Video Overview
Küntar from Gartsé village in Repgong tells the story of how one king lost his kingdom to another over a bet about an honest groom.
འདིར་རྒྱལ་བོ་ཞིག་གི་རྟ་རྫིས་རྫུན་མི་ལབ་པ་དེ་རྒྱལ་པོ་གཞན་ཞིག་དང་རྒྱལ་བཞག་ནས་མཐར་རྒྱལ་སའང་ཤོར་སོང་བའི་གཏམ་རྒྱུད་བརྗོད་ཡོད།
བརྙན་འདིར་རྒྱལ་པོའི་རྫུན་མི་ལབ་པའི་རྟ་རྫི་ཞིག་གི་གཏམ་རྒྱུད་བརྗོད་ཡོད་ལ། རེ་ཞིག་ས་ཆ་གཞན་ཞིག་གི་རྒྱལ་བོ་དང་མཛོམས་པའི་སྐབས་རྒྱལ་བོ་དེས་ཁོ་ལ་ཁྱོད་ལ་གཞན་དང་མི་འདྲ་བའི་ནོར་བུ་ཅི་ཞིག་ཡོད་ཞེས་དྲིས་པ་ན། རྒྱལ་བོས་ང་ལ་རྫུན་མི་སྨྲ་བའི་རྟ་རྫི་ཞིག་དང་རྟ་རྐྱང་ཞིག་ཡོད་ཟེར་ནས། རྒྱལ་བོ་གཞན་པ་དེས་འཇིག་རྟེན་ན་རྫུན་མི་སྨྲ་བའི་མི་ཞིག་ཡོད་མི་སྲིད་ཟེར་ནས། ཁོང་གཉིས་ཀྱིས་རང་རང་གི་རྒྱལ་ས་དཔངས་ལ་བཞག་ནས་རྒྱལ་འཇོག་བྱས། དེ་ནས་ས་ཆ་གཞན་གྱི་རྒྱལ་བོས་ཐབས་བཀོད་འཐེན་ནས་རང་གི་བཙུན་མོ་དེ་རྟ་རྫི་ཚང་ལ་འགྲོ་རུ་བཅུག་ནས་ནད་ཞིག་ཡོད་ཁུལ་བྱས་ཏེ། ངེས་པར་ཏུ་རྟ་རྐྱང་དེའི་སྙིང་དགོས་ཟེར་ནས་རྟ་རྫིས་མོ་ལ་བྱིན། དེ་ནས་རྒྱལ་བོས་ཁོ་རང་བོས་ནས་རྟ་རྐྱང་བདེ་མོ་ཡིན་ནམ་ཞེས་དྲིས་པས་རྟ་རྫིས་དྲང་མོར་བཤད་པས།རྒྱལ་པོ་གཞན་པ་དེ་ཕམ་ནས་རྒྱལ་ས་དང་རྒྱུ་ནོར་ཁོ་ལ་སྤྲད་པའོ།
这段故事讲了一位国王的马夫从来都不会骗人,另外一位国王却不信,为了打赌把王位都丢了的故事。
这段视频讲述了一位国王有一匹很了不起的马和一个从来不会说谎的马夫。有一次跟另外一位国王聊天时问到有什么非凡的宝贝时,国王说有一匹马和忠诚的马夫。另一位国王说这世上不可能有不说谎的人,然后他们就打赌。那位国王让自己妃子去找马夫,然后就开始装病要了那匹马的心脏。等回宫后马夫如实地把事情的经过告诉了国王。愿赌服输,那位国王把之前说好的一切都给了他。
- སྡེ་བ་གོང་ཞོལ་གཉིས་ཡོད།
