Skip to main content Skip to search
26 Apr 2019
4 min 4 sec
Ariana Maki
Video Overview
Creators: 
Dradul Dorjay

This song describes the situation of both spoken and written Tibetan langauge as well as expressing love for its culture.  

གཞས་འདི་ལས་བོད་པའི་སྐད་དང་ཡི་གེ་ཁོར་ཡུག་བཅས་ཀྱི་མཚོན་པའི་རིག་གནས་སྤྱིའི་དུངས་པ་བརྗོད་ཡོད།

这首歌表达了对藏语文的环境, 以及藏族文化的爱慕。

གཞས་ཚིག་གི་ཚན་པ་རེ་རེ་ནི། བོད་པའི་མི་ཡིས་ང་ལ་ལུས་རྟེན་བསྩལ།། བོད་པའི་མི་ཡིས་ང་ཡི་གླུ་སྐད་ཕྱེས།། བོད་ཀྱི་རི་ཆུས་ང་ལ་སྙིང་སྟོབས་གནང་།། ང་རང་བོད་ཅིག་ཡིན་པས་གཟི་བརྗིད་ཡོད།། བོད་ཀྱི་མེས་པོས་ང་ལ་གཏམ་རྒྱུད་གླེང་།། བོད་ཀྱི་གངས་རིས་ང་ཡི་ལྷག་བསམ་མཚོན།། བོད་ཀྱི་གནམ་སས་ང་ཡི་བློ་རྒྱ་བསྐྱེད།། ང་ནི་བོད་ཅིག་ཡིན་པས་གཟི་བརྗིད་ཡོད།། ཡི་གེ་དྲུག་མའི་བྱིན་རླབས་ལུས་ལ་ཞུགས།། ཀ་ཁ་ག་ངའི་དབྱངས་རྟ་རུས་ལ་ཟུག ། ང་ནི་གངས་ཅན་པ་ཡི་རེ་བ་ཡིན།། བོད་པའི་མི་ཡིས་ང་ལ་ལུས་རྟེན་བསྩལ།། བོད་པའི་མི་ཡིས་ང་ཡི་གླུ་སྐད་ཕྱེས།། བོད་ཀྱི་རི་ཆུས་ང་ལ་སྙིང་སྟོབས་གནང་།། ང་རང་བོད་ཅིག་ཡིན་པས་གཟི་བརྗིད་ཡོད།། བོད་ཀྱི་ཕུ་ནུས་ང་ལ་བརྩེ་བ་བྱིན།། བོད་ཀྱི་འཚོ་བས་ང་ཡི་གཤིས་རྒྱུད་མཚོན།། བོད་ཀྱི་ཡི་གེས་ང་ཡི་བློ་སྒོ་ཕྱེས།། ང་རང་བོད་ཅིག་ཡིན་པས་གཟི་བརྗིད་ཡོད།། 

歌词:藏地人们赐我肉身,藏地人们懂我歌声,藏地山河赐我精神,我是藏人,我光荣;藏人祖先赐我故事,藏地雪山是我善心,藏地天地赐我心胸,我是藏人,我光荣;六字真言加持我身,三十字母深入骨髓,我是雪域藏人希望,藏地人们赐我肉身,藏地人们懂我歌声,藏地山河赐我精神,我是藏人,我有光荣;藏地兄弟赐我关爱,藏人生活是我习性,藏族文化开我心智,我是藏人,我有光荣。