Skip to main content Skip to search
05 Jul 2018
35 min 31 sec
Video Overview
Creators: 
Norzin Lhamo, Rinchen Dorji

Bhutan has four different zhey, which are songs performed by men. Ugyenla says that Nubi Zhey, the folk song from Bji, was composed, choreographed and performed by creative senior citizens of Bji village during the 17th century. The song has been passed down from the zheypoens (dance leaders) such as Tshering Drugyel, Peljor La, Tobgyal La, and Sonam La. The present leader is Ugyen La. This zhey was performed during Trongsa Tshechu, but once it stopped appearing in the programme, the dance became endangered. Now the district is working to revive it again to include in the festival. Before the song was performed by the men of Bji and Sengbji villages during village festivals.

༉  གཞས་ཟེར་ ང་བཅས་ར་འབྲུག་རྒྱལ་ཁབ་ནང་ ཡོངས་གྲགས་ཅན་གྱི་གཞས་ ལྷམ་པ་མ་འདྲཝ་བཞི་དེ་ཅིག་ཡོདཔ་ཨིན། དེ་ཡང་ ཀྲོང་གསར་ནུབ་སྦིས་གཞས་དང་མགར་སའི་དགོན་གཞས། དེ་ལས་ ཐིམ་ཕུ་གི་ཝང་གཞས་དང་སྤ་རོ་འོ་ཆུ་པའི་གཞས་ཚུ་ཨིན། གཞས་དེ་ཚུ་རྐྱངམ་ཅིག་ཨིན་ན་ཟེར་བ་ཅིན་ ད་རུང་ ཡོངས་གྲགས་གནམ་མེད་ས་མེད་ མེད་པའི་གཞས་རྟ་ལོག་གི་གཞས་དང་དཀར་སྦིས་གཞས་ལ་སོགས་པ་ཚུ་ཡོདཔ་ཨིན་པས། དེའི་ནང་ལས་ ད་ལྟོ་ཀྲོང་གསར་རྫོང་ཁག་ནུབ་སྦིས་རྒེད་འོག་ལས་ཨོ་རྒྱན་ལ་གིས་ ནུབ་སྦིས་གཞས་འདི་འཐེནམ་ཨིན་པས། ཁོ་གིས་སླབ་མི་ནང་ ནུབ་སྦིས་གཞས་འདི་ ཞབས་དྲུང་ཞལ་བཞུགས་པའི་སྐབས་ལས་ར་ སྦྱིའི་གཡུས་ཚན་ལས་མི་རྒན་ཤོས་ཅིག་གིས་ གཞས་ཀྱི་ལེའུ་རིངམོ་སྦེ་བརྩམས་གནང་གནངམ་མ་ཚད་ འགོ་དང་པ་ དེ་བསྒང་འཁྲབ་གནང་གནངམ་ཨིན་པས། འ་ནཱི་གཞས་འདི་ གཞས་དཔོན་ཚེ་རིང་འབྲུག་རྒྱལ་དང་དཔལ་འབྱོར་ལ། སྟོབས་རྒྱས་ལ་དང་བསོད་རྣམས་ལ་ཚུ་ལས་ ད་ལྟོ་ཡོད་པའི་གཞས་དཔོན་ ཨྱོན་ལ་ཚུན་བརྒྱུད་དེ་འོང་འོངམ་ཨིན་པས། ཧེ་མ་ ཀྲོང་གསར་ཚེས་བཅུའི་སྐབས་ གཞས་འདི་འཁྲབ་ནི་ཡོདཔ་ཨིན་རུང་ བར་ན་ཁམས་ཅིག་ལས་མཚམས་འཇོག་འབད་དེ་བཞག་དཔ་ལས་ ནུབ་སྦིས་གཞས་འདི་ ཧ་ལམ་ཉམས་ནི་གུ་ལྷོད་ནུག ཨིན་རུང་ གཞས་འདི་ ཁག་ཆེ་བའི་ལམ་སྲོལ་ཅིག་ཨིནམ་གོ་རྟོགས་བྱུང་ཞིནམ་ལས་ཚུར་ ཀྲོང་གསར་རྫོང་ཁག་གིས་ གཞས་འདི་ ད་རེས་ནངས་པར་ ཀྲོང་གསར་ཚེས་བཅུའི་སྐབས་ ལོག་རྐྱབ་དོ་ཡོདཔ་ཨིན་མས། ཧེ་མ་འབད་བ་ཅིན་ གཡུས་ཚན་ནང་ ལྷ་བོན་ཆོ་ག་དང་ཀྲོང་གསར་ཚེས་བཅུ་ དེ་ལས་ རྫོང་ནང་ལུ་གལ་ཆེ་བའི་དགའ་སྟོན་གྱི་སྐབས་ལུ་ སྦྱིས་དང་སེང་སྦྱིས་ཀྱི་ཕོ་སྐྱེས་ཚུ་གིས་རྐྱབ་སྲོལ་ཡོདཔ་ཨིན་མས། འ་ནཱི་ནུབ་སྦིས་གཞས་འདི་ སྐྱེས་བོ་དམ་པ་ཚུ་ལུ་གུས་བཏུད་ཕུལ་བའི་བརྡ་མཚོན་ཨིན་མས།

Transcript search
No results found for this search
0 of 0
  • ཨོ་རྒྱན་ལ་/ Ugyen La
    ཡ་ཡ། ཨོ་མོ་ལྷ་ས་མ་ཎི་པདྨེ་ཆོས་ལ་ཧཱུཾ་ཧྲཱི། །པདྨེ་ཧཱུཾ།
  • ཨོ་རྒྱན་ལ་/ Ugyen La
    ཡ་ཡ། ཕ་བླ་མ་རྣམས་ལ་ཕྱག་འཚལ་ལོ། །མ་མཁའ་འགྲོ་རྣམས་ལ་གསོལ་བ་འདེབས། །གསུང་མཆོད་པ་འབུལ་ལོ་དཀོན་མཆོག་གསུམ། །ཐུགས་དགྱེས་པར་མཛོད་ཅིག་ཡི་དམ་ལྷ། །སྙན་ལེགས་པར་གསོན་ཅིག་རྒྱལ་བའི་ཚོགས། །རྒྱལ་བའི་སྐུ་གསུང་ཐུགས་རྣམས་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་ཡ། གནས་འོག་མིན་ཆོས་ཀྱི་ཕོ་བྲང་ན། །ཆོས་སྐུ་རྡོ་རྗེ་འཆང་ཆེན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་ཡ། [ཤར་ཟ་ཧོར་ནོར་བུའི་?]དགོན་པ་ལུ། །ཏི་ལི་ཤེས་རབ་བཟང་པོ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་ཡ། ལྷོ་བྲོ་བོ་ལུང་གི་དགོན་པ་ལུ། །སྒྲ་སྒྱུར་མར་པའི་ལོ་ཙཱ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་ཡ། ནུབ་ལ་གི་གངས་པའི་(ལ་ཕྱི་གངས་ཀྱི་)ར་བ་ལུ། །དབང་ཆེན་(ཕྱུག་)མི་ལ་རས་པ་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་ཡ། བྱང་[བོད་ཁ་ཡར་གྱི་?]དགོན་པ་ལུ། །མཁས་པ་ན་རོ་པཎ་ཆེན་ལ་ཕྱག་འཚལ་ལོ། །ཕྱག་འཚལ་ལོ། །
