ལ་གྱོད་ཅིག་བཤད་རྒྱུ་ཡོད་ཚེ་ཡང་ཁོ་རང་མངགས་པ་ན།
- དེར་སོང་ནས་དཔེར་ན་མི་དེ་གཉིས་ནི་བཤད་མཁན་ཞིག་མིན་ནའང་སྐྱོན་མེད།
- ང་དེའི་མདུན་ལ་སོང་ནས་ཁོ་ལ་གནས་ཚུལ་དྲིས་ནས་བཤད་རྗེས།
- ཁྱོད་ཀྱིས་ཉུང་ངུ་ཙམ་ལས་མ་བཤད་ཀྱང་།
- ངས་ཁྱོས་ཀྱི་ཚབ་བྱས་ཏེ་ཕ་རོལ་བ་ལ་སྐད་ཆ་མང་པོ་ཞིག་བཤད་ཐུབ།
- འདང་བརྒྱབ་ནས་འདི་འདྲ་བཤད་དགོས་རེད་འདོད་པ་དེ་ཇེ་ཆེར་བཏང་ནས་བཤད་པ།
- ཡང་འདིས་བཤད་པ་དེའང་བཤད་མ་ཤེས་ན་ཇེ་ཆེར་བཏང་སྟེ་ཕ་རོལ་བ་ལ་བཤད།
- གྱོད་ཆེན་པོ་ཞིག་ཁོང་གིས་ཚབ་བྱས་ནས་ཕལ་ཚུར་གཉིས་ལ་ཇེ་ཆེར་བཏང་ནས།
- དེ་ནས་གྱོད་ཆེན་བྱས་ཏེ་གྱོད་ཆེན་གྱིས་བཤད་ནས།
- ཆུད་བཤད་ཀྱི་གཞི་ལུགས་བྱེད་ཀྱིན་ཡོད།
- དེ་མི་ཤོབ་གི་ཟེར་ནས།
- ཧོར་དཔོན་པོ་བོས་ནས།
- བླ་མ་དཔོན་པོ་སོགས་ཚོགས་ནས་བཤད་པས།
- དཔོན་པོའི་སྐལ་དང་བླ་མ་དཔོན་པོའི་སྐལ།
- རང་གི་གཟུ་ས་སོགས་ཀྱི་སྐལ་མང་པོ་ཞིག་ལེན་པ་ཡིན།
- དཔེར་བཞག་ན་མི་ཞིག་གིས་རྟ་རྒན་ཞིག་གཞན་ལ་གཡར་བ་དང་།
- རྟ་རྒན་ཡུན་རིང་ཞིག་ལ་ཞོན་པས་དྲུག་སོགས་ཀྱང་ཕྲ་ཡོད་པས།
- རྟ་རྒན་ཞོན་ནས་དྲུག་ཀྱང་ཕྲ་ཡོད་པ་དེ་བརྩད་ནས་གྱོད་གཞི་རུ་གྱུར།
- གཡང་འབུམ་རྒྱལ་ཙག་ག་ཡོང་ནས་ངའི་རྟ་རྒན་འདི་ལྟར་ཟད་ཡོད་པས།
- རྟ་རྒན་ད་ལོ་ཤེད་འབུད་དཀའ་བས་གསོ་སྤྱད་ཅིག་བྱིན་ཅེས་པ་ན།
- ང་ལ་གསོ་སྤྱད་མི་སྟེར་བས་ཁྱོད་ཀྱིས་ང་ལ་གསོ་སྤྱད་ཅིག་ལོངས་ཤིག་ཅེས་བཤད་པ་ན།
- དེ་ལ་སོང་ནས་ཁོས་བཤད་པ་དེ་ཇེ་ཆེར་བཏང་ནས།
- ངའི་རྟ་སྐྱ་རེས་སྔོ་རེས་ཆུ་རྡོ་འདྲ་འདྲ།
- རྫ་རི་གངས་རིར་མི་ཐོག་ནོ།
- གངས་རིར་རྨུག་རྗེ་མི་འབབ་ནོ།
- བྲག་རིམ་བརྒྱུད་ན་གླག་འཛིན་ནོ།
- ཆུ་རིམ་བརྒྱུད་ན་ཉ་འཛིན་ནོ།
- ཨ་གྱུར་ཁ་གྱུར་ཕུད་ནས་ཨོ་སོག་གཏོལ་ནས།
- ཁྱོད་ཀྱིས་ཨོང་ཤའི་རས་གཟས་སྒ་གཏོལ་ནས།
- རྩི་གུ་ཁྲབ་ལྟར་བཏང་།
- རྔ་མ་འབུག་ལྟར་བཏང་ནོ་དེ་ང་རང་ཕྱག་ཐབས་མེད་ཞེས་ཇེ་ཆེར་བཏང་ཞིག་ཡིན།