- སྡེ་བ་ཞོལ་མ་ཚང་གི་རྟ་རྫི་ཞིག་ཡོད།
- དེ་རྫུན་མི་གཏམ་པའི་མི་དྲང་མོ་ཞིག་ཡིན་པའི་བཤད་ཚུལ་ཡོད།
- ཉིན་ཞིག་ལ་ཁོ་རྟ་རྫི་ལ་སོང་།
- རྟ་རྫི་ལ་སོང་དུས་སྡེ་བ་གོང་མའི་དཔོན་པོ་དེ་ཡོང་ནས།
- ཞོལ་མ་ལ་ཁ་བརྡ་བྱས་ནས་ཁྱེད་ཚང་ལ་ནོར་བུ་ཅི་ཞིག་ཡོད།
- ཁོ་གཉིས་ཀྱིས་ནོར་བུ་ཁ་བརྡ་བྱས་ནས།
- ཁོ་ལ་རིན་པོ་ཆེ་རྟ་རྐྱང་རྐྱང་ཡག་པོ་ཞིག་ཡོད།
- དེ་ནས་རྫུན་མི་བཤད་པའི་མི་ཞིག་ཡོད།
- དེ་ཁོའི་ནོར་བུ་ཡིན་ཟེར།
- ཁྱོད་རྟ་ལེགས་པོ་ཞིག་ཡོད་པ་བདེན་རྒྱུ་རེད།
- མི་རྫུན་མི་བཤད་པའི་མི་ཞིག་ཡོད་ཟེར་ན་བདེན་རྒྱུ་མ་རེད་ཟེར།
- གཉིས་ཀྱིས་རྒྱལ་འཇོག་རྒྱུ་ཟེར་ནས་རྒྱལ་བཞག
- རྒྱལ་བཞག་ནས་སྡེ་བ་གོང་མའི་དཔོན་པོ་དེས།
- རྟ་རྫི་དེའི་ཉམས་ཚོད་ལེན་གི་ཁོ་ཡི་བུད་མེད་འགྲོ་རུ་བཅུག
- རྟ་རྫི་ཡོད་ས་དེར་སོང་ནས།
- དེ་ནས་དགོང་མ་གཅིག་གཉིས་རེ་བསྡད་ནས།
- དེ་ནས་ན་ཚུལ་བསྟན་ནས་མ་སོང་བར་ཉིན་འགའ་ལ་བསྡད།
- དེ་ནས་ཁྱོད་སོང་ཟེར་ན་ཡང་མ་སོང་བར་བསྡད།
- ཉིན་ཞིག་མོར་ན་ནས་ཤི་རྒྱུ་རེད་ཟེར་ནས།
- ཉེན་ཁ་ཆེན་པོར་འཕྲད་ནས།
- དེ་ནས་ཁོ་ཐབས་ཟད་ནས་ཁྱོད་ཅི་ཞིག་བཟང་བ་རེད་ཟེར།
- དེ་ལྟར་དྲིས་པས་རྟ་རྐྱང་རྐྱང་ལེགས་པོ་དེའི་སྙིང་ཡོད་རྒྱུ་ན་བཟང་རྒྱུ་རེད།
- དེ་མིན་ན་ཕུང་བོ་འདི་བཅོས་ཐབས་མེད་གི་ཟེར།
- དེ་ཟེར་ནས་བཀོལ་པ་མེད་པས།
- ཁོ་ཡིས་རྟ་དེ་བསོད་རྩིས་བྱས་ནས་རྟ་ཡི་འདབས་ལ་སོང་དུས།
- རྟ་དེའི་ཁ་གྲགས་ནས་ཁོ་བསད་ན་སྐྱོན་མེད་ཟེར།
- ཁོའི་རྟ་རྒྱུད་ཞིག་ཁྱོད་ལ་འཇོག་ཟེར་ནས།
- ཁོ་ལ་ཐབས་མེད་དེ་རྟ་དེ་བསད་པ་རེད།
- རྟ་དེ་བཤས་ནས་ཤ་ཟོས་རྗེས་བུད་སོང་།
- དེ་ནས་དཔོན་པོ་ཡོད་སར་སོང་ནས།