  • ཨོ་རྒྱན་ལ་/ Ugyen La
    དགུང་དབྱིངས་ལས་སྤུབས་པའི་དགུང་དབྱིངས་ཀྱི་སྟེང་ཟེར་ནས་ཡ། །ནམ་དབྱིཀས་ལ་(ནམ་མཁས་ཁྱབ་པ་)བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །ནམ་དབྱིངས་ལ་(ནམ་མཁས་ཁྱབ་པ་)བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །
  • ཨོ་རྒྱན་ལ་/ Ugyen La
    འོག་ལས་ཐིང་པའི་ས་གཞི་ནི་ཐིང་ཟེར་ནས་ཡ། །འདི་ནི་ཁྲི་ལ་བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །འདི་ནི་ཁྲི་ལ་བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །
  • ཨོ་རྒྱན་ལ་/ Ugyen La
    ཤར་ལས་ཤར་བའི་ཁྲི་གདུགས་ནི་ཉི་ཟེར་ནས་ཡ། །ཉི་ཟེར་ཁྱབ་ལ་བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །ཉི་ཟེར་ཁྱབ་ལ་བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །
  • ཨོ་རྒྱན་ལ་/ Ugyen La
    རྒྱབ་ལས་ལོང་པའི་རི་བོ་རྒྱལ་ཏི་སི་ནས་ཡ། །རི་བོ་རྒྱལ་རྩེ་ལྔ་བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །རི་བོ་རྒྱལ་རྩེ་ལྔ་བཞིན་དུ་བླ་མ་ལ་མཆོད་པ་ཅིག་ཕུལ་ཟེར་ནས་ཡ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་ཤར་ལས་ཁྲི་གདུགས་ནམ་ཡང་ཤར། །ཡ་དུས་ནམ་ཡང་ཤར་བའི་འཁྲི་གདུགས་ཝ། །ཡ་ད་རེས་ཤར་བའི་ཁྲི་གདུགས་ལུས་དྲོ་བས། །ཡ་ནུབ་ལས་ཞོ་ཤེལ་ནམ་ཡང་ཚེས། །ཡ་དུས་ནམ་ཡང་ཚེས་པའི་ཞོ་ཤེལ་ཝ། །ཡ་ད་རེས་ཚེས་པའི་ཞོ་ཤེལ་མདངས་མཚར་བས། །
  • ཨོ་རྒྱན་ལ་/ Ugyen La
    ཡ་ནཱ་བྱང་ལས་མཚན་ལྡན་ནམ་ཡང་འབྱོན། །ཡ་དུས་ནམ་ཡང་འབྱོན་པའི་མཚན་ལྡན་ཝ། །ཡ་ད་རེས་འབྱོན་པའི་མཚན་ལྡན་བྱིན་རླབས་ཆེ། །ཡ་ནཱ་ཁྲོམ་མི་མང་པོ་ནམ་ཡང་འཛོམས། །ཡ་དུས་ནམ་ཡང་འཛོམས་པའི་ཁྲོམ་མི་ཝ། །ཡ་ད་རེས་འཛོམས་པའི་ཁྲོམ་མི་ཉམས་དགའ་བས། །
  • ཨོ་རྒྱན་ལ་/ Ugyen La
