06 Jan 2016
1 min 42 sec
Video Overview
Creators:
Tibetan & Himalayan Library, 叶旦才让, 才旦加
This is a video of Wangchen Tso from Dola, Amdo singing a song called "This Home Is the Abode of Gods." This song is part of a collection of folk songs from the Rebgong cultural area.
འདི་ནི་བསྟོད་གླུ་ཞིག་ཡིན། སྟོན་མོ་གང་རུང་བྱེད་པའི་སྐབས་སུ་སྟོན་མོ་བྱེད་སའི་ཁྱིམ་དང་ཆང་ཁྱིམ་མི་སོགས་ལ་བསྟོད་པའི་གླུ་ཞིག་ཡིན།
གླུ་འདིའི་ནང་དོན་གཙོ་བོ་ནི་གླུ་ལེན་སའི་ཁྱིམ་འདི་ནི་ལྷའི་ཁྱིམ་དང་འདྲ་བ། བཏུང་བྱའི་ཆང་ནི་ལྷའི་སིལ་ཏོག་དང་འདྲ་བ། འཐུང་མཁན་གྱི་མི་དག་ནི་ལྷ་དང་འདྲ་བར་བསྟོད་པའི་གླུ་ཞིག་ཡིན།
- ༼ཡེ་་་་ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
- ཁྱིམ་འདི་ནི་ལྷ་ཁྱིམ་གུར་ཁྱིམ་རེད།། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
- ལྷ་གུར་ཁང་འདྲ་བའི་གླུ་ཞིག་ལེན།། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
- ཆང་འདི་ནི་བདུད་རྩི་བསིལ་མ་རེད།། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
- ལྷ་སིལ་ཏོག་འདྲ་བའི་གླུ་ཞིག་ལེན།། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
- མི་འདི་ནི་ལྷ་མི་དཔའ་མི་རེད།། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
- ལྷ་དཔའ་མཁར་འདྲ་བའི་གླུ་ལེན།། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽
- གླུ་ཤེས་ནི་མིན་ར་དགའ་ནི་ཡིན།། ༼ལ་ལ་མོས་ལོ་ངས་གླུ་ཞིག་ལེན་གོ༽