- རྟ་དེ་བསད་པ་ཡིན་ཟེར་ནས་རྒྱུ་མཚན་བཤད།
- དེ་ནས་རྟ་རྫི་དེ་ཕྱིར་བོས།
- བོས་ནས་དཔོན་པོའི་ཡུལ་ལ་ཤོག་ཟེར།
- ཁོ་ཡིས་ཆུ་ཕྱིང་བསྡམས་ནས་འཁུར་ཏེ།
- རྐང་ཐང་ལ་སོང་ཏེ་ལམ་ཞིག་ནས།
- དཔོན་པོ་ལ་ཅི་ཞིག་བཤད་འདོད་ནས་བསམ་བློ་བཏང་ནས་ཡོང་།
- ཆུ་ཕྱིང་དེ་དཔོན་པོ་ཡིན་ཚུལ་བཅོས་ནས་ལངས་ནས་འདུག་རུ་བཅུག
- དེར་ཁ་བརྡ་བྱས་ནས་ཁྱོད་ཐོན་པ་ཡིན་ནམ།
- ཐོན་པ་ཡིན་ཟེར།
- དཔོན་པོ་བདེ་མོ་ཡིན་ནམ་བདེ་མོ་ཡིན་ཟེར།
- ཁྱོད་བདེ་མོ་ཡིན་ནམ་བདེ་མོ་ཡིན།
- རྟ་ཅི་འདྲ་རེད་རྟ་རྐྱང་རྐྱང་ཅི་འདྲ་རེད་ཟེར་ནས།
- རྟ་རྐྱང་རྐྱང་འཚམས་པོ་བདེ་མོ་རེད་ཟེར་དུས།
- ཆུ་ཕྱིང་དེ་ལོག་པ་རེད།
- རྫུན་དེ་བཤད་ན་མི་འགྲིག་པ་རེད།
- ལངས་གི་བཅུག་ནས་ཡང་བསྐྱར་ཁྱོད་ཐོན་ཐལ་ཟེར་ནས།
- ཡང་བསྐྱར་བཤད་པའི་ཆུ་ཕྱིང་དེ་མ་ལོག་པ་རེད།
- རྫུན་མི་བཤད་པར་དྲང་མོར་བཤད་དགོས་བསམ།
- ཡར་ལ་སོང་ནས་སྡེ་བ་གོང་མའི་དཔོན་པོ་དང་གཉིས་ཀ་ཡོད་པ་རེད།
- ཡོད་ས་ནས་དེ་ལྟར་དྲིས་པ་རེད།
- རྟ་འཚམས་པོ་ཡིན་ནམ་རྟ་རྐྱང་རྐྱང་འཚམས་པོ་ཡིན་ནམ་ཟེར་དུས།
- རྟ་རྐྱང་རྐྱང་མི་འཚམས་པ་རེད།
- ཅི་ཞིག་ལ་མི་འཚམས་ཟེར་དུས།
- ཇི་མ་ཇི་བཞིན་རྫུན་གཅིག་ཀྱང་མ་གཏམ་པར་བཤད།
- བཤད་པས་དཔོན་པོ་དེའི་ཁོ་ཡིས་གདོང་ལ་བལྟས་ནས།
- བགད་པས་ཅི་འདྲ་རེད་ཟེར།
- ཁོ་ཡང་ཡ་མཚར་ནས་འདི་འདྲའི་རྫུན་མི་གཏམ་པ་ཞིག་ཡོད་རྒྱུ་མ་རེད་ཟེར།
- ཁོ་ཚང་གིས་རྒྱུ་ཚབ་ལ་བྱིན་ནས།
- དཔོན་པོ་དེ་ལ་གོང་མ་ཡིས་རྒྱབ་གོས་བླངས་བ་དེ་ཁོ་ལ་བྱིན་ནས།
- ཁོ་ཡང་ཁྱིམ་ཚང་བཅོས་ནས་བློན་པོ་བྱས་ནས་བསྡད།
- རྫུན་མ་བཤད་པ་བཟང་བ་དེ་འདྲ་ཞིག་རེད།