    ཡ་[དཀར་སངས་བརྩིས་པའི་?]ཉིན་བཟང་ནང། །[དགའ་དགྲ་བཅོམ་ཕུན་སུམ་ཚོགས་པའི་སྟེང་ཤེད་ན། །ས་བོད་ཀྱི་ཡས་རི་མཚོ་ཁ་ལུ། །?] བྱ་བྱ་སྣ་མང་པོ་འཛོམས་ཏེ་ཡོད། །ལུས་མདོག་དཀར་བསྒྱུར་བའི་ཁུ་བྱུག་ང་། །སྐད་ཧན་པའི་ཁུ་སྐད་མ་འཐེན་རུང་། །
  • ཨོ་རྒྱན་ལ་/ Ugyen La
    གསུང་ཧན་པའི་ཁུངས་ལུ་བཞག་དགོ་པས། །ལོ་དུས་ཅི་གཤོང་ལུང་བཟང་པོ་ལུ། །ད་དཔའ་བཤེས་སྤུན་བཅུ་གླུ་ཕུལ་གེ། །གླུ་གཞས་སྐད་ཀྱི་བག་ཆགས་མ་འཐེན་རུང་། ཡ་ཁྲོམ་མོ་དགྱེས་པའི་གླུ་ཕུལ་གེ། །
  • ཨོ་རྒྱན་ལ་/ Ugyen La
    བྱ་ཁུ་བྱུག་རྒྱ་ལས་ལོག་པོ་(པ་)དང་། །རྒོད་ཐང་དཀར་རྒོད་པོའི་[ཕྱག་ཕུལ་?]གཉིས། །ཐབས་རྟེན་འབྲེལ་ཨིནམ་པ་འགྲིགས་ཆི་ནུག །ལས་སྨོན་ལམ་ཨིན་པ་ཐེབས་ཆི་ནུག །
  • ཨོ་རྒྱན་ལ་/ Ugyen La
    རང་རྟོགས་ལྡན་གནས་སྐོར་འབྱོན་པོ་(པ་)དང་། །བོད་ལྷ་ས་བསམ་ཡས་བཞེངས་པོ་(པ་)གཉིས། །ཐབས་རྟེན་འབྲེལ་ཨིནམ་པ་འགྲིགས་ཆི་ནུག །ལས་སྨོན་ལམ་ཨིནམ་པ་ཐེབས་ཆི་ནུག །
  • ཨོ་རྒྱན་ལ་/ Ugyen La
    ནང་སྣང་ས་རི་ཁྲོད་འགྲིམ་པོ་(པ་)དང་། ཚེས་བཅོ་ལྔའི་ཟླ་བ་ལ་ལས་ཤར། །ཐབས་རྟེན་འབྲེལ་ཨིནམ་པ་འགྲིགས་ཆི་ནུག །ལས་སྨོན་ལམ་ཨིནམ་པ་ཐེབས་ཆི་ནུག །
  • ཨོ་རྒྱན་ལ་/ Ugyen La
    རང་མཚོ་མ་གླུ་གཞས་ཕུལ་བོ་(བ་)དང་། །ཡར་མཚན་ལྡན་ཁྲི་ཁར་བཞུགས་པོ་(པ་)གཉིས། །ཐབས་རྟེན་འབྲེལ་ཨིནམ་པ་འགྲིགས་ཆི་ནུག །ལས་སྨོན་ལམ་ཨིནམ་པ་ཐེབས་ཆི་ནུག །
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་་[མོན་ཚལ་ཁར་སྐྱེས་པའི་སྤ་ཚར་འདུག་གོ་སྨྱུག་མོ་རང་?]། །ཡ་་་་་་རང་སྤ་ཚར་དར་བའི་དུས་ཚོད་ལུ། །[ཆ་གཅིག་གེ་རས་ཕོར་ཅུང་སྒོང་དགོ་ལོ་(ཚར་གཅིག་ག་ར་ཕོར་ཅུང་གང་གང་ལང་)?]། །ཡ་་་་[ཆ་གཅིག་གེ་རས་ཕོར་ཅུང་སྒོང་སྟེ་(ཚར་གཅིག་ག་ར་ཕོར་ཅུང་གང་སྟེ་)གིས?]། །ད་སུ་དང་སུ་ཡི་ཕྱག་སུ་(ལ་)ཕུལ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་[ཆ་གཅིག་གེ་རས་ཕོར་ཅུ་སྒོང་སྟེ་(ཚར་གཅིག་ག་ར་ཕོར་ཅུང་གང་སྟེ་)?]གིས། །ད་ཚོ་མ་སྒར་པའི་ཕྱག་ལུ་ཕུལ། །ཡ་་་་་་ཡང་ཅིན་ཚོ་མ་སྒར་པ་གིས། །[ཕན་ཚུན་བགེགས་དགྲ་བཏུལ་རུང་མི་ཚུགས་གུ་རང་མས། །?]
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་རང་སྤ་ཚར་ཧོན་པའི་དུས་ཚོད་ལུ། །ཡ་་་་་་[ཆ་གཅིག་བལ་ཁུག་ཁྲ་ཅུང་སྒོང་དགོ་ལོ་(ཚར་གཅིག་བལ་ཁུག་ཁྲ་ཅུང་གང་གང་ལང་)?]། །ཡ་་་་་་་[ཆ་གཅིག་བལ་ཁུག་ཁྲ་ཅུ་སྒོང་སྟེ་(ཚར་གཅིག་བལ་ཁུག་ཁྲ་ཅུང་གང་སྟེ་)?]གིས། །ད་སུ་དང་སུ་ཡི་ཕྱག་སུ་(ལ་)ཕུལ། །
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་་[ཆ་གཅིག་(ཚར་གཅིག་)བལ་ཁུག་ཁྲ་ཅུང་?]འཐགས་ཏེ་གིས། །ད་སྨན་ཆུང་ཟ་མོའི་ལག་ཏུ་སྤྲོད། །ཡ་་་་་་་ཡང་ཅིན་སྨན་ཆུང་བུ་མོ་གིས། །[བལ་དང་སྣམ་པ་(བུ་)བྱུ་རུ་མི་བཙུགས་གུ་རང་མས། །?]
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་་གནས་དགུང་སྟོད་ཆོས་ཀྱི་ཕོ་བྲང་ནང་། ད་ཁྲི་གདུགས་བཟུམ་ཅིག་གཡང་འཆམ་དོ། །ད་རེས་འཆམ་ཤོག་འཆམ་ཤོག་ངེད་ཁྲི་གདུགས། །དགྲ་གཟའ་འཛིན་མེད་པའི་དགའ་ཚོར་ཡོད། །དགྲ་གཟའ་འཛིན་མེད་པའི་སྐྱིད་ཚོར་ཡོད། །
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་་གནས་གངས་སྟོད་ཆོས་ཀྱི་ཕོ་བྲང་ནང་། ད་དར་སེང་བཟུམ་ཅིག་གཡང་འཆམ་དོ། །ད་རེས་འཆམ་ཤོག་འཆམ་ཤོག་ངེད་དར་སེང། །དགྲ་བུ་ཡུག་མེད་པའི་དགའ་ཚོར་ཡོད། །དགྲ་བུ་ཡུག་མེད་པའི་སྐྱིད་ཚོར་ཡོད། །
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་གནས་སྤང་སྟོད་ཆོས་ཀྱི་ཕོ་བྲང་ནང་། །ངེད་ཤཝ་རྒས་བཟུམ་ཅིག་གཡང་འཆམ་དོ། །ད་རེས་འཆམ་ཤོག་འཆམ་ཤོག་ངེད་ཤཝ་རྒས། །དགྲ་ཤ་ཁྱི་མེད་པའི་དགའ་ཚོར་ཡོད། །དགྲ་ཤ་ཁྱི་མེད་པའི་སྐྱིད་ཚོར་ཡོད། །
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་གནས་མཚོ་སྟོད་ཆོས་ཀྱི་ཕོ་བྲང་ནང་། །ངེད་གསེར་མིག་བཟུམ་ཅིག་གཡང་འཆམ་དོ། །ད་རེས་འཆམ་ཤོག་འཆམ་ཤོག་ངེད་གསེར་མིག །དགྲ་སྲམ་ཅུང་མེད་པའི་དགའ་ཚོར་ཡོད། །དགྲ་སྲམ་ཅུང་མེད་པའི་སྐྱིད་ཚོར་ཡོད།།
  • ཨོ་རྒྱན་ལ་/ Ugyen La
    ཡ་་་་་་ད་ལེགས་སོ་ལེགས་ཡ། [གཞས་ལ་རྒྱན་དེ་ལང་པ་མེད། །ཚིག་གི་ཡང་དག་འབྲས་བུ་ཡོད། །?]
  • ཨོ་རྒྱན་ལ་/ Ugyen La
    བརྟན་པ་ཡོང་ཡོང་གང་ནས་ཡོང་། །བརྟན་པ་ཡོང་ཡོང་ཤར་ནས་ཡོང་། །ཤར་ལ་གསེར་གྱི་མཆོད་རྟེན་བཞེངས། །དད་པ་ཅན་གྱིས་བསྐོར་ར་རྐྱབ། །མོས་གུས་ཅན་གྱིས་ཞུ་ཕྱག་འཚལ། །
  • ཨོ་རྒྱན་ལ་/ Ugyen La
    ས་ལ་ཆགས་ཆགས་ལན་གསུམ་ཆགས། །ཆགས་པའི་ཤུལ་ལུ་གཞན་མ་ཆགས། །གནམ་ལ་འཕུར་འཕུར་ལན་གསུམ་འཕུར། །འཕུར་བའི་ཤུལ་ལུ་[དྲོད་མ་ཉམས?]། །རང་བྱུང་ཁརྶ་པ་ནི་མཇལ། །[ཡི་གུ་སྒྲོལ་མོ་རྒྱ་མཚོ་དེར། །ཅི་དར་ལེགས་སོ?]། །གཡས་བསྐོར་རྐྱབ་ན་སངས་རྒྱས། །གཡོན་བསྐོར་རྐྱབ་ན་སྒྲིབ་པ་དག །
  • ཨོ་རྒྱན་ལ་/ Ugyen La
    བརྟན་པ་ཡོང་ཡོང་གང་ནས་ཡོང་། །བརྟན་པ་ཡོང་ཡོང་ལྷོ་ནས་ཡོང་། །ལྷོ་ལ་དངུལ་གྱི་མཆོད་རྟེན་བཞེངས། །དད་པ་ཅན་གྱིས་བསྐོར་ར་རྐྱབ། །མོས་གུས་ཅན་གྱིས་ཞུ་ཕྱག་འཚལ། །
  • ཨོ་རྒྱན་ལ་/ Ugyen La
    ས་ལ་ཆགས་ཆགས་ལན་གསུམ་ཆགས། །ཆགས་པའི་ཤུལ་ལུ་གཞན་མ་ཆགས། །གནམ་ལ་འཕུར་འཕུར་ལན་གསུམ་འཕུར། །འཕུར་བའི་ཤུལ་ལུ་[དྲོད་མ་ཡལ?]། །རང་བྱུང་ཁརྶ་པ་ནི་མཇལ། །[ཡི་གུ་སྒྲོལ་མོ་རྒྱ་མཚོ་དེར། །ཅི་དར་ལེགས་སོ?]། །གཡས་བསྐོར་རྐྱབ་ན་སངས་རྒྱས། །གཡོན་བསྐོར་རྐྱབ་ན་སྒྲིབ་པ་དག །
  • ཨོ་རྒྱན་ལ་/ Ugyen La
    བརྟན་པ་ཡོང་ཡོང་གང་ནས་ཡོང་། །བརྟན་པ་ཡོང་ཡོང་ནུབ་ནས་ཡོང་། །ནུབ་ལ་གཡུ་ཡི་མཆོད་རྟེན་བཞེངས། །དད་པ་ཅན་གྱིས་བསྐོར་ར་རྐྱབ། །མོས་གུས་ཅན་གྱིས་ཞུ་ཕྱག་འཚལ། །
  • ཨོ་རྒྱན་ལ་/ Ugyen La
    ས་ལ་ཆགས་ཆགས་ལན་གསུམ་ཆགས། །ཆགས་པའི་ཤུལ་ལུ་གཞན་མ་ཆགས། །གནམ་ལ་འཕུར་འཕུར་ལན་གསུམ་འཕུར། །འཕུར་བའི་ཤུལ་ལུ་[དྲོད་མ་ཡལ?]། །རང་བྱུང་ཁརྶ་པ་ནི་མཇལ། །ཡི་གུ་སྒྲོལ་མོ་རྒྱ་མཚོ་དེར། །ཅི་དར་ལེགས་སོ། །གཡས་བསྐོར་རྐྱབ་ན་སངས་རྒྱས། །གཡོན་བསྐོར་རྐྱབ་ན་གྲིབ་པ་དག །
  • ཨོ་རྒྱན་ལ་/ Ugyen La
    བརྟན་པ་ཡོང་ཡོང་གང་ནས་ཡོང་། །བརྟན་པ་ཡོང་ཡོང་བྱང་ནས་ཡོང་། །བྱང་ལ་དུང་གི་མཆོད་རྟེན་བཞེངས། །དད་པ་ཅན་གྱིས་བསྐོར་ར་རྐྱབ། །མོས་གུས་ཅན་གྱིས་ཞུ་ཕྱག་འཚལ། །
  • ཨོ་རྒྱན་ལ་/ Ugyen La
    ས་ལ་ཆགས་ཆགས་ལན་གསུམ་ཆགས། །ཆགས་པའི་ཤུལ་ལུ་གཞན་མ་ཆགས། །གནམ་ལ་འཕུར་འཕུར་ལན་གསུམ་འཕུར། །འཕུར་བའི་ཤུལ་ལུ་[དྲོད་མ་ཡལ?]། །རང་འབྱུང་ཁརྶ་ས་པ་ནི་མཇལ། །ཡི་གུ་སྒྲོལ་མོ་རྒྱ་མཚོ་དེར། །ཅི་དར་ལེགས་སོ། །གཡས་བསྐོར་རྐྱབ་ན་སངས་རྒྱས། །གཡོན་བསྐོར་རྐྱབ་ན་སྒྲིབ་པ་དག །
  • ཨོ་རྒྱན་ལ་/ Ugyen La
    བརྟན་པ་ཡོང་ཡོང་གང་ནས་ཡོང་། །བརྟན་པ་ཡོང་ཡོང་དབུས་ནས་ཡོང་། །དབུས་ལ་ཁྱུང་གི་མཆོད་རྟེན་བཞེངས། །དད་པ་ཅན་གྱིས་བསྐོར་ར་རྐྱབ། །མོས་གུས་ཅན་གྱིས་ཞུ་ཕྱག་འཚལ། །
  • ཨོ་རྒྱན་ལ་/ Ugyen La
    ས་ལ་ཆགས་ཆགས་ལན་གསུམ་ཆགས། །ཆགས་པའི་ཤུལ་ལུ་གཞན་མ་ཆགས། །གནམ་ལ་འཕུར་འཕུར་ལན་གསུམ་འཕུར། །འཕུར་བའི་ཤུལ་ལུ་[དྲོད་མ་ཡལ?]། །རང་བྱུང་ཁརྶ་པ་ནི་མཇལ། །ཡི་གུ་སྒྲོལ་མོ་རྒྱ་མཚོ་དེར། །ཅི་དར་ལེགས་སོ། །གཡས་བསྐོར་རྐྱབ་ན་སངས་རྒྱས། །གཡོན་བསྐོར་རྐྱབ་ན་སྒྲིབ་པ་དག །
  • ཨོ་རྒྱན་ལ་/ Ugyen La
    [སྙིང་དུག་?]སྒྲོལ་མ། གཅིག་སྣང་གཉིས་སྣང་གསུམ་སྣང་བ། །གཅིག་སྣང་གཉིས་སྣང་གསུམ་སྣང་བ། །གསུམ་ཟེར་ན་གཡས་པར་མཛེས། །གཡོན་པར་མཛེས། གཡས་གཅིག་བ། གཡོན་གཅིག་བ། གཅིག་པོ་གཅིག། གཉིས་པོ་གཉིས། གཅིག་གཉིས་གསུམ།
  • ཨོ་རྒྱན་ལ་/ Ugyen La
    གཅིག་སྣང་གཉིས་སྣང་གསུམ་སྣང་བ། །གཅིག་སྣང་གཉིས་སྣང་གསུམ་སྣང་བ། །གསུམ་ཟེར་ན་གཡས་པར་མཛེས། །གཡོན་པར་མཛེས། གཡས་གཅིག་བ། གཡོན་གཅིག་བ། གཅིག་པོ་གཅིག གཉིས་པོ་གཉིས། གཅིག་གཉིས་གསུམ།
  • ཨོ་རྒྱན་ལ་/ Ugyen La
    གཅིག་སྣང་གཉིས་སྣང་གསུམ་སྣང་བ། །གཅིག་སྣང་གཉིས་སྣང་གསུམ་སྣང་བ། །གསུམ་ཟེར་ན་གཡས་པར་མཛེས། །གཡོན་པར་མཛེས། གཡས་གཅིག་བ། གཡོན་གཅིག་བ། གཅིག་པོ་གཅིག གཉིས་པོ་གཉིས། གཅིག་གཉིས་གསུམ།